དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འབད་འབུངས་ཡར་བརྩོན་གྱི་ལོ་འདིར་ངོ་མཚར་གྱི་གྲུབ་འབྲས་གཏོད་པ།

སྤྱི་ལོ་2019ལོར་འཕྱོངས་རྒྱས་ཀྱི་ལས་རིགས་ཁག་ལ་མི་སེམས་དགའ་བའི་གྲུབ་འབྲས་ཐོབ་པའི་སྐོར།

སྤེལ་དུས 2020-03-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          འདས་ཟིན་པའི་སྤྱི་ལོ་2019ལོར་འཕྱོངས་རྒྱས་རྫོང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་འཕྱོངས་རྒྱས་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཐོག གཙོ་གནད་གསུམ་མངོན་གསལ་དོད་དུ་གཏོང་བ་དང་། དོན་ཆེན་བཞི་ཡག་པོ་སྒྲུབ་པ་བཅས་ཀྱི་ལས་འགན་ལ་གཙོ་བོར་དམིགས་པ། འཐབ་ཇུས་ཆེན་པོ་བདུན་ལག་བསྟར་གཏིང་ཟབ་བཅས་བྱས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད།

རྫོང་གྲོང་གི་རྣམ་པ།

 ཐང་པོ་ཆེའི་སྔོ་ཚལ་རྟེན་གཞིར་ཞིང་པ་ལས་མིས་ཚལ་བསྡུ་བཞིན་པ།
          ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་9དང་གྲངས་ཆུང་8འཕར་བ་དང་། སྤྱི་ཚོགས་ཀྱི་སྤྱོད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་བརྒྱ་ཆ་12དང་གྲངས་ཆུང་9འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་བརྒྱ་ཆ་13དང་གྲངས་ཆུང་5འཕར་བ། ནོར་སྲིད་ཡོང་འབབ་སྒོར་བྱེ་བ་3དང་ས་ཡ་6དང་4ཁྲི་ཟིན་ནས་བརྒྱ་ཆ་4དང་གྲངས་ཆུང་5བཅས་འཕར་ཡོད་པ་རེད།

གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་འགོ་ཚུགས་མཛད་སྒོ།

 སྐལ་བཟང་ཆུ་མིག་གི་རང་བྱུང་གཏེར་ཆུ་ཐོན་སྐྱེད་འཁོར་ཁང་།
          སྤྱི་ལོ་2019ལོར་འཕྱོངས་རྒྱས་རྫོང་གིས་ལོ་ཧྲིལ་པོར་མ་དངུལ་སྒོར་ས་ཡ་5ཡན་བཏང་བའི་རྣམ་གྲངས་50ལག་བསྟར་བྱེད་འགོ་བཙུགས་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རིམ་རྩིས་བྱས་ན་རྣམ་གྲངས་225ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་22དང་བྱེ་བ་5བཏང་ཡོད་པ་རེད། ཤ་ཚལ་སྒོང་གསུམ་གྱི་ལས་གྲྭ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི་1དང་སྟོང་མེད་453དང་སྔོ་ཚལ་ཐོན་ཚད་ཏུན་4573ལྷག་ཙམ་ཟིན་ཡོད། བོད་ཀྱི་བཙན་པོའི་བང་སོའི་་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་གསུམ་པའི་མཛེས་ལྗོངས་ཁུལ་དུ་བདམས་པ་དང་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་215200ལྷག་ཙམ་ལ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་བྱེ་བ་1དང་ས་ཡ་1དང་19000ཙམ་བྱུང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡོང་འབབ་འཕར་སྣོན་ཡོང་ཚད་ཁག་སོ་སོར་བརྒྱ་ཆ་9དང་གྲངས་ཆུང་8དང་བརྒྱ་ཆ་14དང་གྲངས་ཆུང་1འཕར་ཡོད་པ་རེད། དེ་མིན་ད་དུང་ཚོང་འགུག་མ་འདྲེན་གྱི་སྲིད་ཇུས་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་རོགས་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་ས་ཡ་5ཙམ་བཀོད་སྒྲིག་བྱས་པ་དང་། ༼སྐལ་བཟང་ཆུ་མིག་༽གི་རང་བྱུང་གཏེར་ཆུའི་རྣམ་གྲངས་སོགས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།

གནས་སྤོས་གྲོང་མིའི་མཉམ་པར།
          ལོ་ལྔ་ཚན་བཅུ་གསུམ་པའི་རིང་ཡུལ་གཞན་ནས་གནས་སྤོའི་དུད་ཚང་11གི་མི་40གནས་སྤོ་ལེགས་གྲུབ་ཟིན་པ་དང་། ཞོལ་ཁང་ཁ་རུབ་་ཚོགས་ཆུང་གི་དུད་ཚང་10ཡི་མི་36གནས་སྤོ་ལེགས་གྲུབ་བྱུང་བ། གསར་དུ་ཁ་སྣོན་བྱས་པའི་ཤ་གསོས་ཤང་གི་བཀོད་སྒྲིག་ས་ཚིགས་ཀྱི་གནས་སྤོའི་རྣམ་གྲངས་ཀྱི་གཙོ་གཟུགས་ལས་གྲ་ལས་མཇུག་འགྲིལ་ཡོད་པ་རེད། ༼སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་༽ལ་དམིགས་ཏེ་དུད་ཚང་7གྱི་ཉེན་ཡོད་སྡོད་ཁང་ཉམས་གསོ་བསྐྱར་སྐྲུན་བྱས་པ་དང་། གྲོང་ཚོ་དང་སྡེ་ཁུལ་24ཡི་དུས་ཚིགས་རང་བཞིན་གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད་བརྒྱ་ཆ་100བཅས་ཟིན་ཡོད་པ་རེད།

 ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣས་འབྲེལ་ཡོད་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་བཞིན་པ།
འཕྱོངས་རྒྱས་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐོབ་པ།
          སྤྱི་ལོ་2019ལོར་འཕྱོངས་རྒྱས་རྫོང་གིས་ད་དུང་དམངས་འཚོའི་བྱ་སྤྱོད་ཁག་བཅུ་ཏན་ཏིག་སྤེལ་ཞིང་། སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། འཕྲོད་བསྟེན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ།  ལས་ཞུགས་དང་ངལ་ནུས་ཕྱིར་གཏོང་ལས་དོན་རྒྱུན་མཐུད་བརྟན་ལྷིང་བྱུང་བ།  གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་ཐུབ་པ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་སོང་བ། ཁྲོམ་རའི་དཔལ་འབྱོར་འཕར་སྣོན་ཏན་ཏིག་བྱུང་བ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་ལེགས་པོ་ཐོབ་པ་སོགས་བྱུང་ནས་སྤྱི་ཚོགས་བརྟན་ལྷིང་ཡར་རྒྱས་དང་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།