ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གསེར་རྟ་རྫོང་གིས་གསེར་རྟའི་རིག་གནས་དུས་ཆེན་རོལ་བ།

སྤེལ་དུས 2020-08-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ས་གནས་མང་ཚོགས་ཀྱིས་བྱ་འགུལ་ཁྲོད་བྲོ་འཁྲབ་བཞིན་པའི་ཚུལ།
འཁྲབ་སྟོན་པ་ཚོས་སྐོར་བྲོ་འཁྲབ་བཞིན་ཡོད་པ། 
འབྲོག་ཁུལ་ནས་ཡོང་བའི་རྟ་བ་ཚོ། 
རྟ་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པའི་ན་གཞོན་རྟ་བ།
རྟ་རྒྱག་འགྲན་བསྡུར་ནང་ཞུགས་པའི་རྟ། 
འཁྲབ་སྟོན་པས་གསེར་རྟའི་ཐིག་ཤིང་འདྲ་གཟུགས་འཁྲབ་བཞིན་པའི་ཚུལ།
བོད་ཀྱི་ཟློས་གར་འཁྲབ་པ། 
བྲག་ཆེན་རྩྭ་ཐང་གི་སྦྲ་གུར། 
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས6ནས8ཉིན་བར་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་གྲས་ཤིག་ཡིན་པའི་གསེར་རྟ་རྫོང་གི་གསེར་རྟའི་རིག་གནས་དུས་ཆེན་བྲག་ཆེན་ཐང་དུ་འགོ་ཚུགས་ཤིང་། ས་གནས་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་རྩེ་བྱེད་བཞིན་མཉམ་དུ་འཛོམས་ནས་རིག་རྩལ་འཁྲབ་སྟོན་དང་། རྟ་རྒྱུག་འགྲན་བསྡུར། སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན། དངོས་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ། ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་དང་། ཞིང་བའི་ཡུལ་སྐོར། འབྲོག་པའི་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཐད་སྐུལ་འདེད་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་ས་གནས་དེའི་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།