“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ།

སྤེལ་དུས 2019-12-09 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།

          དགེ་རྒན་ལྷ་རྩེ་རྒྱལ་ནི་གཅན་ཚ་རྫོང་སྟེང་སོ་ཞང་གདོང་སྟེང་སྡེ་བ་ནས་འཚར་ལོངས་བྱུང་སྟེ། སློབ་གྲྭ་ཆུང་འབྲིང་གི་སྐས་རྐང་རིམ་པར་འགྲིམས་རྗེས། 1987ལོར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་མ་ཐག  ཐད་སོར་རྩེ་ཁོག་རྫོང་གི་གཞི་རིམ་ས་ཆར་གཏོགས་པའི་བོན་རྒྱ་ཞང་ནས་དགེ་རྒན་གྱི་ལས་ཀ་གཉེར། ལང་ཚོའི་དབྱར་གཞུང་རིང་མོ་དང་གསར་བུའི་སེམས་ཤུགས་དྲོན་མོས་རྩེ་གཞུང་རྩྭ་ཐང་ན་གསར་དུ་ཁ་འབུས་མ་ཐག་པའི་མེ་ཏོག་གི་གང་བུ་རེ་རེའི་མངའ་ཐང་སྲུང་ཞོར། མི་ལོ་བདུན་གྱི་གསེར་ལས་དཀོན་པའི་ལང་ཚོའི་དབྱར་གཞུང་རིང་མོ་སྔ་ཕྱིར་རྩེ་ཁོག་རྫོང་གི་གཞི་རིམ་གྱི་ཆར་གཏོགས་པའི། བོན་བརྒྱ་ཞང་དང་ཉིན་ཤུག་ཞང་། བྱ་དར་ཞང་བཅས་ཀྱི་བོད་སྐད་ཡིག་སློབ་གསོའི་ལས་གནས་སྟེང་བསྟིམས། དེའི་རྗེས་གཅན་ཚ་རྫོང་ཆ་ཚང་སློབ་ཆུང་གཉིས་པ་རུ་ལས་གནས་སྤར་ནས། ད་ལྟ་ལ་ཐུག་གི་བར་དུ་སློབ་གྲྭ་དེ་ན་བློ་གསལ་སློབ་བུ་མང་པོའི་རྒྱུད་ལ་ཤེས་བྱའི་བུམ་བཟང་སྐྱིལ་བཞིན་དགེ་རྒན་བཟང་བོའི་རྨད་བྱུང་མཛད་པ་རྒྱུན་སྐྱོང་མུས་ཡིན། 
          རྩེ་ཁོག་དང་གཅན་ཚ་གང་ནས་སློབ་གསོ་གཉེར་རུང་། དགེ་རྒན་ཁོང་གིས་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་དང་དགའ་ཁ་འཁྱེར་ཕྱོགས་ལ་བརྩི་བཀུར་བྱས་ཏེ། སློབ་མ་སྐྱོང་རྒྱུ་ནི་སློབ་ཁྲིད་བྱས་ཏེ་སློབ་མའི་རང་རྒྱུད་ལ་ཤེས་བྱ་འཇོག་རྒྱུ་ཙམ་མ་ཡིན་པར། དེ་ལས་ལྷག་པའི་སློབ་མའི་ཀུན་སྤྱོད་དང་མི་གཞི་གསོ་སྐྱོང་ལ་གཙིགས་ཆེན་བྱས་པར་མ་ཟད། ད་དུང་སློབ་ཁྲིད་ཀྱི་རང་འཁྲིའི་ལས་ཀ་དེ་ཁུར་དུ་མ་བསམ་རྒྱན་དུ་བསམས་ནས། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ། སེམས་ཁམས། མི་གཤིས། ཀུན་སྤྱོད། དགའ་ཕྱོགས་སྔོག་འདོན་སོགས་ཕྱོགས་གང་ཅིའི་ཐད་དོ་སྣང་བྱས་ཏེ། སློབ་མ་ཕྱོགས་དུ་མ་ནས་འཚར་སྐྱེད་འབྱུང་བར་དགའ་སྣང་གིས་འཇུག་གིན་ཡོད། དེ་མིན་ད་དུང་དགེ་རྒན་ཁོང་གིས་དུས་རྒྱུན་རང་གིས་རང་ལ་རེ་བ་ནན་མོ་བཏོན་ནས། ཁྲིད་པ་དོན་གཉེར་གྱི་ལས་གནས་སྟེང་ནས་ལྷོད་གཡེང་གི་བསམ་བློ་སྤུ་ཙམ་ཡང་བཟུང་མ་མྱོང་བར་མ་ཟད། ད་ལྟ་ལ་ཐུག་གི་བར་དུ་ཕྱག་སྲོལ་བཟང་བོ་དེའི་རྒྱུན་མུར་བསྐྱངས་ནས་ཡོང་བ་རེད། 
          དགེ་རྒན་ལྷ་རྩེ་རྒྱལ་གྱིས་གསུངས་རྒྱུར། རྩེ་ཁོག་ན་དགེ་རྒན་གྱི་བྱ་བ་གཉེར་སྐབས་ངའི་སྣང་ངོ་ཞིག་ལ་རང་ཉིད་དགེ་རྒན་ཡིན་པ་གཞིར་བཞག་གི་སྟེང་ནས། སློབ་མའི་ཁྱིམ་བདག་དང་བདེ་འཇགས་ལ་འགན་སྲུང་བྱེད་མཁན། སློབ་མའི་གཙང་སྦྲ་ལ་དོ་སྣང་བགྱི་མཁན། སློབ་མའི་ལུས་ཕུང་བདེ་ཐང་ལ་འགན་ལེན་བྱེད་མཁན་བཅས་མདོར་ན་དགེ་རྒན་ཞེས་པའི་གདགས་གཞི་འདིས། སློབ་ཁྲིད་ཀྱི་ཕན་ཆད་ནས་ལས་ཀ་མང་པོ་ཞིག་འགན་གཅིག་ལྕོགས་བྱས་ཏེ་འཁུར་ཡོད་སྣང་སྐྱེས། ཐེངས་ཤིག་རྩེ་ཁོག་རྫོང་ཉིན་ཤུག་ཞང་རྟེའུ་ཚང་སློབ་ཆུང་ན་དགེ་རྒན་གྱི་ལས་ཀ་གཉེར་རིང་། སློབ་མ་གཉིས་ལ་གློ་བུར་དུ་ན་ཚ་བྱུང་ནས་སློབ་མའི་ཁྱིམ་བདག་ལ་དུས་ལྟར་སྐད་འཕྲོད་མི་ཐུབ་པ་སོགས་རྐྱེན་དུ་མའི་དབང་གིས། སློབ་མའི་ཁྱིམ་བདག་ལ་འབྲེལ་བ་བྱེད་མ་ཐུབ་པས། ངས་སློབ་མ་ནད་པ་དེ་གཉིས་ང་རང་གི་འཕྲུལ་རྟའི་འཕོངས་ལ་བཞག་ནས་ཉིན་ཤུག་ཞང་ཐོག་གི་སྨན་ཁང་དུ་སོང་བ་ཡིན། ལམ་བར་དུ་ངེད་གསུམ་གྱི་འཕྲུལ་རྟའི་རྐྱལ་བ་བཀད་པ་ན། ངས་སློབ་མ་གཅིག་ཅུང་ཐག་རིང་སར་འཁུར་རྗེས་ཡང་སློབ་མ་གཞན་ཞིག་ལེན་དུ་ཡོང་བ་ཡིན། དུས་དེར་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་འཛོམས་པོ་མིན་པའི་དབང་གིས་སྡུག་གང་མང་མྱངས། ཐ་ན་དགུན་ཐོན་ན་སློབ་ཁང་ནང་དྲོད་བསྐྱེད་ཆེད་དུ་འབྲོག་སའི་འབུད་ཆས་གཙོ་བོ་སྟེ་ཨོང་བ་འཐུ་བར་དགེ་རྒན་རང་ངོས་ནས་སློབ་མ་རྩ་འཛུགས་བྱས་ཏེ་ཨོང་བ་འཐུ་རུ་སོང་བ་ཐེངས་གང་མང་ཡིན་ཟེར། 
          གཞན་གྱི་བྱིས་པ་དང་རང་གི་སློབ་མ་འདི་དག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་སྒོ་ནས་མ་བསྐྱངས་ན། ཁྱིམ་བདག་དེ་འདྲ་མང་པོ་ཞིག་གི་རེ་བའི་མིག་ཟུང་གིས་དགེ་རྒན་ལ་བལྟས་ཡོད་པས། སློབ་མ་དང་ཁྱིམ་བདག་ཡོངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་རྒྱུ་གལ་འགངས་ཆེ་ཤོས་རེད། དགེ་རྒན་ཁོང་གི་ཐོག་མའི་བསམ་འདུན་ཡིན་ན། སློབ་མར་ཕན་ཐོགས་ཡོད་པ་དང་ཁྱིམ་བདག་གི་ཡིད་ཚིམ་ནུས་པའི་སློབ་གསོ་ཞིག་གཉེར་རྒྱུ་དེ་ཡིན། ཁོང་གིས་ཐོག་མའི་བསམ་འདུན་དེ་དང་ཚད་གཞི་དེ་ལྟ་བུ་ཞིག་སློབ་གསོ་གཉེར་བའི་བརྒྱུད་རིམ་ཆ་ཚང་བར་བརྒྱུས་ཏེ། སློབ་མ་ཡོངས་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོ་ནས་སློབ་ཁྲིད་བྱས་ནས། འགན་འཁྲི་ལྕི་མོ་དེ་ཕྲག་སྟེང་ནས་དུས་སྐད་ཅིག་ཙམ་ལའང་ལྷོད་གཡེང་བྱས་མྱོང་མེད། གལ་སྲིད། འཇིག་རྟེན་འདིའི་སྟེང་གི་མིའི་རང་རྒྱུད་ན་ཤ་ཚ་ཞེས་པ་ཞིག་དང་ལས་བཀུར་ཞེས་པ་ཞིག་མེད་པའི་ཆ་འཇོག་བྱས་པ་ཡིན་ན། གཞི་ནས་མི་དེའི་གང་བརྩམས་གང་བྱས་ཡོད་ཚད་ཚུལ་འཆོས་ཅན་དང་གཞན་དབང་ཅན་དུ་འགྱུར་ངེས་པར་མ་ཟད། རང་འཁྲིའི་ལས་ཀ་དེའང་དགའ་སྣང་ཞིག་ཏུ་མི་འགྲོ་བར་སྡུག་སྣང་ཞིག་ཏུ་འགྱུར་ངེས་པ་གདོན་མི་ཟ་ལ། དགེ་རྒན་ཞིག་ལ་མཚོན་ན་གཞན་ལ་ཤ་ཚ་དང་རང་གི་ལས་ཀར་དགའ་ཞེན་གོང་བཀུར་གྱི་བསམ་བློ་རྣལ་མ་ཞིག་བཅངས་པ་ཡིན་ན། དེས་རང་ཉིད་ཀྱི་སློབ་གསོའི་བཞུད་ལམ་འོད་དུ་བསྒྲོན་ནུས་པ་རྒན་ལྷ་རྩེ་རྒྱལ་ལགས་ཀྱི་སློབ་གསོ་གཉེར་བའི་བཞུད་ལམ་ལ་རྒྱང་སོ་ཐེངས་ཤིག་བལྟས་པ་ཡིན་ན་ར་གསལ་བོ་སྤྲད་འདུག་སྙམ།

          སློབ་མའི་སེམས་ཁམས་དང་དགའ་ཁ་འཁྱེར་ཕྱོགས་ལ་རྒྱུས་ལོན་བྱེད་རྒྱུ་དང་། ཁྲིད་བྱའི་བསླབ་དེབ་ལ་ནང་བྱན་ཆུད་པར་བྱེད་པ། ཁྲིད་ཐབས་ཀྱང་རང་ནུས་ཡོད་རྒུས་ཕན་པ་ཆེ་ཞིང་ལས་ཆོད་ཆེ་བ་ཅན་དུ་བསྒྱུར་བ། སློབ་གྲྭའི་དགེ་གྲོགས་རྣམས་ཀྱི་མཉམ་ལས་དང་རོགས་རམ་ལའང་དོ་སྣང་བྱེད་རྒྱུ་ནི་མི་ལོ་སོ་གསུམ་ལྷག་གི་རིང་ལ་སློབ་གསོའི་ལས་ཀ་གཉེར་བའི་དགེ་རྒན་ཁོང་གི་ཕྱག་སྲོལ་བཟང་བོ་ཡིན་པར་མ་ཟད། རང་གི་སློབ་མར་གྱུར་བའི་བྱིས་པ་གཅིག་ཀྱང་བརླག་མི་རུང་སྙམ་པ་ནི་ཁོང་གི་ཆོད་སེམས་བརྟན་པོ་དང་སྒུལ་ཤུགས་འཁྲུལ་མེད་རེད། 
          དགེ་རྒན་ལྷ་རྩེ་རྒྱལ་ལ2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་དུ་བདམས་ཐོན་བྱུང་ལ། ཁོང་གིས་བཤད་རྒྱུར། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟིགས་གཟོས་འདི་ཐོབ་པའི་བརྡ་གོ་མ་ཐག བརྡ་དེ་གོ་མ་ཐག ང་རང་ཧ་ཅང་དགའ་བྱུང་། གཟེངས་སྐྱེས་དེས་གཅིག་ནས་ངའི་མི་ཚེ་གང་བོར་སློབ་གསོའི་ལས་ཀ་གཉེར་བའི་བྱ་གཞག་འདི་ལ་ཁས་ལེན་ཡང་དག་ཅིག་བྱས་པ་དང་། ཕྱོགས་གཞན་ཞིག་གི་ཆ་ནས་བཤད་ན་རང་གིས་རང་ལ་མུ་མཐུད་དུ་ལས་འཁྱུར་ངལ་གསོ་མ་བྱས་ཀྱི་བར་དུ། སློབ་གསོའི་ལས་གནས་སྟེང་ནས་འབད་འབུངས་ཧུར་སྐྱེད་བྱེད་འདོད་པའི་སེམས་ཤུགས་ཤིག་ཀྱང་བསྩལ་བྱུང་། གཟེངས་སྐྱེས་འདི་ནི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཁས་ལེན་ཞིག་ཡིན་ནའང་། དེ་ཉིད་ངོམས་སོ་བྱེད་ཡུལ་ཞིག་ཏུ་བརྩིས་ན་གཏན་ནས་མི་འགྲིག རྒྱུ་མཚན་ཅིའི་ཕྱིར་ཅེ་ན། ངའི་གྲུབ་འབྲས་འདི་ནི་ངའི་མི་ལོ་སོ་གསུམ་ལྷག་གི་སློབ་གསོའི་ལས་གནས་སྟེང་གི་དགེ་གྲོགས་ཡོངས་ཀྱི་རྒྱབ་སྐྱོར་དང་རང་གི་ཁྱིམ་མིས་སློབ་གསོའི་ལས་གནས་འདི་ལ་བསམ་ཤེས་དང་གུ་ཡངས་བསྒོམས་པ། ཁྱིམ་བདག་རྣམས་ཀྱི་མཉམ་ལས་ཀྱི་བསམ་པ་བཅས་ལ་ཁ་འབྲལ་ཐབས་རྩ་བ་ནས་མེད་པས། ངས་ད་ཐེངས་ཀྱི་བཅར་འདྲིའི་གོ་སྐབས་འདི་བརྒྱུད་དེ་ཁོང་ཅག་ལ་བཀའ་དྲིན་ཆེ་ཞེས་ཞུ་ན་བསམ་ཡོད་ཟེར། 
          དགེ་རྒན་ལྷ་རྩེ་རྒྱལ་གྱི་རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་སེམས་ཀྱིས་ཁྲོ་མེད་ཡོད་ཚད་གསོང་བོར་སྨྲ་བའི་བླ་མེད་ཀྱི་གཤིས་སྤྱོད་ལས་གཞན། ཞིབ་ཚགས་ཅན་དང་གཟབ་ནན་ཅན། ལས་སྒོ་གང་ལ་འཇུག་ཀྱང་ལས་ཀའི་འགོ་བཟུང་མ་ཐག་ནས་དེ་མ་འགྲུབ་ཀྱི་བར་དུ་ཨུ་ཚུགས་མཐའ་འཁྱོལ་བྱེད་པའི་རྣམ་པ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། 
          དངོས་གནས་ལས་གང་ཞིག་བསྒྲུབ་རུང་རྟག་འགྲུས་བརྩོན་པ་དང་ཐོག་མའི་བསམ་འདུན་གྱིས་ལོང་ན། གྲུབ་འབྲས་ཐོབ་མིན་ཙམ་ལ་ཐེ་ཚོམ་བྱེད་པ་དང་། ཀུན་གྱིས་ཁོའི་བློས་གཏོང་ཆེན་མོའི་བསམ་སྦྱོར་དེ་ལྟ་བུ་མི་མཐོང་གིས་དོགས་པ་ནི་ངལ་བའི་རྒྱུ་ཁོ་ནར་སྣང་སྟེ། ས་བོན་ནས་བཏབ་ན་ནས་ཀྱི་འབྲས་བུ་འབྱུང་བ་ནི་རྒྱུ་འབྲས་མི་བསླུ་བའི་བདེན་ཚིག་ཡང་དག་ཡིན་པར་མ་ཟད། རྒྱལ་ཁབ་སློབ་གསོ་པུའུ་ཡི་སློབ་གསོའི་དྲང་གཞག་གི་རྒྱ་ཤིང་ཡང་ཡིན་པ། གཞི་རིམ་སློབ་གསོའི་ལས་གནས་སྟེང་ནས་མི་ལོ་སོ་གསུམ་གྱི་རིང་ལ་ཡོད་ཚད་བྱིས་པའི་ཆེད་དུ་བསྟིམས་ཟིན་པའི་དགེ་རྒན་དཀྱུས་མ་ལྷ་རྩེ་རྒྱལ་ལགས་ཀྱི། ཁོང་གི་ཆེས་དཀྱུས་མ་མ་ཡིན་པའི་གྲུབ་འབྲས་འདི་དག་གིས་ཀྱང་གསལ་ལེར་མཚོན་ནུས་སོ། །