ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཆེད་མཁས་མང་པོ་སྡེ་དགེར་འཛོམས་ཏེ་གེ་སར་རིག་གནས་མཉམ་དུ་བགྲོ་གླེང་བྱས།

སྤེལ་དུས 2019-08-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་13ཉིན། “དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ལས་གེ་སར་རིག་གནས་ཀྱི་གླེང་སྟེགས”ཞེས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་འཚོགས་ཤིང་། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས། ཡུན་ནན་སོགས་ནས་ཕེབས་པའི་ཁམས་པའི་རིག་གནས་དང་གེ་སར་རིག་གནས་ཀྱི་ཆེད་ལས་མཁས་པ་དང་མཁས་དབང་སོགས་གནས་འདིར་མཉམ་དུ་འཛོམས་ཏེ་ཁམས་པའི་རིག་གནས་ཀྱི་བརྗོད་གཞིར་གཞིགས་ཏེ་མཁས་པ་སོ་སོའི་དགོངས་ཚུལ་ལྷུག་པོར་གླེང་བ་རེད།། 
དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ལས་གེ་སར་རིག་གནས་ཀྱི་གླེང་སྟེགས་ཀྱི་ཡུལ་དངོས་ཡིན།
            རྒྱུས་ལོན་བྱུང་བ་ལྟར་ན། དེ་སྔོན“ཁམས་པའི་ཡུལ་སྐོར།——གླིང་གེ་སར་གྱི་རྐང་རྗེས་འཚོལ་བ”ཞེས་པའི་བྱེད་སྒོ་སྤེལ་བ་ནི་ཐེངས་འདིའི་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་ཀྱི་དུས་རིམ་དང་པོའི་བྱེད་སྒོ་ཞིག་རེད། གེ་སར་རིག་གནས་རྒྱུན་འཛིན་དང་ཞིབ་འཇུག  དར་སྤེལ་བཅས་བྱ་རྒྱུར་ཤུགས་བསྣན་ནས་གེ་སར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་གེ་སར་རིག་གནས་ཀྱི་རྗེས་ཤུལ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་ལ་འབྲེལ་ཡོད་ཆེད་ལས་མཁས་པ་དང་མཁས་དབང་40ལྷག་ཙམ་གདན་ཞུ་བྱས་ཏེ་སི་ཁྲོན་དང་མཚོ་སྔོན། ཀན་སུའུ། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ཁུལ་5དང་རྫོང་19ཡི་གེ་སར་རིག་གནས་ཀྱི་རྗེས་ཤུལ་ལ་བཅར་འདྲི་རྟོག་ཞིབ་བྱས་ཏེ་གེ་སར་རིག་གནས་ཀྱིས་དུས་རབས་འདིར་དམངས་ཚོགས་དང་སྡེ་ཁུལ། དེ་བཞིན་སྤྱི་ཚོགས་ཡོངས་ལས་བྱུང་བའི་ཤུགས་རྐྱེན་འཚོལ་ཞིབ་དང་མཉམ་སྤྱོད་བྱེད་པའི་སྐོར་ལ་ཧུར་ཐག་བྱས་ནས་གེ་སར་རིག་གནས་ལ་དེ་བས་མང་བོའི་ངོས་འཛིན་དང་རྒྱུས་ལོན་ཐུབ་པ་བྱས། 
            “གེ་སར་སྒྲུང་ནི་བོད་རིགས་ཀྱི་དམངས་ཁྲོད་རྩོམ་རིག་གི་སྤྱི་འདུས་ཤིག་ཡིན་པ་དང་། བོད་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་དེ་སྙན་ངག་གི་རྣམ་པའི་ཐོག་ནས་འཇིག་རྟེན་གྱི་གནས་ཚུལ་གླེང་དཀའ་བ་མཐའ་དག་གླིང་སྒྲུང་གི་ལོ་རྒྱུས་སུ་བཅུག་ནས་ཡིག་འབྲུ་ཁྲི་བརྒྱད་སྟོང་གི་གེ་སར་རིག་གནས་ཀྱི་བརྩམས་ཆོས་ཆེན་པོ་ཞིག་ཆགས་ཡོད་པ་དེ་ནི་ཧ་ལས་དགོས་པ་ཞིག་རེད། སྡེ་དགེ་ནི་ཁམས་པའི་རིག་གནས་མཉམ་འདྲེས་ཀྱི་གནས་མཆོག་ཅིག་ཡིན་པའི་ངོས་ནས་གེ་སར་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ཁྲོད་གནས་བབ་ཡག་པོ་ཞིག་བཟུང་ཡོད། ད་ཐེངས་ཀྱི་གླེང་སྟེགས་ཐོག་གེ་སར་རྩོམ་རིག་ཆེད་མཁས་པ་དང་། 《མདོ་ཁམས་སྙན་ངག་གི་རྣམ་ཤེས་》ཞེས་པའི་རྩོམ་པ་པོ་ལིའུ་ཨན་ཆོན་གྱིས་ལོ་རྒྱུས་དང་ས་ཁམས་ཀྱི་མཐོང་སྣེ་ནས། མི་དཔང་དང་དངོས་དཔང་ཅི་རིགས་བཀོད་ནས“དུས་ཚོད་ཀྱི་བཅད་རྒྱ་དང་། གླིང་སྒྲུང་རིག་གནས། དཀྱེལ་ཡངས་པའི་རིག་གནས། ‘གླིང་’གིས་མེས་རྒྱལ་ལ་བཞག་པའི་བྱས་རྗེས”བཅས་ཕྱོགས་བཞིའི་ཐད་ནས་གླིང་གེ་སར་རིག་གནས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་རིམ་འགྱུར་དང་རྒྱུན་འཛིན་གྱི་བརྒྱུད་རིམ་ཞིབ་ཅིང་ཕྲ་བའི་སྒོ་ནས་འགྲེལ་བཤད་གནང་བ་དང་། གེ་སར་ལོ་རྒྱུས་སྙན་ངག་ཕུན་སུམ་ཚོགས་པའི་སྐོར་བརྗོད་པ་བརྒྱུད་དེ་སྡེ་དགེ་ཡིས་གེ་སར་རིག་གནས་ཀྱི་ཐོན་ཁུངས་སྔར་བས་སྔོག་འདོན་དང་ཁྱབ་གདལ་ཆེན་པོ་བཏང་སྟེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
            “ད་ཐེངས་ཀྱི་གླེང་སྟེགས་ནི་ངོ་མཚར་ཧ་ཅང་ཆེ་བ་ཞིག་ཡིན་ཞིང་། ཚང་མས་གེ་སར་གྱི་ལོ་རྒྱུས་རིག་གནས་ལ་དགའ་པོ་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་པ་མ་ཟད། ཁམས་པའི་རིག་གནས་རྒྱུན་འཛིན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་ཁམས་པའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་དར་སྤེལ་བཏང་སྟེ་སྡེ་དགེ་རྫོང་གི་དམངས་ཡོངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་རིག་གནས་བྱང་ཚད་མཐོ་རུ་བཏང་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི་བྱ་ཐབས་བཟང་པོ་ཞིག་ཀྱང་རེད།”ཅེས་སྡེ་དགེ་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་མཁན་གེ་སར་ སྒྲུང་པ་ཨ་ཉི་ལགས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་ཐོག་དེ་ལྟར་བཤད།