དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཚ་ཤོས།

ཀྲུང་གོས་བྷང་ག་ལར་རོགས་སྐྱོར་བྱས་པའི་ཛ་དྲག་གི་འབྲུ་རིགས་རྣམ་གྲངས་ཀྱི་རྩིས་སྤྲོད་རྩིས་ལེན་གྱི་ལག་ཁྱེར་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ།

སྤེལ་དུས 2021-01-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཚེས་20ཉིན་ཀྲུང་གོ་སྲིད་གཞུང་གིས་བྷང་ག་ལར་རོགས་སྐྱོར་བྱས་པའི་ཛ་དྲག་གི་འབྲུ་རིགས་རྣམ་གྲངས་ཀྱི་སྲིད་གཞུང་དབར་གྱི་རྩིས་སྤྲོད་རྩིས་ལེན་གྱི་ལག་ཁྱེར་ལ་མིང་རྟགས་འགོད་པའི་མཛད་སྒོ་དྲ་ཐོག་ཏུ་འཚོགས་ཤིང་། བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅི་མིང་དང་། བྷང་ག་ལ་རྒྱལ་ཁབ་ཀྱི་གནོད་འཚེ་དོ་དམ་དང་རོགས་སྐྱོབ་པུའི་རྒྱུན་ལས་དྲུང་ཡིག་མོ་ཧོ་སེན་གྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་ཞུས་ནས་ལག་ཁྱེར་ཐོག་མིང་རྟགས་བཀོད་པ་རེད།
          བྷང་ག་ལའི་རྒྱལ་ཁབ་གནོད་འཚེ་དོ་དམ་དང་རོགས་སྐྱོབ་པུའི་རྒྱལ་དོན་པུའུ་ཀྲང་ལ་ཧོ་མན་དང་། བྷང་ག་ལའི་ཕྱི་འབྲེལ་པུའུ་དང་ནོར་སྲིད་པུའུ་སོགས་ཀྱི་འཐུས་མི་མཛད་སྒོར་ཞུགས་ཡོད་པ་རེད། ལ་ཧོ་མན་གྱིས་ཀྲུང་གོས་བྷང་ག་ལར་རོགས་སྐྱོར་གྱི་བྱ་ཐབས་སྣ་ཚོགས་སྤེལ་བར་ཚད་མཐོའི་བསྔགས་བརྗོད་བྱས་ནས་རྒྱལ་ཁབ་གཉིས་པོས་གནོད་འཚེ་དོ་དམ་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
          མོ་ཧོ་སེན་གྱིས་ཀྲུང་གོ་ནི་སྔར་ནས་ད་བར་བྷང་ག་ལའི་ཁྱིམ་མཚེས་རྒྱལ་ཁབ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན་པས། ཀྲུང་གོས་ཁྱབ་ཁོངས་མང་པོའི་ཐོག་ནས་བྷང་ག་ལར་རོགས་རམ་ཤུགས་ཆེན་བྱས་པས། བྷང་ག་ལ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་དེ་ཀྲུང་གོས་བྷང་ག་ལར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཁག་གི་མཉམ་ལས་ལས་མཚོན་གྱི་ཡོད་ཅེས་དང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་དབར་མུ་མཐུད་སྤེལ་རེས་བྱེད་མང་དུ་བཏང་ནས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
          ལི་ཅི་མིང་གིས་རྣམ་གྲངས་དེ་2019ལོའི་ཟླ་7པར་རྣམ་གྲངས་འཛུགས་པའི་ཡིག་ཆ་བརྗེ་རེས་ཀྱི་མིང་རྟགས་བཀོད་པ་དང་། 2020ལོའི་ཟླ་12ཚེས་16ཉིན་བར་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་འབྲས་ཚང་མ་བྷང་ག་ལའི་དམིགས་འཛུགས་འབྲུ་མཛོད་དུ་དབོར་ཟིན། བྷང་ག་ལ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པས་ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་རོགས་རེས་ཀྱི་དཔེ་མཚོན་གཞན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།