དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་དང་མཇལ་འཛོམས་གནང་བ།

སྤེལ་དུས 2019-09-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།

        སྤྱི་ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་གསར་དུ་བདམས་པ་མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་བཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་ལྔ་པ་ཧོ་དབྱི་ཁྲེང་དང་མཇལ་འཛོམས་གནང་ཡོད།
        ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེང་ཀྲུང་དབྱང་སྲིད་གཞུང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་ལྔ་པར་བསྐོ་བཞག་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། དུས་ཡུན་རིང་པོའི་ནང་། སྐུ་ཉིད་ནས་རྒྱལ་གཅེས་ཨའོ་གཅེས་ཀྱི་ལངས་ཕྱོགས་རྒྱུན་འཛིན་གནང་བ་དང་། སྤྲོ་སེམས་འཁོལ་པོས་ཨའོ་མོན་སྲིད་གཞུང་ལ་ཞབས་ཞུ་སྒྲུབ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཨའོ་མོན་ཁྲིམས་ལུགས་ཚོགས་པའི་ཀྲུའུ་ཞི་སོགས་གཞུང་གི་ལས་དོན་མང་པོ་སྒྲུབ་རིང་ནུས་ཤུགས་གང་ཡོད་བཏོན་ནས། རྒྱལ་ཁབ་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ཆེད་དང་། ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དེའི་ཐད་ཀྲུང་དབྱང་གི་ཁས་ལེན་གང་ལེགས་ཐོབ་ཡོད། ཐེངས་འདིའི་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ཁྲོད། ཁྱེད་རང་འདེམས་ཤོག་མང་པོའི་ཐོག་ནས་མིང་འདོན་བྱུང་བ་དང་། འདེམས་ཤོག་མང་པོའི་ཐོག་ནས་བདམས་ཐོན་བྱུང་བས་ ཨའོ་མོན་སྤྱི་ཚོགས་ཀྱིས་སྐུ་ཉིད་ལ་རྒྱ་ཁྱབ་ངང་ཁས་ལེན་ཐོབ་པ་མངོན་ཡོད་ཅེས་གསུངས།

        ཞི་ཅིན་ཕིང་གིས། ད་ལོ་ནི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་ལོ་ཡིན། ལོ་20སོང་རིང་། སྲིད་འཛིན་དཔོན་ཧོ་ཧའུ་ཧྭ་དང་། ཚུའེ་ཧྲེ་ཨེན་རྣམ་གཉིས་ཀྱི་སྣེ་ཁྲིད་འོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལ་ཁྱོན་ཡོངས་དང་ཡང་དག་པའི་ངང་གོ་བ་ལེན་པ་དང་དེ་དོན་འཁྱོལ་བྱས་པ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ། རྒྱལ་གཅེས་ཨའོ་གཅེས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་འཛིན་བྱས་པ། ཨའོ་མོན་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་དང་། དམངས་འཚོ་རྒྱུན་མཐུད་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་བས། འཛམ་གླིང་ལ་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལེགས་གྲུབ་ལྡན་པའི་ལག་ལེན་དངོས་མངོན་ཡོད་པ་རེད། དོན་དངོས་ལས་ར་སྤྲོད་ཐུབ་པར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་རྦད་དེ་ལག་ལེན་བསྟར་ཐུབ་པ་དང་། སྒྲུབ་ཐུབ་པ། མི་སེམས་ལ་ཟུག་པ་བཅས་ཡིན་ཞེས་གསུངས།
        ཞི་ཅིན་ཕིང་གིས། ཁྱེད་རང་གིས་ཐུགས་སུ་གནས་བབ་ཧྲིལ་པོ་འཆང་བ་དང་། གཟིགས་རྒྱང་རིང་པོའི་ཐོག་ནས། ཨའོ་མོན་གྱི་དོན་དངོས་གནས་ཚུལ་དང་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དགོས་མཁོར་དམ་འཛིན་ཡང་དག་གནང་སྟེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། རོགས་ལས་ཡར་འབད་དང་བརྗེ་སྒྱུར་གསར་གཏོད་བྱས་ཏེ། ཨའོ་མོན་གྱི་རྒྱང་རིང་གོང་འཕེལ་ལ་ཇུས་འགོད་ནན་ཏན་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལེགས་གྲུབ་ལྡན་པའི་ངང་ལག་ལེན་བསྟར་བའི་ལེའུ་གསར་པ་མུ་མཐུད་འབྲི་རྒྱུའི་རེ་བ་ཡོད་ཅེས་གསུངས།
        ཧོ་དབྱི་ཁྲེང་གིས། ཀྲུང་དབྱང་སྲིད་གཞུང་གིས་རང་ཉིད་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་ལྔ་པར་བསྐོ་བཞག་གནང་བར་གཟི་བརྗིད་ཆེ་བའི་མྱོང་ཚོར་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ། ཀྲུང་དབྱང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་བ་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་པ། ཀྲུང་དབྱང་གི་ཁྱོན་ཡོངས་དོ་དམ་དང་བཅོས་སྐྱོང་དབང་ཆར་སྲུང་སྐྱོང་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། ཨའོ་མོན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས།
རྩོམ་སྒྲིག་པ། རྡོ་རྗེ།