མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ།

སྤེལ་དུས 2019-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཉེ་བའི་ལོ་ཤས་རིང་། ལྷ་སའི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་པ་དང་བསྟུན་ནས། མིག་སྔར་གྲོང་ཁྱེར་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་བསྡོམས་འབོར་ཁྲི་27.2ཟིན་པ་དང་། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་མི་གྲངས་ཁྲི་19.8ལྷག་ཙམ་ཟིན་ཞིང་། སྔོན་དཔག་ལྟར་ན། 2020ལོར་སླེབས་སྐབས་ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་ཚད་ཁྲི་35ཟིན་རྒྱུ་ཡིན་མོད། འོན་ཀྱང་ལྷ་ས་གྲོང་ཁྱེར་གྱི་ལམ་དྲ་འདུས་ཚད་སྤྱི་ལེ་ངོས་གྲུ་རེར་སྤྱི་ལེ་3.78ལས་མ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་64.2%ཡིན་པས། “ཕྱིར་སྐྱོད་སྐབས་འཁོར་རིགས་འགག་པ”དང“འཁོར་རིགས་འཇོག་ས་དཀོན་པའི”གནད་དོན་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་མང་ཚོགས་ཚོས་སེམས་ཁྲལ་ཆེ་ཤོས་དང་། སུན་སྣང་ཆེ་ཤོས། བློ་མི་བདེ་བ་ཆེ་ཤོས་བཅས་སུ་གྱུར་ཡོད་པ་རེད།
             “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བསྟུན་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ། འབེན་ཡོད་སར་མདའ་འཕེན་པའི་ཐོག་ནས་དག་ཐེར་བྱས་པ་རེད། སློབ་སྦྱོང་བྱེད་རིང་ཐོག་མའི་བསམ་འདུན་ཆེ་རུ་གཏོང་བ་དང་། ལྟ་བཤེར་བྱེད་རིང་གནད་དོན་འཚོལ་བ། ལས་ཀའི་ཁྲོད་ཕན་འབྲས་ཐོན་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་ཐབས་ཁག་མི་སེར་གྱི་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སུ་འགྱུར་བ་བྱས་ཏེ་མང་ཚོགས་ཕྱིར་སྐྱོད་སྐབས་སེམས་ཁྲལ་མེད་པ་དང་འཁོར་རིགས་འཇོག་རྒྱུར་སྟབས་བདེ་བསྐྲུན་པ་བརྒྱུད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ལས་འགྱུར་ལྡོག་མངོན་གསལ་ཕྱིན་པར་མྱོང་ཚོར་ཟབ་མོ་བྱུང་བ་རེད།
             ཐབས་བརྒྱ་ཇུས་སྟོང་གིས་ཞན་ཆ་གསབ་ནས་གྲོང་ཁྱེར་གྱི་ལམ་དྲ་ལེགས་སུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་དོན་ཆེན་ལ་བརྩིས་ནས། གྲོང་ཁྱེར་གྱི་མ་ལམ་ཕལ་པ་དང་གྲོང་ཁྱེར་གྱི་ཉིང་ལག་ལམ་བུ་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ་དང་། དྲ་ལམ་གྱི་བཀོད་ཇུས་བརྒྱུད་རིམ་ལྡན་པའི་ངང་ལེགས་སུ་བཏང་སྟེ། ལམ་དྲ་འདུས་ཚད་མཐོ་རུ་ནུས་ལྡན་བཏང་ཡོད་པ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་རྣམ་སྲས་ལམ་དང་། ནགས་ལས་ཉིང་ལག་ལམ། དགའ་སྐྱིད་ལམ་ལྷོ་ངོས་དུམ་བུ་སོགས་གྲོང་ཁྱེར་ལས་དོན་གྱི་འགྲོ་ལམ་འཛུགས་སྐྲུན་རྣམ་གྲངས་ཁག་ཅིག་འཆར་འགོད་ལག་བསྟར་བྱས་པ་དང་། གྲྭ་བཞི་ཤར་ལམ་དང་། ལྕགས་རོང་ལམ། པིན་ཧོ་ལམ་སོགས་གྲོང་ཁྱེར་ལས་དོན་གྱི་འགྲོ་ལམ་བཅོས་སྒྲིག་ལས་གྲྭ་སྤེལ་རྒྱུར་སྐུལ་འདེད་བཏང་བས། ལམ་གུ་དོག་ལ་ལམ་དྲ་འདུས་ཚད་མཐོ་བའི་དཀའ་གནད་ནུས་ལྡན་བསལ་ནས་གྲོང་མི་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ཡོད་པ་རེད།
             ——བློ་གཤོགས་ཆེན་པོས་དཀའ་གནད་བསལ་ནས་འཁོར་རིགས་འཇོག་ས་མང་དུ་བཏང་ཞིང་། “འཁོར་རིགས་སྐར་མ་ལྔ་གཏོང་བ་དང་སྒུག་ཡུན་ཆུ་ཚོད་ཕྱེད་ཀ་ཟིན་པ”དེ་ལྷ་སའི་འཁོར་བདག་མང་དག་ཅིག་ལ་ཉིན་ལྟར་འཕྲད་པའི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་4.64བཏང་སྟེ་ལམ་ཟུར་གྱི་རླངས་འཁོར་འཇོག་ཁུལ་50དང་། ས་འོག་རླངས་འཁོར་འཇོག་ཡུལ་9 རླངས་འཁོར་འཇོག་ས་8437བཅས་གསར་དུ་བསྐྲུན་པ་དང་། ཟླ་10པའི་ཟླ་མཇུག་བར། ལམ་ཟུར་གྱི་རླངས་འཁོར་འཇོག་སའི་རྣམ་གྲངས་ནང་ལམ་དུམ་37གྱི་རླངས་འཁོར་འཇོག་ས་4392གྱི་ཐིག་འཐེན་ལས་དོན་ལེགས་གྲུབ་ཟིན་པ་དང་། ལྗོངས་ཡོངས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རླངས་འཁོར་འཇོག་ཡུལ་ཐོག་མ་སྟེ། ཆུ་མིག་ལམ་རིག་ནུས་ཅན་གྱི་ཕྱོགས་བསྡུས་རླངས་འཁོར་འཇོག་ཡུལ་གྱི་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་དང་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་གྲབས་ཡོད་པ་རེད། མ་ཕམ་གཡུ་མཚོ་གསོལ་མགྲོན་ཁང་གི་ས་འོག་རླངས་འཁོར་འཇོག་ཡུལ་དང་ཚོད་ལྟའི་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ཡུལ་སོགས་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པ་དང་། སྔོན་དཔག་ལྟར་ན། 2020ལོའི་ཟླ་3པར་ཚང་མ་བསྐྲུན་ནས་སྤྱོད་རྒྱུ་ཡིན་པ་རེད།
             ——འགག་བཅོས་ཤར་བགྲོད་ཀྱི“ཆ་འཕྲིན་ཅན”ལ་བརྟེན་ནས་རིག་ལྡན་འགྲིམ་འགྲུལ་བཏོད་ཅིང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཨ་ལི་པ་པ་ཚོགས་པ་དང་མཉམ་དུ་ལྷ་སའི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས“གྲངས་འཛིན་ལྷ་ས། གྲོང་ཁྱེར་གྱི་འཕྲུལ་མིག”འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་དང་། “གྲོང་ཁྱེར་གྱི་འཕྲུལ་མིག འགྲིམ་འགྲུལ”གྱི་ལས་སྟེགས་སྔོན་ལ་གཏོད་པ། འགྲིམ་འགྲུལ་གནས་ཚུལ་སྔོན་དཔག་བྱ་ཐབས་བཟོ་བ་བཅས་བྱས་ནས་འགྲོ་ལམ་འགག་པའི་གནས་ཚུལ་དུས་ཐོག་ཏུ་ཤེས་པ་དང་། གནད་སྨིན་སྔོན་དཔག ལམ་སེང་བརྡ་གཏོང་བཅས་ཐུབ་ཡོད། ལས་སྟེགས་སྤྱོད་འགོ་ཚུགས་ཚུན། རིམ་རྩིས་ལྟར་ན། འགྲིམ་འགྲུལ་གནས་ཚུལ་ཁྲི་30ཙམ་དབྱེ་འབྱེད་བྱས་པ་དང་། དབྱེ་འབྱེད་གནད་ལ་འཁེལ་ཚད་90%ལྷག་ཙམ་ཟིན་པ། འགྲིམ་འགྲུལ་འགག་པའི་གནས་ཚུལ་ཁྲི་22ཙམ་སྔོན་དཔག་བྱས་པ། སྔོན་དཔག་གནད་ལ་འཁེལ་ཚད་93%ཟིན་པ་བཅས་དང་ཆབས་ཅིག འགྲིམ་འགྲུལ་གྱི་ཕོན་འབོར་ལ་བརྟེན་ནས། ཉེན་རྟོག་པའི་སྟོབས་ཤུགས་བཀོད་གཏོང་ལེགས་གཏོང་དང་དེ་བཞིན་ལམ་སྒྲོན་དམར་པོ་དང་ལྗང་གུར་བརྟེན་ནས་ཚོད་འཛིན་བྱས་པས། གྲོང་ཁུལ་གྱི་ལམ་དུམ་གཙོ་བོའི་རྒྱུག་འབོར་གྱི་སྔོན་དཔག་ཐུབ་ཚད་90%ལྷག་ཙམ་ཟིན་ཏེ། “རིག་ལྡན་འགྲིམ་འགྲུལ”ལ་བརྟེན་ནས་འགག་བཅོས་ཤར་བགྲོད་ཀྱི་བྱ་ཐབས་ཡག་ཤོས་འཚོལ་ཞིབ་བྱས་པ་རེད།
             —— སྤྱི་སྤྱོད་རླངས་འཁོར་གྱི“ཆེད་སྤྱོད་ལམ”བཟོས་ནས་ལྗང་མདོག་འགྲོ་སྐྱོད་བྱ་རྒྱུར་སྐུལ་ལྕག་བྱས་ཤིང་། “སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་དབྱེ་མཚམས་འབྱེད་པ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་གྲོང་ཁྱེར་འགྲོ་ལམ་འགྲིམ་འགྲུལ་དོ་དམ་གྱི་བྱ་ཐབས་ཤིག་ཡིན་པ་དང་། སྤྱི་སྤྱོད་རླངས་འཁོར་སྔོན་འཇོག་དང་ལྗང་མདོག་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་སྔོན་དུ་འཇོག་པ་ནི། མི་སེར་དང་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་པ་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འགན་འཁུར་བས་བཤད། ཁོང་གིས“སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བཟོ་བའི་གཞི་རྩའི་ཆ་རྐྱེན་ནི་ཕྱོགས་གཉིས་སུ་འཁོར་ལམ་དྲུག་དགོས་པ་དེ་ཡིན། མིག་སྔར། ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བཟོས་པའི་ལམ་ཐག་རིང་ཚད་བསྡོམས་འབོར(ཕྱོགས་གཉིས)སྤྱི་ལེ་46ཟིན་པ་དང་། ལམ་བར་དུ་ཅང་སུའུ་ལམ་དང་། པེ་ཅིང་ལམ། བཅིངས་འགྲོལ་ལམ། གླིང་སྐོར་ལམ། རྔ་ཆེན་ལམ་སོགས་བརྒྱུད་དགོས་ཀྱི་ཡོད། མིག་སྔར་ཚོད་ལྟ་འཁོར་སྐྱོད་བྱེད་རིང་། འགྲིམ་འགྲུལ་འགག་པའི་སྣང་ཚུལ་ཐོན་མོད། འོན་ཀྱང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་གཞི་རྩའི་ཆ་ནས་ཤར་བགྲོད་ཐུབ་པ་དེ་ཡང་ཚང་མ་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་འགྲོ་སྐྱོད་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ་དང་། གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ། ཤར་བགྲོད་ཐུབ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།
             གསར་འགོད་པར་ཤེས་རྟོགས་བྱུང་གསལ། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི”མཛུབ་སྟོན་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། གྲོང་ཁྱེར་འགྲིམ་འགྲུལ་གྱི་ཞིབ་ཚགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་འགག་པ་དང་། འགྲོ་སྐྱོད་དཀའ་བ། རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གྲོང་ཁྱེར་གྱི་དཀའ་གནད་རྒྱུན་སྲིང་ལྷོད་མེད་ངང་བཅོས་སྒྲིག་བྱེད་པ། གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་དཀའ་གནད་རྩ་བ་ནས་སེལ་རྒྱུར་ཤུགས་སྣོན་རྒྱག་པ། བདེ་འཇགས་དང་། སྟབས་བདེ། ནུས་ཆེ། ལྗང་མདོག དཔལ་འབྱོར་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་པ། “ལམ་དྲ་ཁྱབ་ཆེ་བ་དང་། འགྲོ་སྐྱོད་སྟབས་བདེ་བ། གོ་རིམ་ལྡན་པ། འཚོ་བ་བདེ་སྐྱིད་ལྡན་པ”བཅས་ཀྱི་གྲོང་ཁྱེར་འགྲིམ་འགྲུལ་གྱི་ཁོར་ཡུག་གསར་པ་གཏོད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དུས་རབས་གསར་པའི་བདེ་སྐྱིད་འཚོ་བའི་ལམ་ཆེན་ཐོག་ཤར་བགྲོད་ཐུབ་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།