ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར།
ལྔ་བའི་བ་གཞིའི་གུང་གསེང་ལ་བོད་ལྗོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི110.84སྣེ་ལེན་བྱས་པ།
ལྔ་བའི་བ་གཞིའི་གུང་གསེང་རིང་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་སུ་སླེབས།
ཁོང་གཉིས་ནས་བོད་ལྗོངས་ལ་དཔེ་དེབ་ཞལ་འདེབས་སུ་ཕུལ་བ།
ཟླ6པའི་ཚེས6ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བའི་མཐོ་སྒང་ལ་བརྩེ་བ་འཆང་། བོད་ལྗོངས་ལ་ཤེས་རྟོགས་བྱེད་ཅེས་པ་སྟེ། ཧན་ཧྲུའུ་ལི་དང་མ་ལི་ཧྭ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་སྤྱི་ཕན་བྱེད་སྒོ་དེ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར།
པད་མ་རྫོང་གིས་ཏང་གི་སློབ་གྲྭའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།
ཉེ་བའི་ལོ་འགའི་རིང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭས་དགེ་རྒན་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་སྐྱེད་པ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱེད་པ།
སྒོ་རྩར་འོས་འགན་སྨན་བཅོས་བྱེད་པ།
ཉེ་ཆར། ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་དང་ཉི་གཏད་སྡེ་ཁུལ་གྱིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་པ་གདན་དྲངས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིར་རིན་མེད་དུ་འོས་འགན་སྨན་བཅོས་བྱས་པ་རེད།
མཆིན་སྐྲན་གཤཊ་བཅོས་འདི་བོད་ལྗོངས་སུ་བྱེད་ཐེངས་དང་པོ་རེད་འདུག
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྤྱིར་བཏང་ཕྱི་བཅོས་ཚན་ཁག་གིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་བཟང་ཆ་སྤྱད་ཐོག ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཏེ3Dགསུས་ཤེལ་གྱི་མདུན་འཇུག་གཤགས་བཅོས་བྱ་ཐབས་ལ་བརྟེན་ནས་ལེགས་གྲུབ་ལྡན་པའི་ངང་གཡས་ངོས་མཆིན་སྐྲན་འདྲེག་གཅོད་བྱེད་པའི་གཤགས་བཅོས་བྱས་ཡོད་པ་རེད།
བོད་ལྗོངས་སུ་སློབ་མ་ཁྲི3.6མཐོ་རྒྱུགས་ནང་ཞུགས་པ་རེད།
བོད་ལྗོངས་ཀྱི2024ལོའི་སྤྱིར་བཏང་མཐོ་རྒྱུགས་ཟླ6པའི་ཚེས7ནས་ཟླ6པའི་ཚེས9ཉིན་ལེན་རྒྱུ་ཡིན་པ་དང་། མིག་སྔར་རྒྱུགས་མ་བླངས་སྔོན་གྱི་ལས་དོན་གྲ་སྒྲིག་བྱས་ཟིན་པ་དང་། བོད་ལྗོངས་ཡོངས་སུ་རྒྱུགས་ར10དང་བསྡོམས་པས་སློབ་མ་ཁྲི3.6མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།
བོད་རིགས་རྩོམ་པ་པོ་ཁོང་གི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་འཚོགས་འདུག
ཟླ6པའི་ཚེས3ཉིན། གཞིས་ཁུངས་སི་ཁྲོན་ཉག་ཆུ་རྫོང་ཡིན་ཞིང་། ད་ལྟ་དཀར་མཛེས་ཚགས་པར་ཁང་གི་ཕྱག་ལས་གནང་མཁན། བོད་ཀྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཆེད་ཁེ་གཞི་གྲངས་མཛོད་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱེད་མགོ་བརྩམས།
བོད་ལྗོངས་ཀྱི་བོད་སྨན་ཐོན་ལས་ཆེད་ཁེ་གཞི་གྲངས་མཛོད་ཐོག་མ་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱེད་མགོ་བརྩམས་པ་དང་། དེས་བོད་སྨན་ཐོན་ལས་གསར་སྐྲུན་འཕེལ་རྒྱས་ཐད་གཞི་གྲངས་འདེགས་སྐྱོར་དང་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས།
རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པ“དྲུག་གཅིག”སྐབས་སུ་ནང་སོག་དང་པེ་ཅིན་གྱི་ལག་ལེན་སྒར་ས་རུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།
“ལོ་ཆུང་གདོང་ལེན་རུ་མི་མེས་རྒྱལ་ལ་དགའ་བའི་སེ་འབྲུ་ཁྱིམ་ཚང་གཅིག་ལྟར་བརྩེ”པའི་རྒྱལ་ཡོངས་མི་རིགས་སོ་སོའི་ལོ་ཆུང་བྱིས་པའི“དྲུག་གཅིག”སྐབས་སུ་ནང་སོག་དང་པེ་ཅིན་གྱི་ལག་ལེན་སྒར་ས་རུ་བསྐྱོད་པའི་བྱ་འགུལ་ཚེས28ཉིན་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་འཚོགས་པ་རེད།
རྒྱ་རིགས་ཨ་མས་བོད་རིགས་བུ་མོར་བཅངས་པའི་ཟོལ་མེད་བརྩེ་བ།
ད་ལོ་དགུང་ལོ་ལྔ་བཅུ་ལྷག་ལ་ཕེབས་པའི་མ་ཡན་པོ་ནི་ཀྲུང་གོའི་བྱང་ཤར་ནས་ཡིན་པ་དང་། 2009ལོར་ལྷ་སར་ཡུལ་སྐོར་དུ་ཕེབས་ཤིང་དེ་ནི་ཁོང་ལྷ་སར་ཕེབས་ཐེངས་དང་པོ་རེད།
ས་མཐོའི་ངལ་རྩོལ་པ། སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བཟང་པོ།
ལོ26རིང་། བཟང་པོས་མངའ་རིས་སྦྲག་སྐྱེལ་བྱ་གཞག་གི་འཕོ་འགྱུར་ལ་དཔང་པོ་བྱས་ཡོད།
གནས་སྤོས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།
འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་གྲོང་མི་འཇམ་དབྱངས་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་དུ། ང་ཚོ་སྡོད་ཁང་གསར་པར་སྤོ་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ངེས་ཅན་ཡོད་པས་ ཧ་ཅང་སྐྱིད་པོ་འདུག ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།