ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་བོད་ལྗོངས་སུ་འགྲེམས་སྤེལ་བྱས་པ།

སྤེལ་དུས 2020-07-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་གྲལ་སྟར་སྒྲིག་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་རེད། 
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ་ང་ཚོས་བཀླགས་མྱོང་ཡོད་ལ། དེབ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘གནད་སྨིན་དབུལ་སྐྱོར’སྐོར་གྱི་རྣམ་བཤད་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལས་བྱེད་པ་པ་སངས་དབང་ཆེན་གྱིས་དེ་སྐད་བཤད་བྱུང་། 
འདི་ནི་ཀློག་པ་པོས་དཔེ་ཚོང་ཁང་ནང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་ཀློག་བཞིན་པ་རེད། 
         ཟླ6པའི་ཚེས30ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་པེ་ཅིང་ནུབ་ལམ་གྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་ཀློག་པ་པོས་དཔེ་སྒྲོམ་གྱི་མདུན་དུ་རྒྱལ་ཡོངས་ཀྱིས་དུས་གཅིག་ཏུ་འགྲེམས་སྤེལ་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པར་གཟིགས་པ་རེད།ཡུལ་དངོས་ཀྱི་མང་ཚོགས་ཝང་ལི་ཅོན་གྱིས་བསྟན་དོན། རང་ཉིད་ཀྱིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་པོད་དང་པོ་དང་གཉིས་པ་ཉོས་པ་དང་། སློབ་སྦྱོང་བྱས་པ་བརྒྱུད་རང་ངོས་ཀྱི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་ཡོད། དེ་རིང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་གཉིས་ཉོས་པ་ཡིན་ལ་ཕྱིར་ལོག་རྗེས་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་ངེས་ཡིན་ཟེར། 
         ཡུལ་དངོས་སུ། འགྲེམས་སྤེལ་བྱེད་སྒོའི་གཙོ་གཉེར་ཕྱོགས་ཀྱིས་ད་དུང་ཚོགས་ཞུགས་མང་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་དེབ་སྦྱིན་པ་རེད། 
འདི་ནི་མང་ཚོགས་ཀྱི་འཐུས་མིར་དཔེ་དེབ་ཐོབ་པ་རེད། 
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ་པར་སྐྲུན་བྱས་ཚུན། རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་གཉེར་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཁྲོད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད་ཅིང་། གསར་གཏོད་རང་བཞིན་དང་དུས་རབས་རང་བཞིན། སློབ་སྟོན་གྱི་རང་བཞིན་བཅས་ལྡན་པའི་བསམ་བློའི་ལྟ་བ་གལ་ཆེན་མང་པོ་བཏོན་ནས་ཏང་གི་གཞུང་ལུགས་གསར་གཏོད་གྲུབ་འབྲས་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་པ་རེད། 
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2017ལོའི་ཟླ10པའི་ཚེས18ཉིན་ནས2020ལོའི་ཟླ1པོའི་ཚེས13ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གླེང་མོལ། གཏམ་བཤད། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག་སོགས92བསྡུས་ནས་ཆེད་དོན19རུ་དབྱེ་ཡོད། ཀློག་པ་པོས་ཀློག་འདོན་བྱེད་བདེ་བའི་ཆེད་དུ་དེབ་འདིར་དགོས་ངེས་ཀྱི་མཆན་འགྲེལ་བྱས་ཡོད་ལ། དེབ་དེའི་ནང་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་ཚོད་དེའི་རིང་གི་པར་རིས41བསྡུས་ཡོད་པ་རེད། 
         《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེན་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འཐབ་རྩོད་རླབས་པོ་ཆེ་དང་ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གལ་ཆེན་གསར་པ་ཐོབ་པའི་ལག་ལེན་རླབས་པོ་ཆེ་བྱས་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་བསྟན་ཡོད་ལ། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་འདུས་འཛུགས་པར་སྐུལ་འདེད་གཏོང་བར་བཏོན་པའི་བློ་གྲོས་ཀྱི་ཇུས་གཞི་གང་ལེགས་མཚོན་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།