ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པའི་རླབས་ཆེན་བྱ་གཞག་བརྟན་སྲུང་བྱེད།

སྤེལ་དུས 2020-07-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

          སྤྱི་ཚེས22ཉིན་གྱི་ཕྱི་དྲོ། ཅི་ལིན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་དུ་གཟིགས་སྐོར་གནང་ཡོད། བཅིངས་འགྲོལ་དམག་འཁྲུག་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་དཔུང་གི་མི་ཁྲི་གཉིས་ཙམ་གྱིས་རང་སྲོག་བློས་བཏང་ནས་སི་ཕིང་གཡུལ་འགྱེད་ཀྱི་མཐའ་མའི་རྒྱལ་ཁ་བླངས་ཡོད།
          ཞི་ཅིན་ཕིང་གིས། སི་ཕིང་གི་དམག་འཁྲུག་ཐེངས་བཞི་པོ་ནི་ང་ཚོའི་གསར་བརྗེའི་བརྒྱུད་རིམ་དང་དྲག་པོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་དམག་འཐབ་ཅིག་ཡིན། ང་ཚོ་ནི་བརྒྱད་གཅིག་ནན་ཁྲང་འོས་ལངས་ནས་འགོ་བཙུགས་ཏེ་ཅིན་ཀང་ཧྲན་རི་བོའི་འཐབ་རྩོད་དང་། དཀའ་ཚེགས་ཆེ་བའི་རྒྱང་སྐྱོད། ལྗར་འགོག་དམག་འཁྲུག་ནས་བཅིངས་འགྲོལ་དམག་འཁྲུག་དང་ཨ་འགོག་ཁྲའོ་རོགས་བར་བརྒྱུད་མྱོང་ཞིང་། དེ་ནི་དེ་དག་ཁྲོད་ཀྱི་དམག་འཐབ་ཅིག་རེད། ང་ཚོ་མི་དམངས་དུང་ཕྱུར14དང་ཏང་ཡོན་ཁྲི9000ལྷག་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཀྲུང་གུང་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་དགོས། བྱ་གཞག་གཏོད་དཀའ་ནའང་བརྟན་སྲུང་བྱ་རྒྱུ་དེ་ལས་དཀའ། ཀྲུང་གོ་གུང་ཁྲན་ཏང་གིས་བཏོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་བརྟན་སྲུང་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས་ཡོད།

རྩོམ་སྒྲིག་པ། སངས་སྐྱབས།