ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི(གཤམ་དུ“མཚོ་བོད་སྡེ་ཚོགས་ཀུང་སི”)ནས་ཤེས་གསལ་བྱུང་བ་ལྟར་ན། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་འགྲུལ་བ་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། མཚོ་བོད་སྡེ་ཚོགས་ཀུང་སིས་ཟི་ལིང་ནས་ཁྲེང་ཏུའུ་ནུབ་ཚིགས་དང་ཁྲུང་ཆིང་ནུབ་ཚིགས་སོགས་ཀྱི་ཕྱོགས་སུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་གཏོང་རྩིས་ཡོད།
ཐེངས་འདིའི་རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་གི་ལྕགས་ལམ་སྐྱེལ་འདྲེན་དུས་ཚོད་ནི་ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས10ཉིན་བར་ཏེ་བསྡོམས་པས་ཉིན12རིང་སྤེལ་རྒྱུ་རེད།
འདི་ནི་འགྲུལ་བས་ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་སྒུག་སྡོད་ཚོམས་ཆེན་དུ་མེ་འཁོར་ལ་སྒུག་པའི་རྣམ་པ་རེད།
ཐེངས་འདིར་ཟི་ལིང་ནས་ཞིང་ཆེན་ཕྱིའི་བར་མེ་འཁོར་གཏོང་ཐེངས་ཇེ་མང་དུ་བཏང་བའི་གནས་ཚུལ་གཤམ་གསལ་ཏེ། ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས7ཉིན་བར་ཟི་ལིང་ནས་ཁྲེང་ཏུའུ་ནུབ་ཚིགས་དབར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོརK4062/3དངK4064/1ཇེ་མང་དུ་གཏོང་བ་དང་། ཟླ9པའི་ཚེས29ཉིན་དང་ཟླ10པའི་ཚེས1ཉིན། ཚེས6ཉིན། ཚེས8ཉིན་དུ་ཟི་ལིང་ནས་ཁྲུང་ཆིང་ནུབ་ཚིགས་བར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོརK4074ཇེ་མང་གཏོང་བ། ཟླ9པའི་ཚེས30ཉིན་དང་ཟླ10པའི་ཚེས2ཉིན། ཚེས7ཉིན། ཚེས9ཉིན་བཅས་སུ་ཁྲུང་ཆིང་ནུབ་ཚིགས་ནས་ཟི་ལིང་དབར་དུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོརK4073ཇེ་མང་གཏོང་རྒྱུ་རེད།
དེ་དང་ཆབས་ཅིག ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས1ཉིན་དང་། ཟླ10པའི་ཚེས6ཉིན། ཟླ10པའི་ཚེས7དང་ཚེས8ཉིན་དུ་ཟི་ལིང་ནས་ཞི་ཨན་ས་ཚིགས་བྱང་མའི་བར་དུ་འགྲུལ་སྐྱེལ་མེ་འཁོརD2732/1ཇེ་མང་གཏོང་བ་དང་། ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས8ཉིན་བར་ཟི་ལིང་ནས་ཞི་ཨན་ས་ཚིགས་བྱང་མའི་བར་འགྲུལ་སྐྱེལ་མེ་འཁོརD2736/5ཇེ་མང་གཏོང་རྒྱུ་རེད།
གཞན་ཡང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་ཇེ་མང་དུ་བཏང་བའི་གནས་ཚུལ་ནི་ཟླ9པའི་ཚེས29ཉིན་དང་ཚེས30ཉིན། ཟླ10པའི་ཚེས7ཉིན་དང་ཚེས8ཉིན་དུ་ཟི་ལིང་ནས་ན་གོར་མའི་ཕྱོགས་སུC4383/4གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་གཏོང་བ་དང་། ཟླ9པའི་ཚེས28ཉིན་དང་ཚེས30ཉིན་བར་ཟི་ལིང་ནས་ན་གོར་མའི་ཕྱོགས་སུK6825གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་གཏོང་བ། ཟླ9པའི་ཚེས30ཉིན་དང་ཟླ10པའི་ཚེས1ཉིན་ན་གོར་མོ་ནས་ཟི་ལིང་ཕྱོགས་སུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོརK6826ཇེ་མང་གཏོང་བ། ཟླ10པའི་ཚེས8ཉིན་ཟི་ལིང་ནས་ན་གོར་མའི་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོརK6827ཇེ་མང་གཏོང་བ། ཟླ10པའི་ཚེས9ཉིན་ན་གོར་མོ་ནས་ཟི་ལིང་ཕྱོགས་སུ་གནས་སྐབས་འགྲུལ་སྐྱེལ་མེ་འཁོརK6828ཇེ་མང་གཏོང་རྒྱུ་རེད།
འདི་ནི་ཟི་ལིང་མེ་འཁོར་འབབ་ཚུགས་སུ་གྲལ་སྒྲིག་ནས་འཛིན་བཤེར་གྱི་རྣམ་པ་རེད།
བོད་རང་སྐྱོང་ལྗོངས་ནང་ཁུལ་དུ་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་ཇེ་མང་དུ་གཏོང་བའི་གནས་ཚུལ་གཤམ་གསལ་ཏེ། ཟླ9པའི་ཚེས29ཉིན་ནས་ཟླ10པའི་ཚེས2ཉིན་དང་། ཟླ10པའི་ཚེས7ཉིན། ཚེས8ཉིན། ཚེས9ཉིན་བཅས་སུ་ལྷ་ས་ནས་གཞིས་ཀ་རྩེའི་ཕྱོགས་སུ་སྒུལ་འཁོརC4391/2གཏོང་རྩིས་ཡོད། །
རྩོམ་སྒྲིག་པ། དཔལ་གཡང་།