ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཐུས་མི་དང་ཨུ་ཡོན་གྱི་བཅའ་སྡོད་བྱ་ཡུལ་སྔོན་དང་འདྲ་པོ་མི་འདུག

སྤེལ་དུས 2020-05-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ཉེར་ཡོད་པའི་སྐབས་འདིར་ད་ལོའི་འཐུས་མི་དང་ཨུ་ཡོན་གྱི་བཅའ་སྡོད་བྱ་ཡུལ་གྱི་གྲ་སྒྲིག་ལས་དོན་ག་འདྲ་ཡིན་པ་དང་། འགྱུར་ལྡོག་གསར་བ་གང་དག་བྱུང་ཡོད་པའི་སྐོར་ལ་མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ལ་པར་རིས་ཀྱི་ལམ་ནས་གནས་ཚུལ་འགོད་སྤེལ་བྱས་ཡོད།
          འཐུས་མི་དང་ཨུ་ཡོན་གྱི་བཅའ་སྡོད་བྱ་ཡུལ་པེ་ཅིང་གསོལ་མགྲོན་ཁང་དུ་བརྙན་ལམ་བཅར་འདྲི་བྱ་ཡུལ་སོགས་གྲ་སྒྲིག་བྱས་ཟིན་པ། ཚོགས་ཆེན་གྱི་བླང་བྱ་ལྟར་ད་ལོ་སྨྱན་སྦྱོར་ཚན་པས་གཙོ་བོ་དྲ་བ་དང་། བརྙན་ལམ། ཡིག་ཐོག་གྱི་རྣམ་པའི་ཐོག་ནས་བཅར་འདྲི་བྱ་རྒྱུ་ཡིན་པ་དང་། འཐུས་མིས་བཅར་འདྲི་དང་ལེན་བྱེད་པར་སྟབས་བདེ་བསྐྲུན་ཆེད་འཐུས་མིའི་སྡོད་ཡུལ་དུ་བརྙན་ལམ་བཅར་འདྲི་ཁང་བཙུགས་ཡོད།
བཅའ་སྡོད་བྱ་ཡུལ་པེ་ཅིང་གསོལ་མགྲོན་ཁང་གི་ཕྱི་ལྗོངས།

པེ་ཅིང་གསོལ་མགྲོན་ཁང་གི་གསར་འགྱུར་ལྟེ་གནས་ཀྱི་བཅར་འདྲི་ཁང་།
          གསར་འགོད་པས་པེ་ཅིང་གསོལ་མགྲོན་ཁང་དུ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་བདེ་འཇགས་ཞིབ་བཤེར་བཀོད་སྒྲིག་བྱས་པ་མཐོང་བྱུང་། དེ་དང་ཆབས་ཅིག་རིམས་འགོག་མི་སྣ་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དཔེ་ལེན་ས་ཚིགས་བཀོད་སྒྲིག་བྱས་པ་དང་བཅའ་སྡོད་བྱ་ཡུལ་དུ་དུག་སེལ་མཁོ་ཆས་བཀོད་སྒྲིག་བྱས་ཡོད། གློག་སྐས་ནང་དུ་ཡང་རིམས་འགོག་བྱ་ཐབས་ཁ་ཤས་བཀོད་སྒྲིག་བྱས་འདུག

པེ་ཅིང་གསོལ་མགྲོན་ཁང་གི་ནང་དུ་བཀོད་སྒྲིག་བྱས་ཡོད་པའི་བདེ་ཐང་གི་འཕྲུལ་ཆས།
          མིག་སྔར།《པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་སྲོལ་ཡིག》གི་པར་གཞི་གསར་པ་ལག་བསྟར་བྱེད་འགོ་ཚུགས། ཚོགས་ཆེན་གཉིས་ཀྱི་བཅའ་སྡོད་བྱ་ཡུལ་གྱིས་སྣེ་ཁྲིད་དེ་ལག་ལེན་བསྟར་སྲིད། ད་དུང་ཚོམས་ཆེན་དུ་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་ལག་དེབ་བཞག་ནས་གད་སྙིགས་རིགས་དབྱེ་དང་ཉུང་གཏོང་གི་དར་སྲོལ་གསར་པ་ཁྲིད་སྟོན་བྱས་ཡོད།

པེ་ཅིང་གསོལ་མགྲོན་ཁང་གི་ནང་དུ་བཀོད་སྒྲིག་བྱས་ཡོད་པའི་གད་སྙིགས་རིགས་དབྱེ་སྒམ།

པེ་ཅིང་གསོལ་མགྲོན་ཁང་གི་མདུན་སྟེགས་སུ་བཞག་ཡོད་པའི་པེ་ཅིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དྲིལ་བསྒྲགས་ལག་དེབ།
          འཐུས་མི་དང་ཨུ་ཡོན་གྱི་བཅའ་སྡོད་བྱ་ཡུལ་མཛའ་བརྩེའི་གསོལ་མགྲོན་ཁང་གི་སྡོད་གནས་སུ་བརྙན་ལམ་བཅར་འདྲི་བྱ་ཡུལ་སོགས་གྲ་སྒྲིག་བྱས་ཟིན་པ། ཚོགས་ཆེན་གྱི་བླང་བྱ་ལྟར་ད་ལོ་སྨྱན་སྦྱོར་ཚན་པས་གཙོ་བོ་དྲ་བ་དང་། བརྙན་ལམ། ཡིག་ཐོག་གྱི་རྣམ་པའི་ཐོག་ནས་བཅར་འདྲི་བྱ་རྒྱུ་ཡིན་པ་དང་། འཐུས་མིས་བཅར་འདྲི་དང་ལེན་བྱེད་པར་སྟབས་བདེ་བསྐྲུན་ཆེད་འཐུས་མིའི་སྡོད་ཡུལ་དུ་བརྙན་ལམ་བཅར་འདྲི་ཁང་བཙུགས་ཡོད།

མཛའ་བརྩེའི་གསོལ་མགྲོན་ཁང་གི་དྲ་བའི་བཅར་འདྲི་ཁང་།

མཛའ་བརྩེའི་གསོལ་མགྲོན་ཁང་གི་མཚན་ལྗོངས།

མཛའ་བརྩེའི་གསོལ་མགྲོན་ཁང་གི་བཅའ་སྡོད་བྱ་ཡུལ།
          བཅའ་སྡོད་བྱ་ཡུལ་མཛའ་བརྩེའི་གསོལ་མགྲོན་ཁང་དུ་གསར་འགོད་པས་དུག་སེལ་ཡོ་བྱད་བཀོད་སྒྲིག་བྱས་ཡོད་པ་མཐོང་ཞིང་། གློག་སྐས་ནང་ཡང་རིམས་འགོག་བྱ་ཐབས་ཁག་ཅིག་བཀོད་སྒྲིག་བྱས་ཡོད། བཅའ་སྡོད་བྱ་ཡུལ་དུ་ད་དུང་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་གློག་རྡུལ་སྒྲིག་ཆས་བཙུགས་ཡོད།

མཛའ་བརྩེའི་གསོལ་མགྲོན་ཁང་གི་གད་སྙིགས་རིགས་དབྱེ་གློག་རྡུལ་དྲིལ་བསྒྲགས་སྒྲིག་ཆས།

མཛའ་བརྩེའི་གསོལ་མགྲོན་ཁང་གི་རིམས་འགོག་བྱེད་ཐབས།

མཛའ་བརྩེའི་གསོལ་མགྲོན་ཁང་གི་རིམས་འགོག་བྱེད་ཐབས།
རྩོམ་སྒྲིག་པ། སངས་སྐྱབས།