ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞིས་ཀ་རྩེར་ལོ་ལེགས་ཀྱི་རེ་བས་ཁེངས།

སྤེལ་དུས 2020-09-01 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན། ཞིང་བས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ནས་ཞིང་དུ་ནས་འབྲེག་པར་བྲེལ་བཞིན་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཚོང་རྫས་འབྲུ་རིགས་ཀྱི་རྟེན་གཞི་གཙོ་བོ་ཡིན་ཞིང་། “བོད་ལྗོངས་ཀྱི་འབྲུ་མཛོད”ཞེས་པའི་མཚན་སྙན་ཡོད། མིག་སྔར་ནས་བརྔ་བསྡུ་བྱེད་པའི་དུས་ཚིགས་སུ་སླེབས་ཡོད་པས། ས་གནས་དེའི་མང་ཚོགས་རྣམས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་ནས་འབྲེག་བཞིན་ཡོད་ལ། ཞིང་ཁའི་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།


རྩོམ་སྒྲིག་པ། སངས་སྐྱབས།