ཞིས་ཅིན་ཕིང་གིས་ཏཱ་ཝོ་སི་གླེང་སྟེགས་སྟེང་དུ་གནང་བའི་གསུང་བཤད་ལ་ཚུར་སྣང་དྲག་པོ་བྱུང་བ།
2017-01-19 09:30:00 | རྩོམ་པ་པོ།: དཔལ་ཆེན་གྱིས་བསྒྱུར། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལའོ་ཡུས་ཐུའེ་ཧྭ་ཏེ།

  ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གསུང་བཤད་གནང་རྗེས། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལའོ་ཡུས་ཐུའེ་ཧྭ་ཏེ་ཡིས་ཡུལ་དངོས་སུ་གསུང་དོན། ཞིས་ཀྲུའུ་ཞི་ཡི་གསུང་བཤད་ནི་མིའི་སེམས་གཏིང་དུ་འཇོག་པ་ཞིག་དང་མིར་སྐུལ་མ་གཏོང་བ་ཞིག་རེད། ཁོ་མོ་དང་ཀྲུའུ་ཞི་གཉིས་ལ་སྒོ་འབྱེད་བྱེད་པ་དང་གོ་ལ་ཧྲིལ་བོ་ཅན་དུ་སྐུལ་འདེད་བྱེད་པའི་གཅིག་མཐུན་གྱི་རིན་ཐང་ལྟ་བ་ཡོད་པ་ཡང་བསྐྱར་བསྟན། ཁོ་མོས་ཞིས་ཀྲུའུ་ཞི་ཡིས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་བྱས་པ་བདེ་བླག་བྱུང་བ་དང་། ཕྱོགས་གཉིས་ཀྱི་ཕན་ཚུན་གྱི་ཡིད་ཆེས་ཇེ་བརྟན་དུ་སོང་བར་མ་ཟད། མཉམ་ལས་འཆམ་མཐུན་རབ་དང་རིམ་པར་གན་རྒྱ་བཞག་ཅེས་གསུང་།


འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་པའམ་དབུ་བཞུགས་ལག་བསྟར་དཔོན་པོ་ཁི་ལའོ་སི.ཧྲི་ཝ་པུའུ། 

  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་པའམ་དབུ་བཞུགས་ལག་བསྟར་དཔོན་པོ་ཁི་ལའོ་སི.ཧྲི་ཝ་པུའུ་ཡིས། འདི་ནི་ཚོགས་ར་གལ་ཆེན་ཞིག་ནས་གནང་བའི་ཧ་ཅང་གལ་ཆེན་གྱི་གསུང་བཤད་ཅིག་རེད་ཅེས་གསུང་། 
  སིང་ཀ་ཕོར་གཞུང་བཙུགས་སློབ་ཆེན་གྱི་ལིས་ཀོང་ཡའོ་སྤྱི་པའི་སྲིད་ཇུས་སློབ་གླིང་གི་དགེ་རྒན་ཆེན་མོ་མ་ཁའེ་ཧྲའོ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གནང་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་གི་གཏམ་བཤད་ལ་གསན་རྗེས།  ཞིས་ཀྲུའུ་ཞི་ཡིས་ཀྲུང་གོར་དོ་སྣང་བྱེད་པ་ལས་ད་རུང་གོ་ལ་ཧྲིལ་བོར་གཟིགས་བཞིན་ཡོད། ཞིས་ཀྲུའུ་ཞི་ཡིས་གནང་བའི་གསུང་བཤད་ཁྲོད་ཀྱི་མིར་སྐུལ་སློང་བྱེད་པའི་མིག་རྒྱ་དེ་ད་ལྟར་བཀག་སྡོམ་སྲིད་ཇུས་སྤེལ་འདོད་ཡོད་པའི་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པ་དང་ཁྱད་པར་ཤིན་ཏུ་ཆེ་ཞེས་གསུང་།
  འཇར་མནSenvionཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པོ(CEO)སྐུ་ཞབས་ཀའེ་སི་ན(Geissinger)ཡིས།  ཞིས་ཀྲུའུ་ཞིའི་གསུང་བཤད་ཀྱི་ནང་དོན་ལ་མིག་རྒྱ་རིང་། མ་འོངས་པ་དང་གོ་ལ་ཧྲིལ་བོ་ཅན།  སྒོ་འབྱེད་ཀྱི་འཛམ་གླིང་བཅས་ཀྱི་སྐོར་གྱི་ནང་དོན་གསར་བ་རྐྱང་རྐྱང་གསུང་ཞེས་གསུང་།  ཁོང་གིས་ཞིས་ཀྲུའུ་ཞི་ཡི་ཉོ་འཚོང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་གོ་ལ་ཧྲིལ་བོ་ཅན་དུ་སྐུལ་འདེད་བྱེད་པའི་དགོངས་དོན་དེ་མིར་བག་ཆགས་ཟབ་མོ་འཇོག་པ་དང་སྐུལ་མ་ཐེབས་པ་ཞིག་རེད་ཅེས་གསུང་།  
 


དངུལ་ལོའི་དངུལ་རྩ་སྡེ་ཁག་གི་གཞུང་ཕྱོགས་གླེང་སྟེགས(OMFIF)ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ཏཱ་ན་ཨད.ཅི་ལི་ཡ་ཁའེ་པོ་ལའོDanae Kyriakopoulou

 
  དངུལ་ལོའི་དངུལ་རྩ་སྡེ་ཁག་གི་གཞུང་ཕྱོགས་གླེང་སྟེགས(OMFIF)ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་ཏཱ་ན་ཨད.ཅི་ལི་ཡ་ཁའེ་པོ་ལའོDanae Kyriakopoulouཡིས།  ཞིས་ཀྲུའུ་ཞི་ཡིས་གནང་བའི་གསུང་བཤད་ཀྱིས་མིར་བག་ཆགས་ཟབ་མོ་འཇོག་པ་ཞིག་རེད། མིག་སྔར། ང་ཚོ་གནད་འགག་གི་ལོ་རྒྱུས་དུས་རིམ་དུ་གནས་ཡོད་པ་དང་། ཨ་རི་དང་དབྱིན་ཇི་གཉིས་སྔོན་ཆད་ནི་དཔལ་འབྱོར་རང་དབང་ཅན་དང་གོ་ལ་ཧྲིལ་བོ་ཅན་གྱི་སྲུང་སྐྱོང་པ་ཡིན་རུང་། འོན་ཀྱང་ད་ལྟ་ཁོ་ཚོ་སྔོན་ཆད་དང་མི་འདྲ་བ་སྟེ། ཉེ་འགྲམ་རྒྱལ་ཁབ་ཀྱི་དཔལ་འབྱོར་འབྲེལ་བ་ཉིན་རེ་བཞིན་ཇེ་རིང་དུ་འགྲོ་བཞིན་ཡོད།  གནས་ཚུལ་འདི་ལྟ་བུའི་འོག་ཏུ།  ཞིས་ཀྲུའུ་ཞི་ཡིས་གནང་བའི་གསུང་བཤད་ལས་ཁོ་བོས་འཛམ་གླིང་གར་སྟེགས་སྟེང་གི་མགོ་ཁྲིད་ནུས་པ་ཟིན་ཡོད་པ་མཚོན་ཞེས་གསུང་།  
  པུས་མ་ཝེ་ཀྲུང་གོ་ས་ཁུལ་གྱི་ཀྲུའུ་ཞི་ཐའོ་ཧོང་ཁྲུན(Honson To)གྱིས། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བའི་སྐབས་འདིར། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་དེས་དུས་ཐོག་ཏུ་འཛམ་གླིང་ཡོངས་ཀྱི་དོ་ཁུར་ལ་ལན་བཏབ་པར་མ་ཟད། འཛམ་གླིང་ཡོངས་སུ་སྤོབས་པ་ཆེ་བའི་དབུ་ཁྲིད་པའི་སྣང་བརྙན་བཞེངས་ཞེས་གསུང་། ཁོང་གིས་ཚང་མར་རང་དབང་ཉོ་འཚོང་ལ་མུ་མཐུད་དུ་གསོལ་འབུལ་བྱེད་དགོས་པ་ལས། ཉོ་འཚོང་སྲུང་སྐྱོང་རིང་ལུགས་ཕྱོགས་སུ་ཕྱིར་འགྲེང་མི་རུང་བ་ཁས་ལེན་བྱེད་དུ་བཅུག་པ་དང་། མ་འོངས་པར་གཞིགས་ན། དེ་ནི་ང་ཚོ་རྒྱལ་ཁབ་ཚང་མར་ཕན་པ་ཡོད། སྐུ་ཞབས་ཀྲུའུ་ཞི་ཡིས་འཛམ་གླིང་གི་གར་སྟེགས་སྟེང་ནས་འགན་དུ་འཁུར་བའི་དབུ་ཁྲིད་པ་ཞིག་གི་སྣང་བརྙན་བསྟན་པ་དེ་ནི་བདག་སེམས་འགུལ་ཐེབས་པ་ཞིག་རེད་ཅེས་གསུང་།  
  བན་ཏ་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཅན་གྱིས། ཞིས་ཀྲུའུ་ཞི་ཡིས་གསུང་བཤད་གནང་བའི་ཁྲོད་དུ་གོ་ལ་ཧྲིལ་བོ་ཅན་གཙོ་བོ་གསུང་བ་དེ་ནི།  ད་ལྟའི་གོ་ལ་ཧྲིལ་བོའི་ཉོ་འཚོང་སྲུང་སྐྱོང་རིང་ལུགས་དང་མི་སེར་རིང་ལུགས་ལ་དམིགས་ནས་གཙོ་བོར་གསུང་བ་རེད། གོ་ལ་ཧྲིལ་བོ་ཅན་ནི་ལྷ་སྒྲུང་མིན་ལ་གདོན་འདྲེའང་མིན།  གོ་ལ་ཧྲིལ་བོ་ནི་འཕེལ་ཚུལ་ཞིག་ཡིན་ལ།  འཕེལ་ཚུལ་དེ་ཇི་ལྟར་ཁོང་དུ་ཆུད་རྒྱུ་དེ་ཡིན། ཞིས་ཀྲུའུ་ཞི་ཡིས་ད་རུང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་བོར་བཞག་པའི་བྱས་རྗེས་གཙོ་བོར་གསུང་བ་དེ་ལས་བདག་ལ་བག་ཆགས་ཟབ་མོ་བཞག་སོང་ཞེས་གསུང་། 
 


ཁྲང་ཀྲོའུ་ཐན་ཧི་འོད་ནུས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་ཅི་ཧྥན།

  ཁྲང་ཀྲོའུ་ཐན་ཧི་འོད་ནུས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་ཅི་ཧྥན་གྱིས། དྭངས་གཙང་ནུས་ཁུངས་ཀྱི་ཁྱབ་ཁོངས་ལ་ཞུགས་མཁན་ཞིག་ལ་མཚོན་ན། ཀྲུང་གོའི་ཆེས་མཐོ་བའི་དབུ་ཁྲིད་པའི་མགྲིན་ནས་ཆེས་དབང་ཐང་ཆེ་བའི་ལྟ་ཚུལ་གོ་ཐུབ་པས་བདག་ལ་སྐུལ་མ་ཐེབས་པ་ཞིག་རེད་ཅེས་གསུང་།