བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན།

སྤེལ་དུས 2020-01-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             རྩོམ་སྒྲིག་པའི་སྦྲགས་མཆན།
             2020ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད། འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དུས་ཚོད་དང་སེམས་ནུས་མང་པོ་སྤྱད་དེ་འཚམས་འདྲི་དང་བརྟག་ཞིབ་བྱས་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་ནས་གནད་ལ་འཁེལ་བ་དང་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འགོ་འབོར་ཆེན་གྲ་སྒྲིག་བྱས་ཡོད། དེ་རིང་ནས་བཟུང“འགན་སྒྲུབ་གཏམ་རྒྱུད”ཅེས་པའི་རིམ་སྤེལ་གནས་ཚུལ་འགོད་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
འདི་ནི་ཚེ་རིང་བུ་ཁྲིད(གཡོན་གྱི་དང་པོ)མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཟིགས་ཞིབ་བྱེད་སྒོར་ཞུགས་བཞིན་པ།
 ཟླ་1ཚེས་4ཉིན། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་སར་འབྱོར་པ།
             “མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱི‘འཐུས་མིའི་ཁྱིམ་ཚང’ཐོག་ནས‘མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ངས་མི་དམངས་ཀྱི་འཐུས་མི་ཡག་པོ་ཞིག་བྱ་རྒྱུ་ཡིན’ཞེས་པའི་ཚིག་དུམ་དེ་མཐོང་རྗེས། རང་ཉིད་ནས་ཚིག་དུམ་དེ་ཉིད་འགན་འཁྲི་གཙང་སྒྲུབ་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་དུ་བརྩིས་ཏེ་སེམས་ལ་བརྟན་པོར་བཅངས་བ་དང་ལས་ཀའི་ཁྲོད་དོན་འཁྱོལ་ཡོང་བ་བྱས་ཡོད”ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་ཚོགས་པའི་ཏང་དོན་དང་མང་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་རིང་བུ་ཁྲིད་ཀྱིས་དེ་ལྟར་བརྗོད་པ་རེད།
             2000ལོར་ཚེ་རིང་བུ་ཁྲིད་མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་ཚོགས་པའི་ནང་ཞུགས་ནས་ཡུལ་སྐོར་གྱི་འབྲེལ་ཡོད་ལས་ཀ་བྱེད་རིང་མངའ་རིས་ཞང་ཞུང་གསོལ་མགྲོན་ཁང་གི་ཅིང་ལིའི་འགན་འཁུར་ཡོད། ལས་ལ་བརྩོན་ཞིང་གང་ཅིར་འགན་འཁུར་པོ་ཡོད་པས་ལས་རོགས་ཚང་མའི་བློ་གཏད་བཅོལ་ཡུལ་དུ་གྱུར། 2017ལོའི་ལོ་མཇུག་ཏུ། མངའ་རིས་ས་ཁུལ་གྱིས་ཁེ་ལས་ལས་རིགས་ཀྱི་མི་དམངས་འཐུས་མི་འདེམས་སྐབས་ཁེ་ལས་ཀྱི་འོས་མི་6ནང་ནས་ཁོང་བདམས་ཏེ་མངའ་རིས་ས་ཁུལ་གྱི་ཁེ་ལས་ལས་རིགས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་གྱུར་པ་རེད།
             འཐུས་མིར་བདམས་རྗེས། ཚེ་རིང་བུ་ཁྲིད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ཧུར་ཐག་འཁུར་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གཟིགས་ཞིབ་དང་། བརྟག་ཞིབ། ཞིབ་བཤེར་བཅས་ཀྱི་བྱེད་སྒོར་ཞུགས། 2019ལོར་ཁོང་གིས་མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི“བརྟན་ལྷིང་འགན་ལེན་དང་།དམངས་འཚོ་ལེགས་གཏོང་། ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་གཙང་སྒྲུབ་ཀྱི་བྱེད་སྒོ”དང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྲོལ་ཡིག》གི་དུས་འགོའི་བརྟག་ཞིབ། “ཤར་རྒྱུད་རྫོང་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་སོགས་བྱེད་སྒོ་གལ་ཆེན་ནང་ཞུགས་ཡོད།
             2018ལོ་དང་2019ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག ཚེ་རིང་བུ་ཁྲིད་ཀྱིས་སྔ་རྗེས་སུ་མ་དངུལ་སྲིད་ཇུས་དངོས་ཚན་ཁེ་ལས་ལ་གཟིགས་སྐྱོང་དང་སྨན་བཅོས་རྩིས་ཞུའི“གཱ་གཅིག་ཀུན་འཐུས”ལག་བསྟར་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་རྗེས། མངའ་རིས་ས་ཁུལ་གྱི་ལས་རིགས་སློབ་གསོར་སློབ་ཐོན་ལག་ཁྱེར་ཁོ་ན་སྤྲོད་པ་ལས་རྩལ་ནུས་ལག་ཁྱེར་སྤྲོད་ཀྱི་མེད་པའི་རྐྱེན་གྱིས། སློབ་ཐོན་སློབ་མ་མང་པོ་ཞིག་ལ་ལས་ཀ་འཚོལ་དཀའ་བ་དང་ཐོབ་ཐང་དམའ་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པ་ཤེས་རྟོགས་བྱུང་ཡོད། འདི་ལོ་ཁོང་གིས་མངའ་རིས་ས་ཁུལ་དུ་ལས་རིགས་རྩལ་ནུས་གསལ་འབྱེད་ཁང་འཛུགས་དགོས་པའི་གྲོས་འགོ་འདོན་རྒྱུའི་གྲ་སྒྲིག་བྱས་ཡོད་པ་རེད།
             “ལོ་གཉིས་རིང་། རང་ཉིད་ཀྱི་ལས་འགན་ལྕི་པོ་ཡོད་ཀྱང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་བེད་སྤྱོད་ཡག་པོ་བཏང་སྟེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་རྒྱུན་མཐུད་ལེགས་སུ་འགྲོ་གྱུར་ཐབས་དང་ཇུས་འདོན་རྒྱུ་ཡིན”ཞེས་བརྗོད་པ་རེད།
 ཟླ་1ཚེས་4ཉིན། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་ཆེན་ལ་འབྱོར་ཐོ་འགོད་བཞིན་པ།