ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དར་རྒྱས་ཆེ་བའི་ཀྲུང་གོ འཆམ་མཐུན་ལྡན་པའི་ཡུལ་ཤུལ།

སྤེལ་དུས 2019-11-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན། རིག་གྲོལ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པ་དང་། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲུབ་གཉེར་མཛད་པའི་“མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་གི་མཚོ་སྔོན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འཕེལ་རྒྱས་འགྲེམས་སྟོན།”ལས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བརྗོད་དོན་ཉིན་མོའི་བྱེད་སྒོ་དེ་ཟླ་11པའི་ཚེས་5ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་ནས་དངོས་སུ་འགོ་ཚུགས།

          རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནི་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་བཙུགས་པ་ནས་བཟུང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ས་གནས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཇེ་ཚང་དུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཐད་ལ་དམིགས་ཏེ། “སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྲུན། གནོད་སྐྱོན་རྗེས་ཀྱི་བསྐྱར་འཛུགས། སྐྱེ་ཁམས་སྲུང་སྐྱོང་།”བཅས་ལེའུ་ལྔའི་ནང་དོན་བརྒྱུད་ནས། ཡུལ་ཤུལ་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་གཏམ་རྒྱུད་གླེང་བ་དང་། ཡུལ་ཤུལ་དུ་སྐྱེ་ཁམས་འཛུགས་སྐྲུན་བྱས་པའི་གཏམ་རྒྱུད་དང་ཡུལ་ཤུལ་དུ་རིགས་སོ་སོའི་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་ཡར་ཐོན་ལ་བརྩོན་པའི་གཏམ་རྒྱུད་སྐོར་གླེང་ཡོད།

          ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ལྷོ་ནུབ་ཀྱི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པའི་གཙང་གསུམ་མགོ་ཁུངས་སུ་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་དུ་ཆེས་ཐོག་མར་བཙུགས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་རྒྱལ་ཡོངས་སུ་ཐེངས་གཉིས་པར་བཙུགས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཡིན་པ་དང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་30ལས་མི་རིགས་གཙོ་བོའི་བསྡུར་ཚད་ཆེ་ཤོས་དང་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་ཤོས།མི་རེས་ཆ་སྙོམས་ཟིན་པའི་ས་ཁྱོན་ཆེ་ཤོས་ཀྱི་རང་སྐྱོང་ཁུལ་ཡིན།

          ཀྲུང་གོ་གསར་པ་དབུ་བརྙེས་རྗེས།དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་སོགས་བརྒྱུད་ནས། གནའ་བོའི་ཡུལ་ཤུལ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོར་འདྲེས་ཤིང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་དང་ཞི་མཐུན་གྱི་མི་རིགས་འབྲེལ་བ་དངོས་འབེབ་བྱུང་བས། ཡུལ་ཤུལ་ནས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་སྟོན་མི་སྣ་མང་པོ་ཞིག་བྱུང་ཡོད། ཡུལ་ཤུལ་ལ་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་འཛུགས་བྱེད་པའི་ལོ་ངོ་གསུམ་གྱིས། འཛམ་གླིང་ཡོངས་ལ་གནོད་སྐྱོབ་བསྐྱར་འཛུགས་བྱེད་པའི་ཡུལ་ཤུལ་གྱི་ངོ་མཚར་བསྟན་ཞིང་། དཔའ་ངར་ཞུམ་མེད་ཀྱིས་མདུན་ནས་མདུན་དུ་བསྐྱོད་པའི་ཀྲུང་གོའི་སྟོབས་ཤུགས་ངོམ་བྱུང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་སྙན་མོ་ཞིག་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་གྱི་སྙུ་གུའི་སྟངས་སྟབས་ཁྲོད་ནས་བྱུང་བའི་བརྗིད་ལྡན་གྱི་སྙན་ཚིག་ཅིག་ཀྱང་ཡིན། དེ་ལས་ཡུལ་ཤུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སེམས་སུ་“དྲིན་གང་ནས་ཡོང་བ་དང་། སུ་ལ་དྲིན་ལན་འཇལ་དགོས་པ།”གསལ་པོར་རྟོགས་ཤིང་། དེ་ཉིད་སེམས་ཀྱི་ཟབ་སར་བཟུང་ནས། དྲིན་དྲན་པ་དང་དྲིན་གཟོ་བའི་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གྲུབ་གཟུགས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་ཕྱིན་ཕྱིར། ཡུལ་ཤུལ་སྙིང་སྟོབས་ཀྱི་ལྕགས་རི་སྐྲུན་ཞིང་། མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་སྐྲུན་གྱི་འཛད་མཐའ་མེད་པའི་འབྱུང་ཁུངས་སུ་གྱུར་བར་མ་ཟད། ལ་ཤུལ་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་སྐྲུན་གྱི་ལས་དོན་སྤེལ་བའི་ཁྱད་འཕགས་ཀྱི་དགེ་མཚན་ཞིག་ཏུའང་གྱུར་རོ། །

          ལོ་ངོ་70ཡི་རིང་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཡུལ་ཤུལ་གྱི་རིགས་སོ་སོའི་མི་དམངས་རྣམས་ཀྱི་བློ་སེམས་གཅིག་ཏུ་མཐུན་ཞིང་། དཀའ་སྤྱད་འབད་བརྩོན་བརྒྱུད་དེ། ལས་དོན་ཁག་སོ་སོར་དགའ་འོས་པའི་གྲུབ་འབྲས་གཟེངས་སུ་ཐོབ་པ་དང་། ལྷག་པར་དུ་ཡུལ་ཤུལ་4•14ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤུགས་ཆེན་པོའི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྙིང་ཉེ་བའི་ཐུགས་ཁུར་འོག གྲང་ངར་ཆེ་བའི་མཐོ་སྒང་འདིར་དྲོད་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་གི་རི་མོ་མངོན་པར་ཤར་ནས། ས་འགུལ་གནོད་སྐྱོབ་དང་། གོད་ཆག་རྗེས་ཀྱི་བསྐྱར་བསྐྲུན་གྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བྲིས་ཤིང་། ལོ་ངོ་20ཡི་རིང་ལ།ཡུལ་ཤུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཡུལ་ཤུལ་མི་དམངས་ཀྱིས་དྲིན་ཤེས་པ་དང་དྲིན་ཚོར་བ། དྲིན་དྲན་ནས་“ལྗང་མདོག་གིས་བཀའ་དྲིན་ཞུ། སྐྱེ་ཁམས་ཀྱིས་རྒྱལ་དྲིན་འཇལ”ཞེས་པའི་བསྟོད་གླུ་སྙན་མོ་ངག་ལ་འགུག་ཞོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལག་ཏུ་བསྟར་ནས། དྭངས་གཙང་ཆུ་མོ་ལྷུང་ལྷུང་དུ་ཤར་དུ་འབབ་པར་ཁག་ཐེག་བྱས་ཡོད།

          ཉེ་བའི་ལོ་ཤས་རིང་། “ཡུལ་ཤུལ་ནོར་གནག”དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་གྲས་སུ་ཚུད་ནས། བདེ་བླག་ངང་“རྒྱལ་ཡོངས་ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་འདྲེས་འཕེལ་རྒྱས་སྣེ་ཁྲིད་ཁུལ”གསར་བསྐྲུན་ལེགས་འགྲུབ་བྱུང་ལ།ཡུལ་ཤུལ་ཁུལ་དང་། ཡུལ་ཤུལ་གྲོང་ཁྱེར་འབྲི་སྟོད་རྫོང་ལ་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་ཁུལ(རྫོང)”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། ཡུལ་ཤུལ་ཁུལ་གྱི་“ཏང་འཛུགས+བོད་ཁུལ་སྤྱི་ཚོགས་བཅོས་སྐྱོང”ཞེས་པའི་ཡུལ་ཤུལ་གྱི་རྣམ་པ་དེ་“ཧྥེང་ཆའོ་ཉམས་མྱོང”མཚོ་སྔོན་ཅན་ལག་ཏུ་བསྟར་བའི་དཔེ་སྟོན་དུ་གྱུར་ཡོད་ལ། ཡུལ་ཤུལ་ཁུལ་“ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་དཔེ་སྟོན་གསར་འཛུགས་སྡེ་ཚན”དུ་བདམས་པར་མ་ཟད། ཡུལ་ཤུལ་གྲོང་ཁྱེར་ལ་སྔ་རྗེས་སུ་“2018ལོའི་ཡིད་དབང་འཕྲོག་པའི་སྐྱེ་ཁམས་མཛེས་ལྗོངས་ཁུལ”ཞེས་པ་དང་།“2018ལོའི་མཛེས་ལྡན་ཡིད་འཕྲོག་རིག་གནས་ཡུལ་སྐོར་གྱི་དབུལ་སྐྱོར་གྲོང་ཁྱེར”དང་། “2018ལོའི་ཀྲུང་གོའི་ཡིད་དབང་འཕྲོག་པའི་གྲོང་ཁྱེར་བཅུ”བཅས་ཀྱི་མཚན་སྙན་ཐོབ་ཅིང་། ཁྲི་འདུ་རྫོང་ལབ་ཤང་ལ“ཀྲུང་གོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་བཅུ”དང་། “རྒྱལ་ཡོངས་ཀྱི་དཔེ་ལེགས་གྲོང་གསེབ་ལྔ་བཅུ”དང་། “རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་གྲོང་གསེབ་བཅུ”ཡི་མཚན་སྙན་ཐོབ་པ་རེད། ཨ་ཆེན་གངས་རྒྱབ་དང་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྔོན་བྱོན་མི་སྣ་རྒྱས་བཟང་བསོད་ནམས་དར་རྒྱས་ལ་ཀྲུང་གོའི་སྒྱུར་བཅོས་གདོང་ལེན་པའི་མཚན་སྙན་ཐོབ་པ་རེད། ཡུལ་ཤུལ་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ད་ལོར། ཡུལ་ཤུལ་གནམ་ཐང་དུ་གནམ་གྲུ་འཕུར་འབབ་ཚད་ཐེངས་3620ལ་སླེབས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་འབུམ་གསུམལས་བརྒལ་ཡོད་པས། ཞིང་ཆེན་ནང་ཁུལ་གྱི་ཡན་ལག་གནམ་ཐང་གི་འཕེལ་རྒྱས་ཟིན་ཐོ་བསྐྲུན་པ་རེད། འོད་སྟོང་ལྡན་པའི་ཏང་གི་སྲིད་ཇུས་འོག་ཡུལ་ཤུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། 

          འགྲེམས་སྟོན་ཁང་དུ། ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བརྗོད་དོན།“ལོ་ངོ་70ཡི་འཕེལ་རྒྱས་གྲུབ་འབྲས་འདི་ཐོབ་སླ་བ་ཞིག་གཏན་ནས་མ་ཡིན་ཏེ། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་བརྩོན་བྱས་པའི་འབྲས་བུ་རེད། རྗེས་ཕྱོགས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོགཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེ་དང་ཞིང་ཆེན་ཨུ་ལྷན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ། སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ཏེ། “གཅིག་ལེགས་གཉིས་མཐོ”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “འགྱུར་ལྡོག་བཞི”མངོན་འགྱུར་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་སྒོ་ནས། ལས་དོན་ཏན་ཏིག་སྒྲུབ་པ་དང་གསར་གཏོད་བརྩོན་ལེན་བྱེད་པ་དང་།  ཧུར་ཐག་སྒོས་“སྔར་ལས་ཇེ་བཟང་དུ་འགྲོ་བ་གཉིས”ཀྱི་རྣམ་པ་གསར་དུ་བཏོད་དེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།”ཞེས་གསུངས།
རྩོམ་སྒྲིག་པ། རིག་གྲོལ།