ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་སྐབས། སྔར་ལས་ལྷག་པར་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་མོ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་སྟོབས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྒྲིག་ཁྲིམས་ནན་མོ་སྤྱོད་པའི་བརྡ་ཐོ་གཏོང་ཆེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་འགྲེམ་སྤེལ་བྱས་ནས། དུས་ཆེན་སྐབས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཐད་བཀོད་སྒྲིག་བྱས།
བརྡ་ཐོ་ལས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་བ་དང་ཕན་ནུས་ལྡན་པའི་སྒྲིག་སྲོལ་ནན་མོ་ཞིག་ཡིན་པ་དང་། རྒྱུན་མཐུད་གྱིས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ཀྱི་སྐུད་པ་དམ་ཟབ་ཏུ་གཏོང་བ། སྒྲིག་འགལ་གྱིས་ཟ་འཐུང་བྱེད་པའི“གཏན་འགོག་བཅུ”དང་།“བྱེད་ཐབས་དགུ”དང་། སྒྲིག་འགལ་གྱིས་ལག་སྐྱེས་ལེན་པ།“སྒྲིག་སྲོལ་བདུན”སོགས་བླང་བྱ་སྣེ་ཁྲིད་ནས་དོན་འཁྱོལ་བྱས་ཏེ། དོན་དངོས་སྟེང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་རྒྱུན་ལྡན་གྱི་སྤྱོད་ཚུལ་རྩ་དོན་ལ་བསྒྱུར་དགོས་ལ། བསམ་བློ་ཐད་ཀྱི་ལྷོད་གཡེང་དང་བྱ་སྤྱོད་ཚད་གཞི་མི་མཐུན་པར་གཏན་འགོག་བྱེད་པ། དུས་ཆེན་སྐབས་ཀྱི་གཉེན་ཉེ་གྲོགས་པོ་ལ་འཚམས་འདྲི་བྱེད་པ་དང་ཕྱི་ལ་ཡུལ་སྐོར་བྱེད་པའི་གོ་སྐབས་དང་བསྟུན་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་དང་ལག་རྟགས་ལེན་པ། གཞུང་དངུལ་བཀོལ་ནས་ཡུལ་སྐོར་བྱེད་པ། གཞུང་བྱེད་པས་ཆང་འཐུང་ནས་རླངས་འཁོར་སྐོར་བ། རྒྱན་འཇོག་ནང་ཞུགས་པར་གཏན་ནས་སྔོན་འགོག་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་སྤྱོད་ཚུལ་གསར་པ་དང་དྲང་བདེན་དར་སྤེལ་གཏོང་བ་དང་། སྤྱོད་གཙང་ལ་བརྩི་བཀུར་དང་རུལ་སུངས་ལ་བཀག་འགོག དཀའ་སྤྱད་འབད་འཐབ་སོགས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། རྒྱས་སྤྲོས་ཆུད་ཟོས་དང་།“རིན་གོང་མཐོན་པོ་ཡིན་པའི་གཉེན་རྟགས”སོགས་ཀྱི་གནད་དོན་ལ་ངོ་རྒོལ་བྱེད་པ་སོགས། ཏང་གི་སྲོལ་བཟང་ལ་བརྟེན་ནས་སྤྱི་ཚོགས་གི་ཁ་དབུགས་ལེགས་པོ་བསྒྱུར་དགོས་པའི་བླང་བྱ་བཏོན།
བརྡ་ཐོ་ལས་ནན་གྱིས་བསྟན་དོན། ཏང་རྩ་འཛུགས་རིམ་པ་སོ་སོའི་སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རིམ་པ་སོ་སོས་བརྒྱུད་འདྲེན་གནོན་ཤུགས་དང་རིམ་པ་སོ་སོས་འགན་འཁྲི་དོན་འཁྱོལ་བྱེད་པ། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས“འཕྲིན་ཡིག་དང་འཚམས་འདྲི། དྲ་རྒྱུ། གློག་འཕྲིན། ཨང་རིགས”ལྟ་སྐུལ་ཐེར་འདོན་ཀྱི་བགྲོད་ལམ་སྔར་ལས་ཇེ་ཡངས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྒྲིག་ཁྲིམས་འགལ་བའི་ཐེར་འདོན་བྱ་སྤྱོད་ལ་ལྟ་སྐུལ་བྱས་ཏེ། ཕྱོགས་ཡོངས་སུ་་ལྟ་སྐུལ་དང་མི་ཚང་མར་ལྟ་སྐུལ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་གཟབ་ནན་བྱེད་པ་དང་སྤྱོད་གཙང་དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་དགོས།
སྤྱི་ཚོགས་གྱི་ལས་རིགས་ཁག་གིས་གཤམ་གྱི་རྣམ་པ་བརྒྱུད་དེ་ལྟ་སྐུལ་དང་ཐེར་འདོན་ནང་ཞུགས་ཆོག་པ་སྟེ།
བྱེད་སྟངས་དང་པོ། ཐེར་འདོན་ཁ་པར་ལ་ཁ་པར་གཏོང་བ། 0971-12388དང་།
བྱེད་སྟངས་གཉིས་པ། ཐེར་འདོན་འཕྲིན་ཡིག་བསྐུར་བ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་གྱི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཨང་348པ། སྦྲག་ཨང་810000བཅས་ཡིན།
བྱེད་སྟངས་གསུམ་པ། དྲ་རྒྱའི་ཐེར་འདོན་བྱེད་པ། http://www.qinghai.12388.gov.cn/
བྱེད་སྟངས་བཞི། ཐེར་འདོན་འཚམས་འདྲི་ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེརབདུན་གཅིག་ལམ་གྱི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འཕྲིན་བཅར་སྣེ་ལེན་ཁང་ཨང་346པ།
བྱེད་སྟངས་ལྔ་པ། ཨང་རྟགས་བཤེར་འབེབས་བྱས་ཏེ་ཐེར་འདོན་བྱེད་པ།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན།
2025ལོའི་ཟླ9པའི་ཚེས23ཉིན།
རྩོམ་སྒྲིག་པ། དཔལ་གཡང་།