དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་ངོ་བཅུ།

སྤེལ་དུས 2020-09-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ཧྲང་ཧེ་གྲོང་ཁྱེར་གྱིར་རོགས་སྐྱོར་འོག་བཙུགས་པའི་ཟི་ལིང་མགོ་ལོག་སློབ་འབྲིང་།
ཧྲན་ཏུང་གི་རོགས་སྐྱོར་འོག་བཙུགས་པའི་མུན་ཡོན་ཉ་རིགས་གསོ་སྤེལ་ལས་གཞི།
ཏུའུ་ལན་རྫོང་གི་བྱིས་པ་རྣམས་ཀྲེ་ཅང་ཞིང་ཆེན་ཅཱ་ཞིང་གྲོང་ཁྱེར་དུ་དབྱར་སྦྱོང་བྱེད་སྒོར་ཞུགས་པ།
ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་སྨན་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མིག་སྐྱི་གཤག་བཅོས་བྱས་པ།  
ཧྭ་ནིང་གིས་རོགས་སྐྱོར་བྱས་པའི་གཅན་ཚ་རྫོང་གི་གནས་སྤོའི་དབུལ་སྐྱོར་ལས་གཞིས་ཁྱིམ་ཚང་251གིས་འཚོ་བ་གསར་བ་རོལ་བར་རོགས་བྱས་པ། 
ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྱོར་འོག་བསྐྲུན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་། 
པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་འོག་བསྐྲུན་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྟ་རྒྱུགས་ར་བ། 
ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོོག་པས་པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་སྡོད་ཁང་དུ་འཚོ་བ་གསར་བའི་འགོ་བརྩམས། 
ཞིང་ལས་ཞིང་གྲོང་པུའུ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་འབྲོག་པ་མང་ཚོགས་ལ་རོགས་རམ་བྱེད་ཀྱིན་པ།
        2010ལོར། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་ནས་མཚོ་སྔོན་རོགས་སྐྱོར་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཟོས། པེ་ཅིང་དང་ཐེན་ཅིན། ཧྲང་ཧེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་འཕེལ་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར6དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས34། ཀྲུང་དབྱང་ལས་ཁུངས17བཅས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་རྒྱས་ཀྱི་འོས་འགན་ཆེན་པོ་ཕྲག་ཏུ་ཁུར། ལོ་ངོ་བཅུའི་རིང་། ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་དང་རྒྱལ་ཁབ་ཀྱི་མཐུན་སྦྱོར་སྣེ་ཁྲིད་ལས་ཁུངས་ཀྱི་མཛུབ་ཁྲིད་འོག ཕན་ཚུན་ཕྱོགས་གཉིས་དང་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། མཚོ་སྔོན་རོགས་སྐྱོར་གྱི་ལས་སྒོ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་། རོགས་སྐྱོར་གྱི་གཞི་རྒྱ་མུ་མཐུད་དུ་རྒྱ་ཇེ་ཆེ་དང་རོགས་སྐྱོར་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ཕན་ནུས་བཟང་བོ་ཐོན་ཞིང་། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་གཅིག་ཏུ་ཁྱོན་ཡོངས་ནས་འབྱིར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་སྲ་བརྟན་བཏིང་ཡོད། །
རྩོམ་སྒྲིག་པ། སངས་སྐྱབས།