རྨ་ལྷོའི་ལྗོངས་ཁུལ་ཆེན་པོ་བཞིའི་ལམ་ཐིག་ལེགས་ཤོས་བཞི་བཏོན་ནས་རྒྱལ་སྟོན་ཟླ་མཆོད་སྐབས་སུ་འགྲུལ་བ་སྣེ་ལེན་བྱ་རྒྱུ་རེད།
སྤེལ་དུས 2025-09-28
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས23ཉིན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་སྔ་རོལ་ཏུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ལྗོངས་ཁུལ་ཆེན་པོ་བཞི་དང་དམིགས་གཏད་རང་བཞིན་གྱི་ཡུལ་སྐོར་ལམ་ཐིག་བཞི་བཏོན་ནས། ས་གནས་སོ་སོའི་ཡུལ་སྐོར་བར་རྒྱུ་མང་ཅན་གྱི་འགྲོ་འོང་བདམས་གསེས་མཁོ་འདོན་བྱས།
ལྗོངས་ཁུལ་ཆེན་པོ་བཞིར་སོ་སོར་ཁྱད་ཆོས་ལྡན། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་དང་། གདོད་མའི་ནགས་ཚལ། ཆུ་གློག་ས་ཚིགས་ཀྱི་ཆུ་རགས། གྲོག་རོང་ཆུ་མཛོད་སོགས་ལྗོངས་ཁུལ་དུ། ཡུལ་ལྗོངས་ལྟ་སྐོར་བྱེད་པར་འཚམས་ཤིང་། རེབ་གོང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་མཁར་གྲོང་ཡུལ་སྐོར་ལྗོངས་ཁུལ་དེ“རེབ་གོང་སྒྱུ་རྩལ”དཀྱིལ་སྙིང་ས་ཁུལ་དུ། དེའི་མངའ་ཁོངས་སུ་རོང་བོ་གནའ་མཁར་དང་། རེབ་གོང་ཐང་གའི་སྒྱུ་རྩལ་མཁར་གྲོང་ཆུང་བ། རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་སོགས་ཡུལ་སྐོར་ལྗོངས་ཁུལ་དུ། རིག་གནས་ཀྱི་རྨང་མཐུག་ཅིང་། རྩེ་ཁོག་རྫོང་སྐྱིད་པོ་རིའི་ཡུལ་སྐོར་ལྗོངས་ཁུལ་གྱིས། སྐྱེ་ཁམས་རྩྭ་ཐང་དང་། རྩེ་ཆུ་གཙོར་བཟུང་ནས། ཡུལ་སྐོར་བའི་འོ་མ་འཐེན་པ་དང་། ནོར་ནག་གི་ཐག་འཐག་པ་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མྱོང་རོལ་བྱེད་པ། འབྲོག་པའི་དམངས་སྲོལ་རིག་གནས་ལ་མྱོང་རོལ་བྱས་ཆོག ཧི་ནན་སོག་རིགས་རང་སྐྱོང་རྫོང་ཐའོ་ཧུ་ཡོན་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནང་དུ་རྩྭ་ཐང་དང་། བརླན་ས། ནགས་ཚལ་སོགས་སྐྱེ་ཁམས་མཛེས་ལྗོངས་ལ་མྱོང་རོལ་བྱས་ཆོག
བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། དེ་མིན་ཞིང་ཆེན་ནང་ཁུལ་གྱི་འགྲུལ་བར་དམིགས་ནས། ལམ་ཐིག་ལེགས་ཤོས་བཞི་འཆར་འགོད་བྱས་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་བས་ཟི་ལིང་ནས་ལམ་ལམ་ཆས་ཏེ། ཧོང་ཀྲུང་སྐུ་འབུམ་དགོན་པ་དང་། གཅན་ཚའི་ཁམས་ར། རེབ་གོང་ལོ་རྒྱུས་རིག་གནས་གནའ་མཁར་བརྒྱུད་དེ། མཐའ་མར་སི་ཁྲོན་ཁྲིན་ཏུའུ་ལ་སླེབས་ཆོག ཀན་སུའུ་ཡི་ཡུལ་སྐོར་བས་ཀན་ལྷོ་ཁུལ་གྱི་གཙོད་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ། ཐུན་རིན་དང་གཅན་ཚའི་བདེ་སྐྱིད་སྡེ་བ། ཁམས་ར། དེ་ནས་ཧོང་ཀྲུང་སྐུ་འབུམ་དགོན་པ། མཚོ་སྔོན་པོ། མཐའ་མར་ལན་ཀྲུར་སླེབས་ཆོག སི་ཁྲོན་དང་ཡུན་ནན་གྱི་ཡུལ་སྐོར་བས་སི་ཁྲོན་ཁྲིན་ཏུའུ་འམ་ཡང་ན་གཟི་ཚ་སྡེ་དགུ་ནས་མགོ་བརྩམས་ཏེ། ཧི་ནན་རྫོང་ཐའོ་ཧུ་ཡོན་བརླན་སའི་སྤྱི་གླིང་དང་། རྩེ་ཁོག་སྐྱིད་པོ་རིའི་ལྗོངས་ཁུལ། ཐུན་རིན་དང་། ཁམས་ར། སྐུ་འབུམ་དགོན། མཚོ་སྔོན་པོ། མཐའ་མར་ཟི་ལིང་དུ་འབྱོར་ཐུབ། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བའི་ཟི་ལིང་ཕན་ཚུན་བར་འགྲོ་འོང་བྱེད་པ་དང་། ལམ་བར་དུ་ཁམས་ར་དང་གཅན་ཚའི་བདེ་སྐྱིད་སྡེ་བ། ཐུན་རིན། རྩེ་ཁོག་ཧོར་རྡོ་བརྐོས་སྐྱེ་ཁམས་ལྗོངས་ཁུལ་སོགས་སུ་སོང་ཆོག དེ་མིན། རྒྱལ་སྟོན་སྐབས་སུ། ཁམས་རའི་རྒྱལ་སྤྱིའི་མགྲོན་བྲང་དུ་བསྡད་དེ། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་རིན་མེད་པ་སེ་དང་། ལྗོངས་ཁུལ་གྱི་འགྲིམ་འགྲུལ་པ་སེའི་དམིགས་བསལ་ལོངས་སུ་སྤྱད་ཆོག
རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་རིག་གནས་ཡུལ་སྐོར་ཁུ་ཡི་ཁུ་ཀྲང་ཤ་བོ་སྐྱབས་ཀྱིས་མཚམས་སྦྱོར་བྱས་དོན། ཡུལ་སྐོར་བའི་མྱོང་རོལ་ལ་འགན་སྲུང་བྱ་ཆེད། “དུས་ཆེན་གཉིས”སྐབས་སུ། རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་འགྲིམ་འགྲུལ་སྡེ་ཁག་དང་མཉམ་འབྲེལ་སྒོས་འགྲིམ་འགྲུལ་ལ་ཤུགས་སྣོན་དང་། ལྗོངས་ཁུལ་སྒྲིག་ཆས་འཐུས་ཚང་ལ་ཤུགས་བསྣན་ནས། བོད་ཀྱི་གླུ་གར་འཁྲབ་སྟོན་དང་། ཁྱད་ལྡན་ཟས་མཆོག་དུས་ཆེན། ལག་ཤེས་སྒྱུ་རྩལ་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་ཏེ། ཡུལ་སྐོར་བའི་རྨ་ལྷོའི་མཛེས་པར་མྱོང་རོལ་བྱེད་དུ་འཇུག་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། དཔལ་གཡང་།