ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀོང་པོའི་གནའ་བོའི་གྲོང་ཚོའི་“གློག་ཤུགས་ཕུན་སུམ་ཚོགས་པའི”འཚོ་བ་གསར་པ།

སྤེལ་དུས 2020-06-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་མགོ་ཞེས་པའི་མིང་ཅན་གྱི་ས་ཆ་འདི་ནི་ཉིང་ཁྲི་ས་ཁུལ་གྱི་ཀོང་པོ་རྒྱ་མདའ་རྫོང་གི་དབུས་ཁུལ་བྲག་གསུམ་བླ་མཚོའི་ཉེ་འགྲམ་དུ་ཡོད་ཅིང་། མཚོ་མགོ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་ཁག་དང་པོ་དེ་ཡིན་པ་དང་།  དེ་ལ་“ཀྲུང་གོའི་གྲོང་ཚོ་མཛེས་ཤོས་ཆེན་པོ་བཅུ”དང་“ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། 

མཚོ་མགོ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ།
           2004ལོ་ནས་2009ལོའི་བར། བོད་ལྗོངས་ཀྱི་གྲོང་གསེབ་གསར་པའི་ཞིང་པའི་སྡོད་ཁང་སྒྱུར་བཀོད་ལས་གཞིས་མཚོ་མགོ་གྲོང་ཚོའི་གནའ་བོའི་ཤེས་རིག་གི་སྲོག་ཤིང་ལ་གཡོ་འགུལ་ཐེབས་མེད།   ཉིང་ཁྲིའི་ཀོང་པོ་རྒྱ་མདའ་ས་ཁུལ་དུ་ཉར་ཚགས་ཆ་ཚང་བྱས་པའི་སྲོལ་རྒྱུན་གྱི་གནའ་བོའི་གྲོང་ཚོ་འབའ་ཞིག་ཡིན་པའི་མཚོ་མགོ་རུ་གནའ་བོའི་སྡོད་ཁང་48ལ་ཆ་སྙོམས་ལོ་བརྒྱ་དང་བཞི་བཅུ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 

མཚོ་མགོ་གྲོང་ཚོའི་སྲོལ་རྒྱུན་གྱི་གནའ་བོའི་འཛུགས་སྐྲུན་སྡོད་ཁང་།
           ཁང་པ་རྙིང་པ་ཡག་པོ་ཡོད་ཀྱང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་ཁང་པའི་ནང་གི་གློག་ཤུགས་ཀྱིས་ཡུལ་མི་རྣམས་ཀྱི་འཚོ་བའི་གོམས་སྟབས་ཀྱི་རྗེས་ཟིན་གྱིན་མེད།  “ཁང་པ་རྙིང་པའི་གློག་ཤུགས་ཞན་པས་དུས་ཚོད་ཐུང་ངུའི་ནང་གློག་བཀར་བ་ལས་གློག་ཆས་གཞན་པ་ཕར་ཞོགས། ཐ་ན་གློག་སྒྲོན་ཡང་ཧ་ཅང་གསལ་པོ་མི་འདུག དགོང་མོར་སླེབས་དུས་མུན་ཅུང་ནག་པས་ཕ་རོལ་པོའི་གདོང་ཡང་མཐོང་གིན་མེད།  སྐབས་འགར་སྔར་བཞིན་མར་མེ་སྦར་དགོས། ཞེས་མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་གསར་འགོད་པར་དེ་ལྟར་མཚམས་སྦྱོར་གནང་བ་རེད། 

མཚོ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་ཚེ་རིང་ལགས་མཚོ་མགོ་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཡོད་པ།
           གཞན་ཡང་ཉེ་བའི་ལོ་ཤས་རིང་མཚོ་མགོ་གྲོང་ཚོའི་ཡུལ་སྐོར་དེ་ས་ཆ་གཞན་དུ་སྐད་གྲགས་ཆོད་པ་དང་བསྟུན་ནས་གྲོང་ཚོའི་ནང་གི་ཡུལ་སྐོར་བ་མངོན་སུམ་དུ་ཇེ་མང་དུ་ཕྱིན་ཀྱང་གློག་ཤུགས་མི་འདང་བ་དེས་གྲོང་ མི་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་ནས་ཕྱུག་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱ་བ་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། གློག་གི་ཆུ་བསྲོ་ཆས་དང་བརྙན་འཕྲིན། Wifiབཅས་མེད་པས་ཡུལ་ལྗོངས་ནི་པུར་གྱིས་བྲིས་པ་ལྟར་ལྟ་ན་སྡུག་ཀྱང་མཚོ་མགོ་གྲོང་ཚོར་ཡུལ་སྐོར་བ་སྔར་བཞིན་སྡོད་ཐུབ་ཀྱིན་མེད།  དེར་བརྟེན་ཚང་མས་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་བཟའ་བཏུང་དང་རྟའི་རུ་ཁག་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ་ཉིན་མོར་ཡུལ་སྐོར་བ་བསུས་ཤིང་དགོང་མོ་དེ་གར་བསྐྱལ་བ་རེད།

མཚོ་མགོ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ།
           2017ལོ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་གི་མཚོ་མགོ་གྲོང་ཚོའི་གནའ་བོའི་གྲོང་ཚོ་གནས་སྤོའི་སྲུང་སྐྱོང་ལས་གཞི་རིམ་པ་བཞིན་དུ་དོན་འཁྱོལ་བྱུང་བ་དང་ཆབས་ཅིག   གཙང་ཞིང་གྲལ་འགྲིག་པའི་སྡོད་ཁང་གསར་པའང་གྲོང་ཚོའི་ནང་སྔ་རྗེས་སུ་བསྐྲུན། འདི་ལས་མི་ཕྱུགས་མཉམ་སྡོད་ཀྱི་འགྲོ་འོང་གི་གནས་ཚུལ་བསྒྱུར་བཅོས་བཏང་བ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་འདི་རུ་ཚུགས་ནས་མཚོ་མགོ་གྲོང་ཚོ་ཧྲིལ་པོའི་རྣམ་པ་རྦད་དེ་གསར་པ་གསར་རྐྱང་ཞིག་ཏུ་མངོན་པར་བྱས་ཡོད། 

མཚོ་མགོ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ།
           “གློག་ཤུགས་ཧ་ཅང་ཆེན་པོ་འདུག” ཡུལ་མི་ཚོས་གློག་སྤྱོད་ཐུབ་པ་དང་གློག་ཡག་པོ་སྤྱོད་ཐུབ་པའི་འདུན་མ་མངོན་འགྱུར་བྱུང་ནས་སྡོད་ཁང་གསར་པར་སྤོས་པ་རེད། དུད་ཚང་ཚང་མས་གློག་སྒུལ་མར་ཟོམ་དང་བརྙན་འཕྲིན། འཁྱགས་སྒམ་སོགས་གློག་ཆས་ཆེ་གྲས་ཁྱིམ་ནང་དུ་སྤྱད་ཅིང་གྲོང་ཚོའི་ནང་གི་བོད་ཕག་གསོ་ཚགས་བཟོ་གྲྭའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་གྲོང་མི་ཚོའི་མར་དང་རྩམ་པའི་བྲིན་ཁའང་རྒྱུག་པོ་བྱུང་། 

མཚོ་མགོའི་ཁྱིམ་ནང་གི་གློག་ཆས།
           གློག་ཤུགས་ཀྱིས་མཚེའུ་དེའི་མཐའ་རུ་ཡིབ་པའི་ས་མཐོའི་ས་རྒྱུ་གཤིན་པོ་དེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་བསྩལ་ཅིང་། མཐར་མཚོ་མགོ་གྲོང་ཚོའི་དུད་ཚང་དབུལ་པོ་24ཡི་དབུལ་ཕོངས་མི་འབོར་75ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་པ་རེད། “ད་ཆ་ཚང་མ་གཙང་མ་གཙང་རྐྱང་ཡིན་པ་དང་ཉིན་ལྟར་དགོང་མོར་གཟུགས་པོ་འཁྲུ་རྒྱུ་ཡོད་པས་ཟ་སྡོད་གཉིས་ཀ་ཡག་པོ་འདུག”ཅེས་ནོར་བུ་ཚེ་རིང་གིས་དེ་ལྟར་བཤད་བཞིན་དུ་ངོ་གདོང་གི་འཛུམ་མདངས་འགོག་ཐབས་མེད་པར་གྱུར། “གློག་གི་ནུས་ཤུགས་ཧ་ཅང་ཆེ་བ་དང་།  ཆུ་ཚ་པོ་བཟོ་ཆས།  བརྙན་འཕྲིན་འཕྲུལ་ཆས།  བརྡ་རྟགས་Wifiབཅས་ཉེར་མཁོ་འདི་དག་ང་ཚོར་གཅིག་ཀྱང་མི་ཆད་པར་ཡོད་པས་ཡུལ་སྐོར་བ་རྣམས་ཀྱང་གཞི་ནས་སྡོད་འདོད་བྱུང་།” 

ཟླ་6པའི་མཚོ་མགོ་གྲོང་ཚོར་པད་ཁའི་མེ་ཏོག་རབ་ཏུ་བཞད་པ།
           གངས་རིའི་འདབས་རོལ་གྱི་གསེར་མདོག་གི་པད་ཁའི་མེ་ཏོག་གིས་གྲོང་མི་ཚོས་འབྱུང་འགྱུར་གྱི་འཚོ་བ་གསར་པར་ཡིད་སྨོན་དང་སྤྲོ་སྣང་འཕེལ་བཞིན་མཆིས། ཟླ་4པ་ནས་7པའི་བར།  པད་ཁའི་མེ་ཏོག་ནི་མཚོ་མགོ་གྲོང་ཚོའི་མཛེས་སྡུག་ལྡན་པའི་ཡུལ་སྐོར་མིང་བྱང་ལྟ་བུ་ཡིན་ཞིང་། མེ་ཏོག་བཞད་ཚར་རྗེས་མུའུ་33ཙམ་ཡོད་པའི་པད་ཁའི་མེ་ཏོག་དེ་གྲོང་མི་ཚོའི་སྣུམ་གྱི་རྒྱུ་ཆར་གྱུར་ཡོད། 

མཚོ་མགོ་གྲོང་ཚོའི་འཛུགས་སྐྲུན་ཁྲོད་ཀྱི་ཡུལ་སྐོར་ལས་གཞི།
           “ཡུལ་སྐོར་ནི་ང་ཚོའི་སླར་ཕྱིན་གྱི་འཕེལ་ཕྱོགས་གཙོ་བོ་ཞིག་ཡིན།”ཞེས་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོའི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ལྟེ་གནས་དང་། ཁྱིམ་ཚང་མགྲོན་ཁང་། བྱེ་ཐང་སྦག་སྦག་འཁོར་ལོ་སོགས་རོལ་རྩེད་རྣམ་གྲངས་ཚང་མ་རིམ་པ་བཞིན་དུ་འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་2020ལོར་སླེབས་སྐབས་གྲོང་མི་60%མཚོ་མགོ་གྲོང་ཚོའི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཡུལ་སྐོར་ཐོན་ལས་ནང་ཞུགས་རྒྱུ་རེད། “ང་རང་ཉིད་ཀྱི་ཁྱིམ་གསར་པར་འགྲུལ་ཁང་གསུམ་ཡོད། ངས་ད་དུང་སྒོ་རའི་ནང་དུ་ཀུ་ཤུ་དང་ཁམ་བུ་འདེབས་རྒྱུ་ཡིན་པ་དང་ཕྱིས་སུ་སྒྲོག་རྩེ་དང་རྐུབ་སྟེགས་བཞག་སྟེ་གུར་ཆེ་ཆུང་དུ་མ་ཕུབ་ཚེ་ཡུལ་སྐོར་བ་རྣམས་ཀྱིས་འདི་གར་གླིང་ག་གཏང་ཆོག་གི་རེད།”ནོར་བུ་ཚེ་རིང་གི་གདོང་ལ་དུས་དང་རྣམ་པ་ཀུན་ཏུ་རེ་སྒུག་བྱེད་པ་དང་བློ་ཡིད་ཚིམ་པོ་བྱེད་པ་དེའང་མཚོ་མགོ་གྲོང་ཚོའི་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་རྣམ་པ་ཞིག་རེད།
རྩོམ་སྒྲིག་པ། རིག་གྲོལ།