གཞིས་རྩེས་ཀྱང་ཏོག་གསར་ནད་དུག་ལ་བརྟག་དཔྱད་ཐུབ་ཀྱི་འདུག
སྤེལ་དུས 2020-02-13
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་ནས་འབྱོར་བའི་ཆ་འཕྲིན་ལ་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། མ་དཔེར་བརྟག་དཔྱད་བྱས་འབྲས་ནི་སྲིབ་གཤིས(ན་ཚ་མེད་པ)ཡིན་པས་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་བསྐྱལ་བའི་བསྐྱར་ཞིབ་བྱས་འབྲས་དང་ཡོངས་སུ་མཐུན་པས། གཞིས་རྩེ་གྲོང་ཁྱེར་ལ་ཏོག་གསར་ནད་དུག་ལ་བརྟག་དཔྱད་བྱེད་པའི་ནུས་པ་ལྡན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་འགྱུར་མེད་སྟོབས་ལྡན་གྱི་ལག་རྩལ་གྱི་འགན་ལེན་ཐུབ་པ་མཚོན་ཡོད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་།
ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་1ཚེས་30ཉིན་གྱི་གོང་། གཞིས་རྩེ་གྲོང་ཁྱེར་གྱིས་འཚོལ་བསྡུ་བྱས་པའི་མ་དཔེ་བོད་རང་སྐྱོང་ལྗོངས་ལ་བརྟག་དཔྱད་བྱ་རྒྱུར་སྐྱེལ་དགོས་པས། བརྟག་དཔྱད་ཀྱི་དུས་ཡུན་རིང་བ་མ་ཟད་མ་གནས་ཀྱང་མཐོ་པོ་ཡོད། མ་དཔེ་འཚོལ་བསྡུ་བྱེད་པ་ནས་བརྟག་དཔྱད་བྱེད་པའི་བར་རྒྱུན་ཆད་མེད་པར་དུས་ཡུན་ཐུང་དུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་གི་ཐོན་ཁུངས་དང་མི་སྣ་བསྡུ་སྒྲིལ་བྱས་ཏེ་མཉམ་དུ་PCRཚོད་ལྟ་ཁང་གི་བརྟག་དཔྱད་ཀྱི་ལས་དོན་སྤེལ་འགོ་ཚུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་།
ཟླ་1ཚེས་30ཉིན། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་དུ་སྐྱེ་དངོས་ཀྱི་བདེ་འཇགས་ལ་ཡུལ་དངོས་ཀྱི་ཚོད་སྐོར་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཚོད་སྐོར་བྱས་པ་ལས་དེ་དག་ནི་སྤྱིར་བཏང་གི་སྐྱེ་དངོས་བདེ་འཇགས་ཀྱི་རིམ་པ་གཉིས་པའི་ཚོད་ལྟ་ཁང་གི་བླང་བྱ་དང་མཐུན་པས། ཏོག་གསར་གློ་ཚད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྒྲུབ་ཆོག་པའི་ངོས་འཛིན་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས)གི་PCRཚོད་ལྟ་ཁང་།
ཤེས་རྟོགས་བྱས་པར་གཞིགས་ན། ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྤྱི་འདོམས་འོག གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས“གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར”བཅས་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཨང་དང་པོར་འཇོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་ཏན་ཏིག་སྤེལ་བས།“གཏན་འཁེལ་བྱུང་པའི་ནད་དཔེ་མེད་པ”དང“མཆེད་པའི་ནད་དཔེ་མེད་པ”“འགོས་པའི་ནད་དཔེ་མེད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།