དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་མཚོ་ནུབ་དགེ་ལས་སྙིང་རྗེའི་འོད་སྣང་གི་ཕྱོགས་སུ་བསྐྱོད་པ་ཞེས་པའི་མཛད་སྒོ་ཟི་ལིང་ཨེ་ཡར་མིག་ནད་སྨན་ཁང་དུ་སྤེལ།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2019ལོའི་ཟླ་11ཚེས་8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་ནུབ་ཁུལ་བཟོ་ཚོང་ཅུའུ་ཡིས་མཉམ་སྒྲུབ་བྱས་པའི་མཚོ་སྔོན་མཚོ་ནུབ་དགེ་ལས་སྙིང་རྗེའི་འོད་སྣང་གི་ཕྱོགས་སུ་བསྐྱོད་པ་ཞེས་པའི་མཛད་སྒོ་ཟི་ལིང་ཨེ་ཡར་མིག་ནད་སྨན་ཁང་དུ་སྤེལ། 
ཚོགས་ཞུགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱི་མཉམ་པར།
          ཐེངས་འདིའི་སྤྱི་ཕན་ལས་གཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་བདེ་ཐང་ཚོགས་ཆེན་སྟེང་བཏོན་པའི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་གྱི་དགོངས་དོན་ལྟར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཐུགས་འཁུར་དང་ཧུའུ་ནན་ཨེ་ཡན་མིག་གཅེས་སྤྱི་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག་ཏུ།  བདེ་ཐང་དབུལ་སྐྱོར་གྱི་འཐབ་ཇུས་ཟུང་འབྲེལ་སྒོས་ལག་བསྟར་བྱས་པ་དང་། ཉེ་བའི་ཟླ་ངོ་གཉིས་ལྷག་གི་རིང་ལ། མཚོ་ནུབ་ཁུལ་གྱི་ཞིང་འབྲོག་མང་ཚོགས་བརྒྱད་བརྒྱ་དྲུག་བཅུ་ལྷག་ལ་བརྟག་དཔྱད་བྱས་པ་བརྒྱུད་ནས། མིག་ནད་ཅན་གྱི་ནད་པ་ཉིས་བརྒྱ་ལྷག་ལ་རིན་མེད་ནད་བཅོས་བྱས་ལ། དེ་མིན་ལིང་ཏོག་གི་ནད་པ་བཞི་བཅུ་ལྷག་ལ་ཟི་ལིང་ཨེ་ཡར་མིག་ནད་སྨན་ཁང་དུ་བཤགས་བཅོས་བྱས་ནས་ལེགས་འགྲུབ་བྱུང་ཡོད།

བྱེད་སྒོའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པས་མིག་ནད་ཅན་གྱི་ནད་པ་རྣམས་ལ་རྟོག་ཞིབ་གནང་བཞིན་པ།
          མཚོ་སྔོན་མཚོ་ནུབ་དགེ་ལས་སྙིང་རྗེའི་འོད་སྣང་གི་ཕྱོགས་སུ་བསྐྱོད་པ་ཞེས་པའི་ལས་གཞི་འདི་བརྒྱུད་ནས། མཚོ་ནུབ་ཁུལ་གྱི་དབུལ་ཕོངས་མང་ཚོགས་ལས་ལིང་ཏོག་གི་ནད་ཅན་གྱི་ནད་པ་རྣམས་ལ་རོགས་སྐྱོར་བྱས་ཏེ། ཁོ་ཚོར་ཡང་བསྐྱར་འོད་སྣང་གིས་གཏམས་ཤིང་། སྤུས་ཚད་ཀྱིས་ཐེག་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བའི་བསྐལ་བ་བསྩལ།  
རྩོམ་སྒྲིག་པ། རིག་གྲོལ།