ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་ཆུང་བྱིས་པ“དྲུག་གཅིག”སྐབས་སུ་ནང་སོག་དང་པེ་ཅིན་གྱི་ལག་ལེན་སྒར་ས་རུ་བསྐྱོད་པའི་བྱ་འགུལ་སྤེལ་མགོ་བརྩམས་པ།

སྤེལ་དུས 2024-06-13 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ།
             གསར་འགོད་པས་གུང་གཞོན་ཚོགས་པའི་ཀྲུང་དབྱང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ཆུང་གདོང་ལེན་རུ་མི་མེས་རྒྱལ་ལ་དགའ་བའི་སེ་འབྲུ་ཁྱིམ་ཚང་གཅིག་ལྟར་བརྩེ”པའི་རྒྱལ་ཡོངས་མི་རིགས་སོ་སོའི་ལོ་ཆུང་བྱིས་པའི“དྲུག་གཅིག”སྐབས་སུ་ནང་སོག་དང་པེ་ཅིན་གྱི་ལག་ལེན་སྒར་ས་རུ་བསྐྱོད་པའི་བྱ་འགུལ་ཚེས28ཉིན་ནང་སོག་ཧུའུ་ཧོ་ཧའོ་ཐེ་རུ་འཚོགས་པ་རེད། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་མི་རིགས56གི་ལོ་ཆུང་བྱིས་པའི་འཐུས་མི100ལྷག་བྱ་འགུལ་ལ་ཞུགས།
             བྱ་འགུལ་མགོ་ཚུགས་པའི་མཛད་སྒོའི་སྟེང“རྩྭ་ཐང་གི་དཔའ་བོའི་གཅེན་གཅུང་ཆུང་ཆུང”ལུང་མེ་དང་ཡུས་རུང་གིས་ཁ་བ་བུ་ཡུག་ཁྲོད་མཉམ་སྡེབ་ལུག་ཁྱུ་སྲུང་སྐྱོང་བྱས་པའི་དཔའ་བོའི་བྱས་རྗེས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྲོག་འགྲེལ“རྟ་དམག་ཆུང་ཆུང”གིས་དྭ་ཕྲུག་སུམ་སྟོང་ནང་སོག་ཏུ་བསྐྱོད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པ། ཞི་ལིན་ཀོའོ་མོང་གི“རྒྱལ་ཁབ་ཀྱི་ཕྲུ་གུའི”རྗེས་རབས་པས“རྩྭ་ཐང་གི་ཨ་མ”ཏུའུ་ཀུའེ་མ་གཅིག་པུས་ཕྲུ་གུ28གསོ་སྐྱོང་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས། སྒར་མགོ་ཚུགས་པའི་མཛད་སྒོ་མ་སྤེལ་གོང་མི་རིགས་སོ་སོའི་ལོ་ཆུང་བྱིས་པས“ལྗང་མདོག་གསར་པ་འདེབས་པའི”“འབྱུང་འགྱུར་མཉམ་བསྐྲུན”གྱི་བྱ་འགུལ་སྤེལ་ནས་མཉམ་དུ་ཡུང་ཧྲན་སྡོང་བོ75ལས་གྲུབ་པའི“ལོ་ཆུང་གདོང་ལེན་རུ་ཁག་གི་ནགས་ཚལ”བསྐྲུན།
             རྒྱུས་ལོན་ལྟར་ན། ཐེངས་འདིའི་ལག་ལེན་སྒར་སར་དུས་ཡུན་ཉིན6ཡིན་པ་དང་། མི་རིགས་སོ་སོའི་ལོ་ཆུང་བྱིས་པའི་འཐུས་མིས་ནང་སོག་དང་པེ་ཅིན་ས་ཁུལ་གཉིས་ཀྱི“སེམས་གཅིག་མཉམ་དུ་རི་མོ་འབྲི་བ་དང་མཉམ་དུ་འབྱུང་འགྱུར་གཏོད་པའི”བྱ་འགུལ་དང་། “སེ་འབྲུ་མེས་རྒྱལ་དུ་བསྐྱོད་པའི”བརྗོད་དོན་རུ་ཁག་ཉིན་མོ། “རྒྱལ་དར་ལ་གུས་འདུད་ཞུ་བ”དང་།“ལོ་ཆུང་གདོང་ལེན་རུ་མི་མེས་རྒྱལ་ལ་དགའ་བ”ཞེས་པའི་རྒྱལ་དར་བརྒྱུད་སྤྲོད་སོགས་ཀྱི་བྱ་འགུལ་རབ་དང་རིམ་པར་ཞུགས་རྒྱུ་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གྲོས་འགོ་ཁྱབ་བསྒྲགས་བྱ་རྒྱུ་རེད།  །
 
རྩོམ་སྒྲིག་པ། དཔལ་གཡང་།