ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཆབས་ཅིག་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

སྤེལ་དུས 2019-11-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           ཚེས་5ཉིན་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་ཆབས་ཅིག་འགོ་བརྗོད་ལ《སྒོ་དབྱེ་མཉམ་ལས། ལས་དབང་མཉམ་འདུས》ཅེས་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་ཞིང་། རྒྱལ་ཁབ་ཁག་གིས་དེ་བས་སྒོ་དབྱེའི་རྣམ་འགྱུར་དང་བྱེད་ཐབས་ཀྱི་ཐོག་ནས་སྒོ་དབྱེ་མཉམ་ལས་དང་། སྒོ་དབྱེ་གསར་གཏོད། སྒོ་དབྱེ་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་སྐྲུན་དགོས་པའི་ནན་བཤད་གནང་བ་དང་། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཆེ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་སྲིད་པ་དང་། ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དེ་བས་མཐོ་བའི་ཆུ་ཚད་ཀྱི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བའི་བསྐྱར་བཤད་གནང་བ་རེད། 
ཞི་ཅིན་ཕིང་གིས་གྲོས་འགོ་ཁག་གཅིག་བཏོན་གནང་བ་སྟེ། 
           གཅིག     སྒོ་དབྱེ་མཉམ་ལས་ཀྱི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་སྐྲུན་དགོས། 
           གཉིས།     སྒོ་དབྱེ་གསར་གཏོད་ཀྱི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་སྐྲུན་དགོས། 
           གསུམ།     སྒོ་དབྱེ་མཉམ་སྤྱོད་ཀྱི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་སྐྲུན་དགོས། 
ཞི་ཅིན་ཕིང་གིས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་དང་ལྷན་དུ་ཚོགས་རར་ཕེབས་པ།
           ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོས་སྒོ་དབྱེའི་རྒྱལ་སྒོ་ཆེ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་ཡི་ཡོད། ང་ཚོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་། འཕེལ་རྒྱས། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དེ་བས་མཐོ་བའི་ཆུ་ཚད་ཀྱི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་སྟེ།  
           གཅིག     ཁྲོམ་རའི་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ།
           གཉིས།     སྒོ་དབྱེའི་རྣམ་པ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། 
           གསུམ།     ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། 
           བཞི།     ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། 
           ལྔ།     “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། 

ཞི་ཅིན་ཕིང་གིས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་དང་མཉམ་སྡེབ་སྐུ་པར་བསྐྱོན་པ།
           ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། བྱ་ཐབས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག  སྒུལ་ཤུགས་ཆེ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་བར་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་སྲིད་ལ། དེ་བས་ལྡན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་འཛམ་གླིང་གི་ཁེ་ལས་ལེགས་གྲས་500ཡི་འཐུས་མིར་མཇལ་འཕྲད་གནང་བ།
           མཇུག་ཏུ་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་དཔྱད་གཞིར་བལྟས་ན་ཀྲུང་གོའི་འཕེལ་རྒྱས་ནི་མིའི་རིགས་ཧྲིལ་པོའི་ཡར་རྒྱས་ལ་གཏོགས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་ལ་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འབབ་འཕར་གྱི་གོ་སྐབས་བཅས་དེ་བས་མང་བ་མཁོ་འདོན་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྒོ་དབྱེའི་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 

           དེ་རྗེས། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི། སར་པི་ཡའི་ཙུང་ལི་པུར་ན་པི་ཆི། དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏི་མ་གཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝུའེ་ཏུའོ་བཅས་སོ་སོས་ཤིས་ཚིག་གསུངས་ཤིང་། ཁོང་ཚོས་ཀྲུང་གོས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་གཉེར་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། དེ་ལས་ཀྲུང་གོའི་འགོ་ཁྲིད་མི་སྣའི་གཟིགས་རྒྱང་རིང་བའི་དགོངས་ཚུལ་མངོན་པ་དང་། ཀྲུང་གོའི་སྒོ་དབྱེ་དང་ཁོང་ཡངས་ཀྱི་སྙིང་སྟོབས་དང་དེ་བཞིན་བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་གོ་ལ་ཅན་དང་རང་མོས་ཚོང་དོན་གྱི་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་དྲང་སེམས་མཚོན་པའི་ངོས་འཛིན་གནང་བ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།