ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དོ་ནུབ་པེ་ཅིང་མཛེས་པ་ལ།

སྤེལ་དུས 2019-10-01 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
       ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་རྒྱལ་སྟོན་གྱི་མཚན་མོར་རོལ་བ།

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་སྤྱི་ཚེས་1ཉིན་གྱི་དགོང་མོ་པེ་ཅིང་དུ་སྤེལ་བ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་ཀྲུའུ་ཞི་སྟེགས་བུར་ཕེབས་ནས། ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་རྒྱལ་སྟོན་དུས་ཆེན་གྱི་མཚན་མོར་རོལ་བ་རེད།    

     ཆུ་ཚོད་20ཟིན་སྐབས། གློག་འཕྲིན་ཐོག་ཁང་ནས་སྙན་འཇེབས་ལྡན་པའི་༼ ཤར་ཕྱོགས་དམར་༽ཞེས་པའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་ནས་མཉམ་སྤྲོའི་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།   

     མཉམ་སྤྲོའི་བྱེད་སྒོ་དེ་དར་དམར་ལ་བསྟོད་པ་ཞེས་པ་དང་། ང་ཚོ་ལམ་ཆེན་ཐོག་ཏུ་བསྐྱོད་ཅེས་པ། རེ་བའི་ཞིང་སའི་ཐོག་ཏུ་ཞེས་པ། དུས་རབས་གསར་པའི་ལམ་སྣེ་འཁྲིད་ཅེས་པ་བཅས་ས་བཅད་བཞི་ལ་དབྱེ་ཡོད་པ་དང་། བརྗོད་དོན་གཙོ་བོའི་འཁྲབ་སྟོན་དང་། ལྟེ་བའི་མཉམ་སྤྲོའི་འཁྲབ་སྟོན། མང་ཚོགས་ཀྱི་མཉམ་སྤྲོ། ཤོག་སྦག་འཁྲབ་སྟོན་བཅས་ཀྱིས་གྲུབ་ཡོད་པ་རེད།