ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐི་ཧ་ཏེ་ལ་མཇལ་འཕྲད་གནང་བ།
2017-01-23 09:15:00 | རྩོམ་པ་པོ།: བསོད་ནམས་འཚོས་བསྒྱུར། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།

  ཟླ1པའི་ཚེས15ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་སུའེ་ཙེར་ རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐི་ཧ་ཏེ་ཡི་ཕེབས་རོགས་འོག   སུའེ་ཙེར་སྲིད་གཞུང་གི་ཆེད་སྤྱོད་མེ་འཁོར་ལ་བཞུགས་ཏེ་སུའུ་ལི་ཧྲི་ནས་སུའེ་ཙེར་གྱི་རྒྱལ་ས་པོར་ཉི་ལ་ཕེབས།  ཆེད་སྤྱོད་མེ་འཁོར་དུ་ཞིས་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་རྣམ་གཉིས་ལུའོ་དབྱི་ཐི་ཧ་ཏེ་ཡིས་གདན་ཞུ་མཛད་དེ། ཁོང་རྣམ་པ་ཚོས་བག་ཡངས་སྤྲོ་དགའི་ངང་ཇ་བཞེས་གླེང་མོལ་མཛད།
  ཞིས་ཅིན་ཕིང་གིས་ལོ་གསར་བའི་ནང་སུའེ་ཙེར་ལ་མཚམས་འདྲིར་ཕེབས་ཐུབ་པར་མ་ཟད།  འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2017ལོའི་ལོ་ཚོགས་ལ་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།  ང་ཚོ་རྒྱལ་ཁབ་གཉིས་ཀྱིས2016ལོར་གསར་གཏོད་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཤིང་།  འདི་ནི་ཀྲུང་གོས་ཕྱི་རྒྱལ་ཁབ་ལ་ཐེངས་དང་པོར་གསར་སྐྲུན་གྱི་མཚོན་རྟགས་ལ་བརྟེན་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཡིན།  ཐེངས་འདིའི་འཚམས་འདྲིའི་སྐབས་སུ།  བདག་གིས་ལུའོ་དབྱི་ཐི་ཧ་ཏེ་ཀྲུའུ་ཞི་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་གཞན་རྣམས་དང་བསམ་བློ་བརྗེ་རེས་གནང་སྟེ། ཀྲུང་སུའེ་རྒྱལ་ཁབ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལེགས་སུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་མོས་འདུན་ཆེན་པོ་ཡོད་ཅེས་ཞུས།
  ལུའོ་དབྱི་ཐི་ཧ་ཏེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་ལོ་གསར་བའི་ནང་སུའེ་ཙེར་ལ་ཕེབས་པར་བཀའ་དྲིན་ཆེ་ཞུས་ཤིང་།  འདིས་ཀྲུང་གོས་སུའེ་ཙེར་ལ་མཐོང་ཆེན་གནང་བ་མཚོན་ཡོད་ཅེས་བསྟན་ལ།  ད་དུང་སུའེ་ཙེར་ཕྱོགས་ནས་ཐེངས་འདིའི་མཚམས་འདྲི་བརྒྱུད།  ཀྲུང་གོའི་ཕྱོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་རེ་བ་ཆེ་ཚུལ་ཞུས། 

མེ་འཁོར་པོར་ཉི་ཁོར་ས་ཚི་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས།  པོར་ཉི་ཀྲོའུ་ཡི་ཀྲོའུ་ཀྲང་ཞི་མོན་དང་།  ཁོར་ས་ཚི་གྲོང་ཁྱེར་གྱི་ཧྲི་ཀྲང་ཨན་ཨུན་གཉིས་ཀྱིས་ཞིས་ཅིན་ཕིང་འཁོར་དང་བཅས་པར་བསུ་མ་མཛད།


འདི་ནི་སུའེ་ཙེར་ན་ཆུང་མཉམ་ལེན་ཚོགས་པས་ཀྲུང་གོའི་སྐུ་མགྲོན་ལ་མིག་དབང་འཕྲོག་པའི་འཁྲབ་སྟོན་གནང་ཞིང་།  ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་གནང་བའི་ཚུལ་ཡིན་པ།

 

  འདི་ནི་ཞིས་ཅིན་ཕིང་གིས་པོར་ཉི་ཁོར་ས་ཚི་མེ་འཁོར་འབབ་ཚུགས་ནས་ན་ཆུང་མཉམ་ལེན་ཚོགས་པའི་འཁྲབ་སྟོན་ལ་གཟིགས་རྗེས།  གྲོགས་པོ་ཆུང་ཆུང་ཚོར་མཚམས་འདྲི་གནང་བའི་ཚུལ་ཡིན་པ།