ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་ཆེད་མཁས་ཟབ་སྦྱོང་ཐེངས་དང་པོ་དེ་པེ་ཅིང་དུ་སྤེལ།

སྤེལ་དུས 2020-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་ཆེད་མཁས་ཟབ་སྦྱོང་ཐེངས་དང་པོ་འགོ་ཚུགས་པའི་ཡུལ་དངོས་རེད།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ན་གཞོན་ཚན་ཞིབ་ལས་སྒོའི་མི་སྣའི་ཆེད་ལས་ཀྱི་བྱང་ཚད་དང་ཚན་ཞིབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། བོད་རིག་པའི་ཞིབ་འཇུག་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་གཞུང་དཔུང་ཁག་གི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གསར་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་9པའི་ཚེས་14ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་བོད་རིག་པའི་སློབ་ཚོགས་ཀྱིས་གཉེར་འགན་འཁུར་བའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་ཆེད་མཁས་ཟབ་སྦྱོང་ཐེངས་དང་པོ་དེ་པེ་ཅིང་དུ་སྤེལ།
འདི་ནི་ན་གཞོན་ཆེད་མཁས་ཟབ་སྦྱོང་འགོ་ཚུགས་པའི་ཡུལ་དངོས་རེད།
        ཟླ་9པའི་ཚེས་15ཉིན་གྱི་སྔ་དྲོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ན་གཞོན་ཆེད་མཁས་ཟབ་སྦྱོང་ཐེངས་དང་པོའི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་གསར་འགྱུར་ཁང་སོགས་ལས་ཁུངས་ཀྱི་ན་གཞོན་ཆེད་མཁས་དང་འཐུས་མི་100ལྷག་ཙམ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས། 
འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གནང་བའི་རྣམ་པ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གནང་ཞིང་།  ཁོང་གིས། ན་གཞོན་ཆེད་མཁས་ཟབ་སྦྱོང་ཐེངས་དང་པོ་དེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བདེ་ལེགས་ངང་མཇུག་བསྒྲིལ་བའི་དུས་མཚམས་གལ་ཆེན་ཞིག་ཏུ་སྤེལ་བ་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས“ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ན་གཞོན་བོད་རིག་པའི་ཚན་ཞིབ་མི་སྣས་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། དེ་སློབ་སྦྱོང་བྱས་ནས་ཤེས་རྟོགས་བྱེད་པ་དང་དོན་འཁྱོལ་ཏན་ཏིག་བྱས་ནས་ཚོགས་འདུའི་དགོངས་དོན་དེ་བྱ་སྤྱོད་དངོས་དང་ལས་ཀའི་ཕན་འབྲས་ཐོག་ཏུ་ཇི་མ་ཇི་བཞིན་མཚོན་པ་བྱེད་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད། ཁོང་གིས་ད་རུང་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་ཡོངས་ལ་རང་རྟོགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲིའི་འཁུར་སེམས་ཡོད་དགོས་པ་དང་། གནད་དོན་གྱི་འདུ་ཤེས་འཛིན་ཤུགས་ཆེན་པོ་དགོས་པ། འབད་བརྩོན་གྱི་སྙིང་སྟོབས་འཛད་མེད་དགོས་པ་བཅས་ཀྱི་བླང་བྱ་བཏོན། 
འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་བཀྲ་ལོས་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ་རེད།
    ཟབ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་སྤེལ་རྗེས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་བཀྲ་ལོས《ཡུལ་དངོས་རྟོག་ཞིབ་སྐོར་གླེང་བ》ཞེས་པ་བརྗོད་གཞི་བྱས་ཏེ་སློབ་མ་ཡོངས་ལ་ཆེད་དོན་སློབ་ཁྲིད་བྱས། 
འདི་ནི་ན་གཞོན་ཆེད་མཁས་ཟབ་སྦྱོང་གི་འགོ་ཚུགས་པའི་ཡུལ་དངོས་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་སྤེལ་རིང་། པེ་ཅིང་སློབ་ཆེན་དང་། ཀྲུང་གོའི་མི་དམངས་སློབ་ཆེན་སོགས་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སུའོ་ཡི་ཆེད་མཁས་པས་རིག་གཞུང་གཏམ་བཤད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རིག་གཞུང་དཔྱད་རྩོམ་དང་རྟོག་ཞིབ་སྙན་ཞུ་འབྲི་ནུས་ཆེ་རུ་གཏོང་བ་སོགས་བརྗོད་དོན་གཙོ་བོ་བྱས་ནས་སློབ་ཁྲིད་བྱ་རྒྱུ་རེད། ཞིབ་འཇུག་ཟབ་སྦྱོང་བྱེད་རིང་ད་དུང་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མར་གོང་སྨོས་ཀྱི་བརྗོད་དོན་གྱི་ཐད་ནས་ཚོགས་ཆུང་བགོས་ཏེ་གྲོས་བསྡུར་བྱ་རྒྱུའི་བཀོད་སྒྲིག་བྱས།