ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་ཉེན་རྟོག་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་འགན་ལེན་ནུས་ལྡན་བྱས།

སྤེལ་དུས 2020-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

འདི་ནི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་པའི་རླངས་འཁོར་ལ་དུག་སེལ་ཞིབ་བཤེར་བྱེད་པའི་རྣམ་པ་རེད།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ལྕི་ཞིང་། རིམས་ནད་ནི་བཀའ་རྒྱ་དང་། འགོག་སྲུང་ནི་འགན་འཁྲི་ཡིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། བོད་རང་སྐྱོང་ལྗོངས་ཆབ་མདོའི་ཁུལ་གསར་(དཔལ་འབྱོར་གསར་སྤེལ་ཁུལ)སྤྱི་བདེ་ཡན་ལག་ཅུས་ཀྱི་ཉེན་རྟོག་པ་ཡོངས་ནུས་ཤུགས་ཡོད་རྒུས་དམག་འཐབ་ནང་ཞུགས་ཏེ། ལས་འགན་སྒྲུབ་སེམས་དང་ལག་བསྟར་བྱེད་ཤུགས་ཆེན་པོས་ཁོངས་གཏོགས་ཁུལ་གྱི་ནད་ཡམས་ཞིབ་བཤེར་དང་། བརྟག་དཔྱད། རླངས་འཁོར་བཀོད་གཏོང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ནང་དུ་ཞུགས་ཡོད།

འདི་ནི་མི་དམངས་ཉེན་རྟོག་པས་འགྲོ་འོང་མི་སྣའི་ལུས་པོའི་དྲོད་ཚད་འཇལ་བཞིན་པའི་རྣམ་པ་རེད།
          ཟླ་2པའི་ཚེས་1ཉིན་གྱི་དགོང་མོར། ཆབ་མདོ་གྲོང་ཁྱེར་རིམས་ནད་མཉམ་འགོག་བཀོད་འདོམས་པུའུ་ཡི་བཀའ་དང་ལེན་ཞུས་ནས། སྐྱིད་ཐང་ཆུ་ཚན་གསོལ་མགྲོན་ཁང་དེ་ཟུར་འཇོག་ལྟ་ཞིབ་ས་ཚིགས་བྱས་པའི་གནོན་ཤུགས་ཆུང་དུ་གཏོང་ཆེད། ཆབ་མདོའི་ཁུལ་གསར་(དཔལ་འབྱོར་གསར་སྤེལ་ཁུལ་)དོ་དམ་ཨུ་ལྷན་གྱིས་གསོལ་མགྲོན་ཁང་ཞིག་གནས་གཏན་འཁེལ་གྱི་ཟུར་འཇོག་ཁང་དུ་བཀོད་སྒྲིག་བྱེད་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ནར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང་བས། དོ་དམ་ཨུ་ལྷན་གྱིས་སྤྱི་བདེ་ཡན་ལག་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས། གླིང་ཁུལ་གྱི་གསོལ་མགྲོན་ཁང་ཚང་མར་ལྟ་ཞིབ་དང་གྲལ་བཤེར་བྱས་པ་བརྒྱུད། དབྱི་མེ་གསོལ་མགྲོན་ཁང་དེ་གནས་སྐབས་ཀྱི་ཟུར་འཇོག་ལྟ་ཞིབ་ས་ཚིགས་ཀྱི་ཆ་རྐྱེན་དང་མཐུན་པར་ངོས་འཛིན་བྱས་ཏེ། གསོལ་མགྲོན་ཁང་དེ་གཅིག་སྡུད་ཟུར་འཇོག་གི་ས་ཚིགས་སུ་གཏན་འཁེལ་བྱས་པ་རེད།
          ཟླ་2པའི་ཚེས་4ཉིན་གྱི་དགོང་མོར། དབྱི་མེ་གསོལ་མགྲོན་ཁང་གིས་སྐྱིད་ཐང་ཕྱོགས་ཀྱིས་མི་32ཟུར་འཇོག་སྤོ་སྒྱུར་བྱེད་པའི་བརྡ་ཐོ་འབྱོར་རྗེས། ཆབ་མདོའི་ཁུལ་གསར་(དཔལ་འབྱོར་གསར་སྤེལ་ཁུལ་)སྤྱི་བདེ་ཡན་ལག་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། འབྲེལ་ཡོད་བླང་བྱ་ལྟར་ཐོ་འགོད་ཞིབ་དཔྱད་ཚད་ལེན་དང་། ཟུར་འཇོག་བཀོད་སྒྲིག དུག་སེལ་གཙང་མ་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཟུར་འཇོག་རྩིས་སྤྲོད་ཀྱི་ལས་དོན་བདེ་ལེགས་ངང་ཡོངས་འགྲུབ་བྱས་པ་རེད།
          ཆབ་མདོའི་ཁུལ་གསར་(དཔལ་འབྱོར་གསར་སྤེལ་ཁུལ་)དོ་དམ་ཨུ་ལྷན་གྱི་རིམས་འགོག་ལས་དོན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ཉིན་རེའི་སྔ་དྲོའི་ཆུ་ཚོད་10པར། གསོ་རིག་ལྟ་ཞིབ་ལས་དོན་ཚོ་ཆུང་གིས་འགོག་སྲུང་སྒྲིག་ཆས་གྱོན་ནས་ཟུར་འཇོག་ས་ཚིགས་ཁག་ཏུ་བསྐྱོད་དེ། ལུས་པོའི་དྲོད་ཚད་འཇལ་བ་དང་དུག་སེལ་གྱི་ལས་དོན་སྤེལ་བ་དང་། ཟུར་འཇོག་མི་སྣར་ཚ་རྒྱག་བཞིན་ཡོད་མེད་དང་། ཤུགས་ཟད་ཡོད་མེད་སོགས་ཀྱི་ལུས་པོ་མི་བདེ་བའི་ནད་རྟགས་འདྲི་རྩད་བྱས་པར་མ་ཟད། ཆེད་དོན་མི་སྣ་བཀོད་སྒྲིག་བྱས་ནས་ཁོང་ཚོར་བཟའ་བཅའ་གྲ་སྒྲིག་བྱས་ཏེ་དངོས་ཁམས་ཀྱིས་ལོགས་སུ་བཀར་ཞིང་། སེམས་ཁམས་ཀྱི་བར་ཐག་མི་གཅོད་པར་མི་ཆོས་རིང་ལུགས་ཀྱི་ཐུགས་ཁུར་དང་དོ་སྣང་མཚོན་པར་བྱས་པ་རེད།

འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ལུས་པོའི་དྲོད་ཚད་འཇལ་བའི་རྣམ་པ་རེད།
          ཉིན་རེའི་སྐོར་ཞིབ་དང་ཞིབ་དཔྱད་ཚད་ལེན་ཐེངས་གསུམ་བྱས་པ་དེས་“རིམས་ནད”སྔོན་འགོག་དམག་འཐབ་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པའི་དཀའ་སྤྱད་འབད་བརྩོན་དང་། འཐབ་འཛིང་གི་སྙིང་སྟོབས་མངོན་པར་བྱས་ཤིང་། ཉིན་རེར་ཟུར་འཇོག་མི་སྣར་ལུས་པོའི་དྲོད་ཚད་འཇལ་བ་དང་། གནས་ཚུལ་ལ་བརྟག་དཔྱད་བྱེད་པ། དུག་སེལ་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབས་ནས་མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་དངོས་སུ་ལག་ལེན་བྱས་ཏེ། “རིམས་ནད”འགོག་རྒོལ་དམག་འཐབ་ཀྱི་རུ་སྣེའི་དམག་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།