ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁྱིམ་བདག་ཚོར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད།

སྤེལ་དུས 2025-03-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    མོ་ཊ་འགག་པའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། སློབ་མ་བསུ་སྐྱེལ་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཛུབ་སྟོན་གྱི་དགོངས་དོན་ལ་གཞིགས་ནས། བརྟག་ཞིབ་གཏིང་ཟབ་དང་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་དང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་སོགས་དང་མཐུན་སྦྱོར་བྱས་པ་བརྒྱུད། 2023ལོར“སློབ་མ་བསུ་སྐྱེལ་གྱི་སྤྱི་སྤྱོད་རླངས་འཁོར”ཚོད་ལྟའི་སྒོ་ནས་གཏོང་འགོ་ཚུགས་ཡོད།  

    སློབ་མ་བསུ་སྐྱེལ་གྱི་དགོས་མཁོ་དང་དེ་བཞིན་སློབ་གྲྭའི་གནས་ཡུལ་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དང་། ཉང་བྲན་ཁྲོམ་གཞུང་། ཚལ་གུང་ཐང་ཁྲོམ་གཞུང་བཅས་སུ“སློབ་མ་བསུ་སྐྱེལ་གྱི་སྤྱི་སྤྱོད་རླངས་འཁོར”བཏང་ཡོད།  

    “སློབ་མ་བསུ་སྐྱེལ་གྱི་སྤྱི་སྤྱོད་རླངས་འཁོར”གྱིས་ཉིན་ལྟར་ཞོགས་པའི་ཆུ་ཚོད་7པར་སློབ་མ་སློབ་གྲྭར་སྐྱེལ་བ་དང་། ཕྱི་དྲོའི་ཆུ་ཚོད་6པར་སློབ་མ་སློབ་གྲྭ་ནས་བསུ་བར་འགྲོ་གི་ཡོད་པས། དེས་ཁྱིམ་བདག་གི་ཁུར་པོ་ཡང་དུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་བདེ་འཇགས་ཨང་དང་པོར་བརྩིས་ནས། འཁོར་རིགས་ལ་བདེ་འཇགས་ཀྱི་སྒྲིག་བཀོད་བསྒར་བ་ཕུད། ད་དུང་སློབ་གྲྭ་དང་སྡེ་ཁུལ་དང་མཐུན་སྦྱོར་བྱས་ནས་རླངས་འཁོར་རེར་ཁྱིམ་བདག་གི་འཐུས་མི་2བཀོད་སྒྲིག་བྱས་ནས་སློབ་མའི་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡོད།