དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བྱུང་རིམ་ཀྱག་ཀྱོག་ལྡན་པའི་སྒྱུ་འཕྲུལ་བརྩམས་སྒྲུང་གི་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཤིག

སྤེལ་དུས 2020-05-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་“བོད་ལྗོངས་ཀྱི་གཏམ་རྒྱུད་བཤད་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ”ཞེས་པ་དང《བོད་ཁུལ་གྱི་ལའོ་ཧྲེང་མིན》ཞེས་པའི་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཛིན་པས་ཤིས་ཚིག་ཕུལ་སྐབས་དཔེ་དེབ་འོས་སྦྱོར་བྱས། 《བོད་ཁུལ་གྱི་ལའོ་ཧྲེང་མིན》ནི་དཔེ་མཚོན་མ་ཡིན་པའི་སྒྱུ་འཕྲུལ་བརྩམས་སྒྲུང་ཞིག་ཡིན་ཞིང་། བོད་ཀྱི་རིག་གནས་ཁྲོད་ཀྱི་ངོ་མཚར་བའི་ལྐོག་གྱུར་གྱི་ཆ་དང་དངོས་ཡོད་རིང་ལུགས་ཀྱི་རིག་གནས་ཟུང་འབྲེལ་བྱེད་པའི་གསར་རྩོམ་གྱི་ཐབས་ལམ་གསར་པ་ཞིག་སྤྱད་ཡོད། གཏམ་རྒྱུད་ཁྲོད་དུས་ཀྱི་བར་བརྒལ་དང་། དྲག་རྩལ། ཚན་རྩལ་སྒྱུ་འཕྲུལ་སོགས་ཀྱི་གྲུབ་ཆའང་འདུས་ཡོད་ལ། རྒྱུན་ལྡན་གྱི་རིགས་ལམ་ལས་བརྒལ་ཏེ་དེང་རབས་མིའི་འདུ་ཤེས་འཛིན་སྟངས་ཀྱི་ངོས་ཐད་ནས་བོད་ཀྱི་རིག་གནས་ལ་འགྲེལ་བཤད་བྱས་ཡོད། 
རྩོམ་པ་པོ་ཡུས་ཆེན་(གཡོན་གྱི་གཉིས་པ)དང་བོད་ཀྱི་པར་རྒྱག་མཁས་ཅན་དབང་ཕྱུག་རྡོ་རྗེ།(གཡས་ཀྱི་གཉིས་པ) བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགོ་གཙོ་ཝུའུ་ཡུས་ཁྲུའུ་(གཡས་ཀྱི་དང་པོ།)བཅས་ཀྱིས་མཉམ་དུ་དཔེ་དེབ་གསར་པའི་སྐོར་དཔྱད་བསྡུར་བྱེད་བཞིན་པ།
         ཡུལ་དངོས་སུ་རྩོམ་པ་པོ་ཡུས་ཆེན་གྱིས་བོད་ཀྱི་རིག་གནས་སྐོར་གྱི་རྩོམ་རིག་གསར་རྩོམ་གྱི་བརྗོད་བྱར་དཔྱད་བསྡུར་བྱས་པ་དང་།  དཔེ་དེབ་འདིའི་གསར་རྩོམ་གྱི་འཆར་སྒོ་དང་བསམ་བློའི་གོ་རིམ་ལ་ཕྱིར་དྲན་ཡང་བྱས་པ་རེད། ཁོང་ཚོ་སྔོན་ཆད་བོད་ལྗོངས་སུ་ཟབ་འཇུག་བྱས་ཏེ་ཡིད་དབང་འཕྲོག་པའི་གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱས་པ་དང་། ཆེད་མཁས་པ་དང་མཁས་དབང་བཅུ་ཕྲག་ཁ་ཤས་ལ་བཅར་འདྲི་བྱས་ཤིང་། བསྟན་བཅོས་བཅུ་གྲངས་ལ་ལྟ་ཀློག་དང་རྩོམ་གྱི་མ་ཡིག་ལ་ཞུ་དག་དུ་མ་བྱས་རྗེས་ད་གཟོད་པར་དུ་བསྐྲུན་ཐུབ་པ་བྱུང་། 
བོད་ཀྱི་པར་རྒྱག་མཁས་ཅན་དབང་ཕྱུག་རྡོ་རྗེ་(གཡོན་གྱི་དང་པོ།)དང་། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགོ་གཙོ་ཝུའུ་ཡུས་ཁྲུའུ་(གཡས་ཀྱི་དང་པོ།) གཉིས་ཀྱིས་མཉམ་དུ་དཔེ་དེབ་གསར་པའི་སྐོར་དཔྱད་བསྡུར་བྱེད་བཞིན་པ།
         “དངོས་ཡོད་རིང་ལུགས་ཀྱི་སྒྱུ་འཕྲུལ་བརྩམས་སྒྲུང་ནི་ངའི་ངོས་ནས་བཤད་ན་ཚོད་ལྟ་ཐེངས་ཤིག་ཡིན། སྐད་ཆའི་བརྗོད་ལུགས་དང་གཏམ་རྒྱུད་ཀྱི་སྒྲོམ་གཞི་གང་གི་ཐད་ནས་ཀྱང་ངའི་སྔོན་ཆད་ཀྱི་བརྩམས་སྒྲུང་དང་མི་འདྲ། ད་ལྟ་བསམ་ན་གཏམ་རྒྱུད་དེ་ནི་མོའེ་ལེན་གྱིས་ཉར་ཚགས་བྱས་པའི་ཐང་ག་དེ་དང་ཉིང་ཁྲིའི་རི་ཀླུང་གང་སར་ཁྱབ་པའི་ཁམ་བུའི་མེ་ཏོག་དང་འབྲེལ་བ་ཡོད་ཤས་ཆེ། སྒྱུ་འཕྲུལ་བརྩམས་སྒྲུང་འདི་གསར་རྩོམ་བྱེད་ཆེད། ང་ཆེད་དུ་ངག་རྒྱུན་གྱི་གཏམ་རྒྱུད་དེ་བྱུང་སའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་སོང་ནས་ཉིན་ཁ་ཤས་བསྡད་པ་ཡིན་ལ། མོའེ་ལེན་གྱིས་བཤད་མྱོང་བའི་ལྷ་ཡུལ་ཞེས་པ་དེ་རུ་ཚོར་བ་ཉམས་སུ་མྱངས་པ་ཡིན། དཔེ་དེབ་འདི་པར་དུ་སྐྲུན་པ་ནི་ངས་ང་རང་ཤིན་ཏུ་དགའ་སའི་ཡུལ་གྲུ་འདི་དང་ཡུལ་འདིར་འཚོ་ཞིང་གནས་པའི་གཤིས་རྒྱུད་དྲང་ཞིང་བབ་ཆགས་པའི་མི་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན།”ཞེས་ཡུས་ཆེན་གྱིས་དེ་ལྟར་བཤད། 
ཡུལ་དངོས་སུ《གྱེན་དུ་བཞུར་བ》ཞེས་པའི་འཁྲབ་སྟོན་གླུ་གཞས་ལེན་པ།
         དགོད་བྲོ་ཞིང་སྤྲོ་བ་ལྡན་པའི་དཔེ་དེབ་འོས་སྦྱོར་གྱི་གོ་རིམ་མཇུག་རྫོགས་རྗེས། རྩོམ་པ་པོ་དང་ཀློག་པ་པོ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་པ་དང་། དཔེ་དེབ་འདི་ལ་སྤྲོ་བ་ཡོད་མཁན་དག་གིས《བོད་ཁུལ་གྱི་ལའོ་ཧྲེང་མིན》གྱི་ངོ་མཚར་བའི་བྱུང་རིམ་ལ་དཔྱད་བསྡུར་ལེགས་པོ་བྱས་པ་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་བོད་ལྗོངས་ས་མཐོའི་གཅེས་ནོར་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པས་ཡུལ་དངོས་སུ《གྱེན་དུ་བཞུར་བ》ཞེས་པའི་གླུ་གཞས་མཉམ་ལེན་བྱས་ཏེ། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་བཟོས་ཤིང་། ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་ཟིང་ཟིང་ལང་ལོང་དུ་གྱུར།
         ངོ་སྤྲོད་བྱས་པར་གཞིགས་ན། 《བོད་ཁུལ་གྱི་ལའོ་ཧྲེང་མིན》ཞེས་པའི་དེབ་འདིར་ཁྱོན་ལེའུ་15ཡོད་ཅིང་། རྩོམ་པ་པོས་ཐུན་མོང་མ་ཡིན་པའི་མཐོང་སྣེ་སྤྱད་པ་སྟེ། ཐང་ག་ཞིག་བརྗོད་བྱའི་གཞི་རྐང་ཏུ་བཟུང་ནས། ཀློག་པ་པོ་རྣམས་ལ་མི་རིགས་ཕན་ཚུན་བར་གྱི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་བརྗོད་པ་དང་། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལེགས་པར་ཞིབ་འབྲི་བྱས་ཏེ། སྒྱུ་འཕྲུལ་གྱི་འཇིག་རྟེན་གསར་པ་ཞིག་མངོན་པར་མཚོན་པ་རེད། བརྩམས་སྒྲུང་གི་བྱུང་རིམ་ལ་ཀྱག་ཀྱོག་གི་གོ་རིམ་ལྡན་ཞིང་མི་སེམས་འགུལ་བར་བྱེད་པས། དངོས་གནས་ཀློག་རིན་ཡོད་པ་ཞིག་རེད། དེབ་འདི་ཟླ་ལྔ་པར་དངོས་སུ་ཚོང་རར་བཀྲམ་པ་རེད།