“ང་དང་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ”་ཅེས་པའི་ན་གཞོན་གཏམ་བཤད་བྱེད་སྒོའི་འགྲན་བསྡུར་པེ་ཅིང་དུ་སྤེལ་བ་རེད།
2017-05-04 16:47:00 | རྩོམ་པ་པོ།: ཚེ་རྣམ་གྱིས་བསྒྱུར། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།
  ཟླ་༥པའི་ཚེས༣ཉིན་ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དྲ་རྒྱ་སྤྱི་ཚོགས་ལས་དོན་ཅུས་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་གཉིས་ཀྱིས་མཉམ་དུ་གཙོ་བསྒྲུབས་གནང་ཞིང་། འོད་ཟེར་དྲ་བས་རོགས་སྒྲུབ་གནང་བའི་ང་དང་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཅེས་པའི་ན་གཞོན་གཏམ་བཤད་བྱེད་སྒོ་ཞེས་པ་དེ་པེ་ཅིང་ཅིང་ཏོང་ཅི་ཐོན་དུ་བསྐྱོད་ནས་ཡུལ་དངོས་སུ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གནང་བ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས་པ་རེད།
  “ང་དང་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ”་ཅེས་པའི་ན་གཞོན་གཏམ་བཤད་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བ་དགའ་བའི་ངང་ནས་བསུ་མ་བྱས་ཏེ་ང་ཚོས་ཐུན་མོང་སྒོས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཅིག་བསྐྲུན་པ་ཞེས་པའི་ལྔ་བཞི་གཙོ་དོན་བྱེད་སྒོའི་རིམ་པ་ཁག་ག་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཟླ༣པའི་ཚེས༢༧ཉིན་བྱེད་སྒོ་དངོས་སུ་འགོ་ཚུགས་པ་ནས་བཟུང་། རིམ་པ་བཞིན་གདམས་བསེས་དང་ལེགས་བདམས་ངོ་སྤྲོད་གནང་བ་བརྒྱུད། ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་། ས་གནས་ཀྱི་གསར་འགྱུར་དྲ་ཚིགས། ཚོང་ལས་དྲ་བ། ད་དུང་དམངས་གཉེར་དབྱིན་ཐི་དྲ་བའི་ཁེ་ལས་སོགས་ལས་ཁུངས་༣༢༨ལྷག་གི་གཏམ་བཤད་བརྩམས་ཆོས་༣༦༠ལྷག་འདུས་ཡོད་པ་རེད། སྣ་འཛོམས་ཆེད་མཁས་པའི་དཔྱད་ཞིབ་བསམ་འཆར་དང་དྲ་རྒྱའི་འདེམས་ཤོག་འཕངས་པ་བཅས་ཀྱི་མཇུག་མཐར་གཏམ་བཤད་པ་བཅུ་གཉིས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་ཡོད་པ་རེད། 
  ཐེངས་འདིའི་བྱེད་སྒོའི་ཆེད་མཁས་དཔྱད་ཞིབ་པ་ཆིན་ཧྭ་སློབ་ཆེན་གསར་འགྱུར་དང་དྲིལ་བསྒྲགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ཁྲིན་ཁྲང་ཧྥང་གིས་བསྟན་དོན། ཐེངས་འདིའི་གཏམ་བཤད་བྱེད་སྒོ་ནི་གཅིག་ན་འཚོ་བ་དང་ཐག་ཉེ་ཞིང་། གཉིས་ན་འཚོ་བ་ལས་རྩེར་སོན་ཡོད་པ་ཡིན། ཟུར་ཚད་མང་པོ་ཞིག་གི་ཆ་ནས་རིགས་སྣ་མི་འདྲ་བའི་དབྱིན་ཐི་དྲ་རྒྱའི་ཁེ་ལས་དང་ལས་གནས་མི་གཅིག་པའི་དྲ་རྒྱའི་ལས་རིགས་ཁམས་ཀྱི་གཞོན་ནུ་རྣམས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཞུགས་པའི་ཡོད་ཚད་འགྲེམས་སྟོན་བྱས་ཡོད་པ་དང་། དེའི་ནང་དུ་སྤྲོ་སེམས་དང་གསོན་ཤུགས་སོགས་ཡོངས་སུ་འདུ་ཡོད་ཅེས་བརྗོད་བྱུང་།
  གཏམ་བཤད་པ་ལི་ནན་གྱིས་ཐེངས་འདིའི་བྱེད་སྒོར་ཞུགས་པའི་ཚོར་སྣང་གླེང་སྐབས་འདི་སྐད། དྲ་རྒྱས་འཚོ་བར་འགྱུར་ལྡོག་གཏོང་བ་དང་། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ་ནི་མི་སོ་སོས་རང་ཉིད་ཀྱི་ཁྱབ་ཁོངས་སུ་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་དེ་ཡིན། དྲ་རྒྱའི་སྨྱན་བྱད་པ་རྣམས་ཀྱིས་ཅི་ནུས་ཀྱིས་མི་སེམསགསོ་བ་དང་སྤྱི་ཚོགས་གསོ་སྐྱོང་བྱེད་པའི་ཁར། དྲ་རྒྱའི་བར་སྟོང་འཛུགས་གཉེར་བྱེད་པར་མཛད་རྗེས་འཇོག་དགོས་ཞེས་བརྗོད་པ་རེད།