“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ།

སྤེལ་དུས 2019-12-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན།

རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་ཁུལ་དུ་ཐང་ག་འགྲེམས་སྟོན་བྱས་ཡོད་པ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་19ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གྲོས་འགོ་བཏོན་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ལྟེ་གནས། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གནས་རྩ་འཛུགས་ཀྱི་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་མཉམ་ལས་རྩ་འཛུགས། ཀྲུང་ཧྭ་དུས་རབས་སྟེགས་བུ་སྒྱུ་རྩལ་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ཡུལ་སྐོར་རླུང་བརྙན་འཕྲིན་ཅུས་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་གྲོང་ཁྱེར་ཀྲུང་ཧྭ་དུས་རབས་སྟེགས་བུ་རུ་གཟབ་རྒྱས་ངང་སྤེལ་བ་རེད།
 
རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་ཁུལ་དུ་ཐང་ག་འགྲེམས་སྟོན་བྱས་ཡོད་པ།
 
རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་ཁུལ་དུ་ཐང་ག་འགྲེམས་སྟོན་བྱས་ཡོད་པ།
 
རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་ཁུལ་དུ་ཐང་ག་འགྲེམས་སྟོན་བྱས་ཡོད་པ།
           ཐེངས་འདིའི་ཚོགས་ཆེན་དུ་རྨ་ལྷོ་ཁུལ་གྱི་ཐང་ག་མཁས་ཅན་བཅུ་ལྷག་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁུར་བ་བཅས་ཀྱིས་དེང་རབས་ཀྱི་ཐང་ག་ལེགས་ཤོས་121དང་། དེང་རབས་ཀྱི་ཕུལ་བྱུང་ཐང་ག་8དང་། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གཏོད་བརྩམས་ཆོས་800ལྷག་པེ་ཅིང་དུ་འགྲེམས་སྟོན་བྱས་ཤིང་། སྒྱུ་རྩལ་མཁས་ཅན་5ཡིས་རེབ་གོང་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་བཟོ་བའི་བརྒྱུད་རིམ་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ་དང་། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ་1000ཙམ་ཟིན་འདུག དེ་ལ་ཐང་གའི་འགྲེམས་ཁུལ་དང་། ཚད་ལྡན་ཡིག་ཆའི་འགྲེམས་ཁུལ། གྲངས་གཞིའི་སྒྱུ་རྩལ་འགྲེམས་ཁུལ། རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་ཁུལ། མངོན་མིན་རིག་གནས་ཤུལ་བཞག་རོལ་མྱོང་ཁུལ། རིག་གཏོད་ཐོན་རྫས་འགྲེམས་ཁུལ། རིག་དངོས་ཐང་གའི་འགྲེམས་སྟོན། རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་སོགས་འགྲེམས་ཁུལ་8ཚུད་ཡོད་པས། རིམ་པ་མཐོ་ཞིང་གཞི་ཁྱོན་ཆེ་བའི་འགྲེམས་སྟོན་གྱ་ནོམ་པ་ཞིག་རེད།
 
རིག་གཏོད་ཐོན་རྫས་འགྲེམས་ཁུལ་དུ་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་པ།

རིག་གཏོད་ཐོན་རྫས་འགྲེམས་ཁུལ་དུ་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་པ།

རིག་གཏོད་ཐོན་རྫས་འགྲེམས་ཁུལ་དུ་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་པ།
           ཚོགས་ཆེན་ཐོག་ལ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་པ་དང་། སྒྱུ་རྩལ་མཁས་ཅན། ལས་རིགས་ཁག་གི་སྣེ་ཁྲིད་ཤེས་ལྡན་པ་བཅས་གདན་དྲངས་ནས། ཐང་གའི་སྒྱུ་རྩལ་འཕེལ་རྒྱས་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དང་གསར་གཏོད་བཅས་ཀྱི་སྐོར་བགྲོ་གླེང་དང་གྲོས་བསྡུར་གནང་ཞིང་། དེ་ལས་གཞན་ཐང་གའི་སྒྱུ་རྩལ་གྲངས་འཛིན་ཅན་གྱི་གླེང་སྟེགས་དང་། ཐང་གའི་སྒྱུ་རྩལ་གྱི་པར་དབང་ཚོང་དོན་འཕེལ་རྒྱས་གླེང་སྟེགས། བོད་རིགས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ཡང་ཚོགས་ཆེན་གྱི་སྐབས་སུ་སྤེལ་བྱུང་། ཐག་ཉེ་ས་ནས་ཐང་གའི་སྒྱུ་རྩལ་ལ་མྱོང་རོལ་ཐུབ་པ་ཕུད། ད་དུང་ལྟད་མོ་བས་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཤེས་རྟོགས་ཐུབ་པ་མ་ཟད། ཐང་གའི་སྒྱུ་རྩལ་མཁས་ཅན་གྱི་ཡུལ་དངོས་ཀྱི་འཁྲབ་སྟོན་མཐོང་ཐུབ་པ་དང་འབྲེལ་ཐང་ག་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་གཞན་དག་གི་བཟོ་སྐྲུན་ནང་ཞུགས་རྒྱུའི་གོ་སྐབས་ཀྱང་སྐྲུན་ཡོད་པ་རེད།

ཡུལ་དངོས་སུ་ཐང་ག་འབྲི་བཞེངས་གནང་བཞིན་པ།

ཡུལ་དངོས་སུ་ཐང་ག་འབྲི་བཞེངས་གནང་བཞིན་པ།

ཡུལ་དངོས་སུ་གསར་བྲིས་འབྲི་བཞིན་པ།

འབྲུ་སྣ་མང་པོར་སྡེབ་སྒྲིག་བྱས་ནས་རི་མོ་སྣ་ཚོགས་འབྲི་བཞིན་པ།

ལྟད་མོ་བས་ཡུལ་དངོས་སུ་འབྲུ་སྣའི་རི་མོར་མྱོང་རོལ་བྱེད་བཞིན་པ།
           རྨ་ལྷོ་ཁུལ་གྱིས་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་ཚོགས་ཆེན་གྱི་སྟེགས་བུ་ཆེན་པོ་འདི་ལ་བརྟེན་ནས། རེབ་གོང་ཐང་གའི་རིག་གནས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་འགུག་ཤུགས་ངོམ་པ་དང་། རྒྱལ་སྤྱིའི་རིག་གནས་བགྲོ་གླེང་དང་ཁྱབ་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་། རེབ་གོང་ཐང་ག་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གཏོད་སོགས་ཀྱི་ཐོན་ཁུངས་བཅས་ལ་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་དང་འོས་སྦྱོར་གཏིང་ཟབ་བྱས་པ་བརྒྱུད། རྨ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཐང་གའི་སྒྱུ་རྩལ་རྒྱལ་གྱི་སྤྱིའི་ཤུགས་རྐྱེན་དང་། ཀུན་གྱིས་དེ་ལ་དགའ་མོས་དང་བསྔགས་བརྗོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད།
 
སྐུ་མགྲོན་དང་ལྟད་མོ་བས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།

སྐུ་མགྲོན་དང་ལྟད་མོ་བས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།

སྐུ་མགྲོན་དང་ལྟད་མོ་བས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།

སྐུ་མགྲོན་རྣམས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ།
རྩོམ་སྒྲིག་པ། རིག་གྲོལ།