ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁྱིམ་གཞིས་གསར་དུ་སྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

སྤེལ་དུས 2025-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསྟན་འཛིན་དཔལ་སྒྲོན།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “སྲིད་གཞུང་གིས་ང་ཚོ་ལ་དོ་ཁུར་འདི་འདྲ་བྱེད་བཞིན་ཡོད་པས་ང་ཚོས་དཀའ་ངལ་ལས་སྒྲོལ་ཐུབ་ངེས་རེད”ཟླ་དང་པོའི་ཚེས8ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོ་ལ་བསྐྱོད་ནས“1.07”ས་ཡོམ་གྱི་གནོད་འཚེ་ཕོག་པའི་གནས་ཚུལ་ལ་བཅར་འདྲི་བྱས། གཙོ་མཚོ་གྲོང་ཚོ་རུ། གནོད་འཚེ་ཕོག་པའི་དུད་ཚང29ཡི་མང་ཚོགས141བཀོད་སྒྲིག་འོས་འཚམ་བྱས་ཡོད་དེ། ཚང་མ་ཉེན་ཡོད་ཁང་པ་ལས་བྲལ་ནས་སྲིད་གཞུང་གིས་བཙུགས་པའི་གྲང་འགོག་གུར་ཁང་ནང་དུ་བསྡད་ཡོད།
             གཙོ་མཚོ་གྲོང་ཚོའི་མང་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། ས་ཡོམ་བྱུང་བའི་དུས་སུ་གྲོང་མི་ཚོས་གྲ་སྒྲིག་བྱེད་ཁོམ་གཏན་ནས་མ་བྱུང་། ས་ཡོམ་འདི་འདྲ་ཆེན་པོ་ཞིག་གཞོན་ནུ་ཚོ་བརྒྱུད་མྱོང་མེད་པར་མ་ཟད། གྲོང་ཚོའི་རྒན་རྒོན་གྱི་སྐད་ཆ་ཞིག་དྲངས་ན། ས་ཡོམ་འདི་འདྲ་ཞིག་ལོ་ངོ500ཡི་རིང་ལའང་བྱུང་མ་མྱོང་བ་རེད། གྲོང་མིས་གསར་འགོད་པར་གློ་བུར་དུ་བྱུང་བའི་ས་ཡོམ་འདི་ཡིས་ཕ་མེས་ཡང་མེས་ཚོ་འཚོ་གཞིས་གནང་བའི་ཁྱིམ་གཞིས་འདི་ལ་གཏོར་བརླག་ཚབས་ཆེན་ཕོག་པས། སེམས་ནི་ཤུན་ཏུ་སྐྱོ་མོད། དེ་ནི་གཉེན་ཉེ་འདས་པའི་སྡུག་བསྔལ་དང་བསྡུར་ན། ཁྱིམ་མི་ཚང་མ་བདེ་ཐང་ཡིན་ན་རང་ཉིད་ཀྱི་ཁྱིམ་གཞིས་བསྐྱར་དུ་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།
             གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ། གཞོན་ནུ་ཚོས་འབྱོར་མ་ཐག་པའི་རོགས་སྐྱོབ་དངོས་ཟོག་དབོར་འདྲེན་བྱེད་རོགས་བྱེད་བཞིན་ཡོད་ཅིང་། རྒན་རྒོན་དག་གིས་གུར་གྱི་མདུན་དུ་ཉི་མ་སྲོ་བཞིན་ཇ་འཐུང་བཞིན་ཡོད་ཅིང་། བྱིས་པ་རྣམས་མཉམ་དུ་ཚོགས་ནས་བཀོད་སྒྲིག་བྱ་ཡུལ་དུ་རྩེད་མོ་རྩེ་བཞིན་ཡོད། ས་ཡོམ་གྱི་གནོད་འཚེའི་མདུན་དུ། ཡིད་ཆེས་ནི་གསེར་དངུལ་ལས་ལྷག་པས། ཏང་དང་སྲིད་གཞུང་གི་རོགས་རམ་འོག དིང་རི་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་ཚོ་ལ་ཁྱིམ་གཞིས་སྔར་ལས་ལེགས་པ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་། ནུས་པ། ཆོད་སེམས་བཅས་ཡོད་པའི་ཡིད་ཆེས་ཡོད།
དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ།

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་རྒན་རྒོན་གྱིས་ལྕི་བ་བུད་ནས་གསར་དུ་སྤྲད་པའི་ལྕགས་ཐབ་ལ་མེ་གཏོང་བཞིན་པ།

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་མདུན་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཉི་མ་སྲོ་བཞིན་པ།

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་དངོས་ཟོག་དབོར་བཞིན་པ།

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གྲོགས་པོ་ཆུང་ཆུང་ཚོ་མཉམ་དུ་རྩེད་མོ་རྩེ་བཞིན་པ།

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་བྱིས་པ་ཞིག

དིང་རི་རྫོང་ཆུ་ལྷོ་ཞང་གཙོ་མཚོ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་བྱིས་པ་ཞིག
རྩོམ་སྒྲིག་པ། བསྟན་འཛིན་དཔལ་སྒྲོན།