དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་གསོལ་སྟོན་བཤམས་པ།

སྤེལ་དུས 2019-11-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
               ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ནས་སྤྱི་ཚེས་4ཉིན་གྱི་དགོང་མོ་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་ཡོད་པ་རེད།
འབྲས་ལྡན་སྟོན་གྱི་དུས་ཚིགས་སུ། ལེ་དབར་བཅུའི་ཝེ་ཐའན་དང་། ཕུའུ་ཅང་གཙང་པོའི་ངོགས་གཉིས་སུ། ཐོག་བརྩེགས་ཁང་ཆེན་གྲལ་སྟར་འགྲིག་པའི་བར་དུ་གློག་འོད་རབ་ཏུ་འཚེར་ཞིང་། དར་རྒྱས་ཕུན་སུམ་ཚོགས་པའི་རྣམ་པ་ཞིག་མངོན་ཡོད། ལོ་ངོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་ཞི་བདེ་གསོལ་མགྲོན་ཁང་དང་ལོ་30ཙམ་ལས་མ་འགོར་བར་འཛུགས་སྐྲུན་གྲུབ་པའི་ལུའུ་ཅ་ཙུའེ་དངུལ་རྩའི་ལྟེ་གནས་གཉིས་ཕན་ཚུན་མཛེས་པ་འགྲན་པ་ལྟར་སྣང་ཞིང་། ཧྲང་ཧའེ་ཡི་འཕེལ་རྒྱས་དང་ཀྲུང་གོའི་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུར་ཐུན་མོང་ཐོག་བདེན་དཔང་བྱས་ཡོད།
               དགོང་མོའི་ཆུ་ཚོད་6པའི་ཐོག ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་སྟངས་དཔྱལ་དང་། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི་སྟངས་དཔྱལ། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་སྟངས་དཔྱལ། སེར་ཝེ་ཡའི་ཙུང་ལི་པུར་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁོང་ཚོ་དང་མཛའ་བརྩེའི་བཀའ་མོལ་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
               དགོང་མོའི་ཆུ་ཚོད་7པར་གསོལ་སྟོན་འགོ་ཚུགས་ཡོད། ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཉེ་རབས་ཚུན། ཧྲང་ཧའེ་ལ“འབྲི་ཆུའི་འགག་སྒོ་གཙོ་བོ་དང་། ཤར་ལྷོའི་གྲོང་ཁྱེར་ཆེན་མོ་”ཞེས་པའི་མཚན་སྙན་ཡོད་པ་དང་། ཀྲུང་གོའི་སྒོ་དབྱེའི་དར་སྲོལ་ལ་སྣེ་ཁྲིད་བྱས་ནས། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་དེ་བས་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་ཧྭའི་ས་གཞི་ཆེན་པོར་འགྱུར་ལྡོག་ཀྱང་ཆེན་པོ་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས། ང་ཚོར་འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་ཡོད།
               ཞི་ཅིན་ཕིང་གིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱིས་དུས་ཐུང་ནང་། མེད་པ་ནས་ཡོད་པའི་བར་འཛམ་གླིང་རྒྱལ་ཁབ་ཁག་དང་ཁེ་ལས་ཁག་གི་ཡིད་དབང་བཀུག་ནས། གོ་ལ་ཧྲིལ་པོའི་ཉོ་ཚོང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་ཞིག་དང་དུས་རབས་གསར་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བ་དང་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་ནི་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་གཏོད་པ་བཅས་ཀྱི་རང་འགུལ་བྱ་སྤྱོད་ཅིག་ཡིན་ཞེས་ནན་སྟོན་གནང་ཡོད།
               ཞི་ཅིན་ཕིང་གིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག་ཉོ་ཚོང་བྱ་རྒྱུ་ནི་ཚོང་ཟོག་དང་ཞབས་ཞུ་ཡིན་པ་དང་། སྤེལ་རེས་བྱ་རྒྱུ་ནི་རིག་གནས་དང་འདུ་ཤེས་ཡིན་པ། བསུ་རྒྱུ་ནི་གླིང་ཆེན་ལྔའི་མགྲོན་པོ་ཡིན་པ། བསམ་པ་ནི་གནམ་འོག་གི་ཁེ་ཕན་ཡིན་པ། བསྟུན་པ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བཅས་ཡིན། རླབས་འཇགས་ན་ངོགས་གཉིས་ཡངས། ལྷགས་ཕྱོགས་འགྲིག་ན་གྲུ་གཡོར་དྲང་ཞེས་པ་བཞིན། ང་ཚོས་ཐུན་མོང་ཐོག་མཉམ་ལས་ཀྱི་གྲུ་གཡོར་བསྒྲེངས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་ཤར་རླུང་དང་བསྟུན་ནས། འཛམ་གླིང་དཔལ་འབྱོར་གྱི་གྲུ་གཟིངས་ཀྱི་གྲུ་གཡོར་མཐོན་པོར་བསྒྲེངས་ཏེ་མདུན་སྐྱོད་བྱ་རྒྱུ་དང་། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་དཔྱིད་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
               གསོལ་སྟོན་དེ་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་སྤེལ་ཡོད། ཚང་མས་མཉམ་དུ་ཞལ་དཀར་བཏེགས་ནས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པ་ཡིད་བཞིན་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་དང་། རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།
               ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཝང་དབྱི། ཀྲའོ་ཁེ་ཀྲི། ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།