ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་ཐོག་དང་པོའི“དམར་པོ+”མཉམ་སྦྲེལ་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་དངོས་སུ་འགྲེམ་སྤེལ་བྱས་པ།

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་14ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱིས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་བོད་ཀྱི་ཐོག་དང་པོའི“དམར་པོ+”མཉམ་སྦྲེལ་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་དངོས་སུ་འགྲེམ་སྤེལ་བྱས་པ་རེད། ཐོག་དང་པོའི“དམར་པོ+”མཉམ་སྦྲེལ་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་གིས་ལྷ་ས་དང་ཉིང་ཁྲི་གཉིས་ཀྱི“དམར་པོ”ཡི་ལྗོངས་གནས་མང་པོ་སྟེ། དཔེར་ན་ལྷ་ས་ཐན་ཀོང་སན་རྗེས་དྲན་གླིང་ཀ་དང་སྤོ་བོ་ཁྲབ་རྨོག་ལྟེ་གནས་རྫོང་ཨུའི་ཐོག་ཁང་དམར་པོ། ཐང་སྨད་ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་རྗེས་དྲན་རྡོ་རིང་ལ་སོགས་པས“དམར་པོའི་ཡུལ་སྐོར་མཉམ་འབྲེལ”ཞིག་གྲུབ་ཅིང་། ལྷ་ས—ཀླུ་ནང—སྤོ་བོ—བྲག་གསུམ་མཚོ་བཅས་ཀྱི་དམར་པོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོན་པ་དང་མཉམ་དུ། ལམ་རྒྱུད་ཀྱི་སྐྱེ་ཁམས་ལྗོངས་རྒྱུ་དང་ཞིང་གྲོང་ལྗོངས་རྒྱུའང་སྦྲེལ་བར་བྱས་པ་དང་། སྔར་ལས་ལྷག་པར་བོད་ལྗོངས་ཡུལ་སྐོར་གྱི་ལས་གཉེར་འཛིན་སྟངས་ཕུན་སུམ་ཚོགས་པར་བཏང་བ་རེད། 
འགྲེམ་སྤེལ་ཚོགས་འདུའི་ཡུལ་དངོས།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྗོང་ཐང་སྨད་གྲོང་བརྡལ་གྱི་མངའ་ཁོངས་ནང་གི་ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་རྗེས་དྲན་རྡོ་རིང་།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་གི་ཡིད་འོང་ར་བའི་ནང་གི་དམག་དཔོན་ཐོག་ཁང་།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་གནས་རྫོང་ཨུའི་ཐོག་ཁང་དམར་པོ།
            སློབ་གསོའི་དོན་སྙིང་ཁྱད་པར་བ་ལྡན་པའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས། རང་རྒྱལ་གྱི་དམར་པོའི་ཡུལ་སྐོར་གྱི་ཚ་རླབས་ཉེ་བའི་ལོ་འགའ་ནས་མུ་མཐུད་དུ་འཕྱུར་ཏེ། རིམ་བཞིན་ཡུལ་སྐོར་གྱི་བརྗོད་དོན་ཚ་ཤོས་ཤིག་ཏུ་ཆགས་བཞིན་ཡོད། ཐེངས་འདིའི“དམར་པོ+”མཉམ་སྦྲེལ་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་གིས་རྣམ་པ་ཀུན་ནས་ནན་ཏན་དང་ནུས་ལྡན་གྱི་སྒོ་ནས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བ་ལེགས་པར་སྤེལ་ཏེ། “བོད་ལྗོངས་རྙིང་པའི་སྙིང་སྟོབས”དང“བགྲོད་ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་བརྒྱུད། བོད་ལྗོངས་ཀྱི་དམར་པོའི་ཡུལ་སྐོར་གྱི་མི་འདང་ས་ཁ་གསབ་བྱས་པ་རེད། 
            བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱི་འབྲེལ་ཡོད་འགན་ཁུར་བས་བཤད་པ་ལྟར་ན། མིག་སྔར་སྤོ་བོ་རྗོང་གི་དམར་པོའི་ཡུལ་སྐོར་གྱི་ཐད་ལ་དེར་འབྲེལ་གྱི་ཐོན་རྫས་དང་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་དཀོན་པས། “པུར་རྒྱལ་བཙན་པོའི་ཕ་ས། འཁྱགས་རོམ་གྱི་ལུང་བ།”སོགས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། ཁྱད་ལྡན་གྱི་སྐྱེ་ཁམས་ལྗོངས་རྒྱུ་དང་ཞིང་གྲོང་ལྗོངས་རྒྱུ། དམར་པོའི་རིག་གནས་ཀྱི་ལྗོངས་རྒྱུ་བཅས་མཉམ་སྒྲིལ་ལེགས་པོ་བྱ་བ་དང་། རྣམ་པ་མང་པོའི་དམར་པོའི་ཡུལ་སྐོར་ལམ་ཐིག་གསར་བཟོ་བྱ་བ་དང་མཉམ་དུ། དམར་པོའི་ཡུལ་སྐོར་གྱི་སྣེ་ཤན་པའི་རུ་ཁག་གཟུགས་པ་བཅས་བྱས་ཏེ། སྤོ་བོ་རྗོང་གི་དམར་པོའི་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོས་འཕེལ་རྒྱས་སུ་གཏོང་དགོས། གཞན་ཡང་སྤོ་བོ་རང་གིས་ཀྱང་ཁྱིམ་གཞིས་མགྲོན་ཤག་གི་རྨང་གཞིའི་སྟེང་དུ། དམངས་ཤག་རྩེ་གྲ་ཅན་བསྐྲུན་པར་སྐུལ་མ་གཏོང་བ་དང་ཞིང་སྡེ་ཕྱོགས་བསྡུས་ཅན་བསྐྲུན་ཏེ། གོམ་གང་མདུན་སྤོས་ཀྱིས་ཡུལ་སྐོར་སྣེ་ལེན་གྱི་ནུས་པ་མཐོར་འདེགས་གཏོང་དགོས།
            ཚོགས་འདུར་ཞུགས་པའི་ཡུལ་སྐོར་ལས་རིགས་ཀྱི་འཐུས་ཚབ་དང་སྨྱན་བྱེད་ཀྱི་འཐུས་ཚབ་པས་བཤད་རྒྱུར། སྤོ་བོ་རྫོང་གི་དམར་པོའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་འཛུགས་བསྐྲུན་བྱ་བ་ལ། དེའི་རབ་ཏུ་མཛེས་པའི་རང་བྱུང་གི་ཡུལ་ལྗོངས་ལ་བརྟེན་ནས་སྐྱེ་ཁམས་ལྗོངས་རྒྱུ་དང་ཞིང་གྲོང་ལྗོངས་རྒྱུ། ཞིབ་འཇུག་དང་སློབ་སྦྱོང་གི་ལྗོངས་རྒྱུ་སོགས་བརྗོད་དོན་རིགས་མང་པོའི་ཡུལ་སྐོར་ལྗོངས་རྒྱུ་དར་སྤེལ་དུ་གཏང་ཆོག ཡུལ་སྐོར་བས་དམར་པོའི་ཡུལ་སྐོར་ལ་མྱོང་རོལ་བྱེད་པ་དང་མཉམ་དུ། ད་དུང་སྤོ་བོ་ཡི་དབྱར་ཁའི་དུས་ལ་དབེན་པའི་རི་བོར་སྤྲོ་གསེང་བཏང་ནས་ལུས་ཁམས་གསོ་བ་དང་། ཚ་བར་གཡོལ་ཏེ་བསིལ་བའི་བདེ་བར་བསྟེན་པའི་མྱོང་བ་གསར་བར་ཡང་ལོངས་སུ་སྤྱོད་ཐུབ་པ་རེད།