ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གུང་གཞོན་ཚོགས་པ་བོད་ལྗོངས་ཨུ་ལྷན་གྱིས་2019ལོའི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་གྱི་བོད་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ།

སྤེལ་དུས 2019-09-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན་གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། ཀུའེ་ཀྲོའུ་མའོ་ཐའེ་ཨ་རག་བཟོ་གྲྭ(སྡེ་ཚོགས)ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་ལྷ་སར“ཀྲུང་གོའི་མའོ་ཐའེ་སྟེ་རྒྱལ་ཁབ་ཀྱི་རྐང་འཛིན”2019ལོའི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་གྱི་བོད་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མའོ་ཐའེ་སྡེ་ཚོགས་ཀྱིས་བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སྒོར་ཁྲི་250གནང་སྟེ་མི་རེར་སྒོར་5000ཡི་ཚད་གཞི་ལྟར་རང་ལྗོངས་ཀྱི་ད་ལོ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མ་500སློབ་ཆེན་དུ་ཞུགས་པར་རོགས་སྐྱོར་གནང་ཡོད་པ་རེད།
             དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱས་ཏེ་སློབ་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པ། 
             ཁྱོན་རོགས་དངུལ་ཁྲི་1975སྤྲད་པ། 
             ཟླ་9ཚེས་16ཉིན་གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། ཀུའེ་ཀྲོའུ་མའོ་ཐའེ་ཨ་རག་བཟོ་གྲྭ(སྡེ་ཚོགས)ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་ལྷ་སར“ཀྲུང་གོའི་མའོ་ཐའེ་སྟེ་རྒྱལ་ཁབ་ཀྱི་རྐང་འཛིན”2019ལོའི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་གྱི་བོད་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་།  རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་རོགས་སྐྱོར་བྱ་ཡུལ་སློབ་མའི་འཐུས་མི་སོགས་མི་200ལྷག་ཙམ་ད་རེས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་མའོ་ཐའེ་སྡེ་ཚོགས་ཀྱིས་བོད་ལྗོངས་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སྒོར་ཁྲི་250གནང་སྟེ་མི་རེར་སྒོར་5000ཡི་ཚད་གཞི་ལྟར་རང་ལྗོངས་ཀྱི་འདི་ལོ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མ་500སློབ་ཆེན་དུ་ཞུགས་པར་རོགས་སྐྱོར་གནང་ཡོད་པ་རེད། 
             2012ལོར་མའོ་ཐའེ་སྡེ་ཚོགས་དང་ཀྲུང་གོ་གཞོན་ནུ་ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག“ཀྲུང་གོའི་མའོ་ཐའེ་སྟེ་རྒྱལ་ཁབ་ཀྱི་རྐང་འཛིན”ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་སྤེལ་བ་དང་ཞལ་འདེབས་རྒྱག་པའི་རྣམ་གྲངས་གཙོ་བོ་སློབ་ཆེན་སློབ་མ་དབུལ་པོར་དམིགས་ཤིང་། 2017ལོར་བོད་ཚུད་པའི“ལྗོངས་གསུམ་ཁུལ་གསུམ”གྱི་ས་ཁུལ་དབུལ་པོར་གཙོ་གནད་ཐོག་གཟིགས་སྐྱོང་གནང་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་རང་ལྗོངས་ཀྱི་སློབ་ཆེན་སློབ་མ་དབུལ་པོ་3950སློབ་གྲྭ་ཆེན་མོར་བདེ་བླག་ངང་བསྐྱོད་པར་རོགས་སྐྱོར་བྱས་པར་ཁྱོན་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་1975ཟིན་ཡོད། མའོ་ཐའེ་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡན་གྱིས“འདི་ནི་བོད་ཀྱི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་ཁྲོད་ཞལ་འདེབས་དངུལ་འབོར་མང་ཤོས་དང་རོགས་སྐྱོར་ཐོབ་པའི་སློབ་མ་མང་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་སྤྱི་ཕན་རྣམ་གྲངས་ཤིག་རེད”ཅེས་བསྟན་བྱུང་།
             གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་བོད་ལྗོངས་སློབ་ཆེན་གྱི་རོགས་སྐྱོར་ཐོབ་པའི་སློབ་མ་གསར་པའི་འཐུས་མི་ཕུར་ཁྲིས“སློབ་ཞུགས་རོགས་དངུལ་དེས་སློབ་ཡོན་འདང་ངེས་སྤྲོད་ཐུབ་པ་མ་ཟད་སློབ་སྦྱོང་མཁོ་ཆས་གཞན་དག་ཀྱང་ཉོ་ཐུབ་ལ།  དེས་ང་ཚོ་སློབ་མ་དབུལ་པོ་དག་གིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བྱུང་ལ་སྤྱི་ཚོགས་ཁྱིམ་ཚང་ཆེན་པོས་སློབ་མ་དབུལ་པོར་བཅངས་པའི་བརྩེ་སེམས་ཀྱང་ཚོར་བྱུང་། སླད་ཕྱིན་ངས་ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱས་ཏེ་བྱམས་བརྩེ་འདིར་དྲིན་ལན་གཞལ་ངེས་ཡིན”ཞེས་བཤད།
             རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ། 
            རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3422.54གྲབས་གསོག་བྱས་པ། 
             ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གུང་གཞོན་ཚོགས་པ་རང་ལྗོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱ་རྒྱུར་དམིགས་ནས་2006ལོར་བོད་ཀྱི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་སྤེལ་རིང་རིམ་རྩིས་བྱས་ན་དམངས་སྒོར་ཁྲི་3422.54གྲབས་གསོག་བྱས་ནས་རང་ལྗོངས་ཀྱི་ཁྱིམ་ཚང་དབུལ་པོའི་སློབ་མ་12500ཡིས་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་ལ་རོགས་སྐྱོར་བྱས་པ་རེད།
             གུང་གཞོན་ཚོགས་པ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པད་ཐར་གྱིས་ཤིས་ཚིག་གསུང་སྐབས“ལོ་མང་རིང་བོད་ཀྱི་ཕུགས་རེའི་ལས་གྲྭའི་ཕུགས་འདུན་མངོན་འགྱུར་བྱ་འགུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   རོགས་སྐྱོར་ཐོབ་པའི་སློབ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་ཕུགས་བསམ་ཆེན་པོ་འཆང་རྒྱུ་དང་རླབས་ཆེན་གྱི་མེས་རྒྱལ་དགའ་བ། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། འབད་འཐབ་བྱེད་ཕོད་པ། འཇོན་ཐང་ལེགས་པོ་སྦྱངས་པ། སྤྱོད་ལམ་ཡག་ཤོས་ཆགས་པ་བཅས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། དྲིན་ཚོར་ཡར་བརྩོན་དང་གསར་འབྱེད་ཡར་བརྩོན་བྱེད་པ། སྙིང་རུས་ཆེན་པོས་སློབ་སྦྱོང་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་འབད་བརྩོན་ལྷུར་ལེན་བྱས་ཏེ་སྤྱོད་ལམ་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་གཅེས་སྐྱོང་ལ་དྲིན་ལན་འཇལ་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།     
             2017ལོར་རོགས་སྐྱོར་ཐོབ་པའི་སློབ་མའི་འཐུས་མི་བོད་ལྗོངས་སློབ་ཆེན་རིག་གནས་སློབ་གླིང་གི་སློབ་གྲོགས་སྒྲོལ་དཀར་གྱིས“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་དང་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་ཐུགས་ཁུར་ཟབ་བཞེས་འོག སློབ་ཆེན་དགེ་རྒན་ཚོས་གསོ་སྐྱོང་ཞིབ་ཚགས་འོག  རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཏུ་འགྱུར་ངེས་ཡིན”ཟེར།