ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལོའི་དཔྱིད་གསར་དུས་ཆེན་གྱིས་ཀུན་ལ་ཚོར་སྣང་གསར་རྐྱང་ཞིག་འབྱིན་རྒྱུ།

སྤེལ་དུས 2020-01-15 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཐོག5G+8K/4K/VRགསར་གཏོད་བཀོལ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིན་དུ་སྐོང་འཚོགས་བྱས་པ།
          སྤྱི་ཟླ1པོའི་ཚེས14ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཐོག5G+8K/4K/VRགསར་གཏོད་བཀོལ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 5Gདྲ་བ་དེ་ཉིད་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ2020ལོའི་མཚན་ཚོགས་ཀྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ཁག་ལ་ཁེབས་པ་བྱ་རྒྱུ་ཡིན་པ་རེད། སྐབས་དེ་དུས། སྤྱི་ཁྱབ་ལས་ཁུངས་ཀྱིས5G+8Kལག་རྩལ་བེད་སྤྱད་དེ་ཕྱོགས་མང་པོ་ནས་པར་ལེན་མངོན་འགྱུར་ཐུབ་རྒྱུ་ཡིན་པ་མ་ཟད། 8Kདཔར་མའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྒྲིག་བཟོ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ། 5Gདྲ་བའི་འགུལ་སྐྱོད་པར་ལེན་དང་ལྗོངས་རྣམ་སོགས་བཀོད་སྒྲིག་བྱེད་པའི་པར་ལེན་འཕྲུལ་ཆས་ཀྱི4Kབརྡ་རྟགས་ཚང་མ་དཔྱིད་གསར་དུས་ཆེན་མཚན་ཚོགས་སྒྲིག་བཟོའི་མ་ལག་ཁོངས་སུ་སྦྲེལ་མཐུད་བྱས་ཏེ། དཔྱིད་གསར་དུས་ཆེན་མཚན་ཚོགས་དེ་ཉིད4Kཡོང་འདུས་རིག་ནུས་ཐོག་ནས་ཐད་གཏོང་ཐད་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། སྤྱི་ཁྱབ་ལས་ཁུངས་ཀྱིས་གསར་དུ་གཏོད་པའི་རྟོག་བཟོའི་དྲ་བའི་ཕན་ཚུན་སྤེལ་རེས་རྣམ་པ་ཡང་དཔྱིད་གསར་དུས་ཆེན་མཚན་ཚོགས་ཐོག་ཐེངས་དང་པོར་སྤྱོད་རྒྱུ་ཡིན་པ་དང་། འཛད་སྤྱོད་པས་དབྱང་བརྙན་མཐོང་ཀྱི་འཛད་སྤྱོད་མཐའ་སྣེ་དང་དབྱང་བརྙན་མཐོང་གི་གསར་འགྱུར་འཛད་སྤྱོད་མཐའ་སྣེ་བརྒྱུད་ནས་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱིVRཐད་གཏོང་དང་ཕྱོགས་མང་པོ་ནས་པར་ལེན་བྱས་པའི་ལྗོངས་རྣམ་ཧྲིལ་པོའི་ཐད་གཏོང་ལ་གཟིགས་ཆོག་གི་ཡོད། 5Gདང་། 8K 4K དེ་བཞིན་VRསོགས་ལག་རྩལ་གསར་པ་བེད་སྤྱོད་རྒྱུ་ཡིན་པས་རྒྱ་ཆེའི་གཟིགས་མོ་བ་རྣམས་ནས་ཚོར་སྣང་གསར་རྐྱང་ཞིག་མྱོང་རོལ་ཐུབ་རྒྱུ་ཡིན་པ་རེད།
 
 
          ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་དང་། ཚན་རྩལ་པུའུ་དང་། བཟོ་འཕྲིན་པུའུ། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོ་འགུལ་འཕྲིན་དང་། ཀྲུང་གོ་འབྲེལ་འཕྲིན། ཀྲུང་གོ་གློག་འཕྲིན་བཅས་ལས་གཉེར་ཚོང་དུད་ཆེན་པོ་གསུམ། ཧྭ་ཝེ་ཀུང་སིའི་འགན་འཁུར་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ། སྨྱན་སྦྱོར་ཚན་པ་ཁག་གི་འཐུས་མི་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད། གཞན་ད་དུང་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་མུ་མཐུད་ནས་པེ་ཅིན་གྱི་ཚོགས་ར་གཙོ་བོ་དང་ས་གནས་ཀྱི་ཡན་ལག་ཚོགས་ར་བཀོད་སྒྲིག་བྱེད་པའི་རྣམ་པའི་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། ཧོ་ནན་གྱི་ཀྲེང་ཀྲའུ་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོ་ཁུལ་གཉིས་ལ་ཡན་ལག་ཚོགས་ར་འཛུགས་རྒྱུའི་གཏན་འཁེལ་བྱུང་ཡོད། མིག་སྔའི་ཆར། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གཉིས་ཀྱི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་ཟློས་གར་འཁྲབ་སྟོན་ཚོགས་ཆུང་གིས་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་དེ་ཉིད་ཆུ་ཚད་དེ་བས་མཐོ་བའི་མཚན་ཚོགས་ཤིག་ཏུ་གཉེར་རྒྱུའི་ཆེད་འབད་པ་ཧུར་ཐག་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ཀྲུང་གོ་བ་རྣམས་ལ་རིག་གནས་ཀྱི་སྟོན་མོ་གྲ་རྒྱས་ཤིག་བཤམ་རྒྱུ་ཡིན་པ་རེད།