ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ།
སྤེལ་དུས 2020-09-17
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཉིན་དེ་གའི་ཕྱི་དྲོ། ཁོང་ཁྲེན་ཀྲའུ་གྲོང་ཁྱེར་རུའུ་ཁྲེང་རྫོང་ཝེན་མིང་ཡའོ་རིགས་ཤང་ཧྲ་ཀྲའུ་ཡའོ་རིགས་གྲོང་ཚོའི་༼ཕོ་ཁེབས་ཕྱེད་ཀའི་དྲོ་སྐྱིད་༽ཅེས་པའི་ཆེད་དོན་བཤམས་སྟོན་ཁང་དང་གྲོང་ཚོའི་ཞབས་ཞུ་ལྟེ་གནས། འཕྲོད་བསྟེན་ཁང་། ཧྲ་ཀྲའུ་དེང་རབས་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྟེན་གཞི། ཝེན་མིང་ཡའོ་རིགས་ཤང་སློབ་ཆུང་དང་པོ། དེ་བཞིན་གྲོང་མིའི་ཁྱིམ་ཚང་བཅས་སུ་ཕེབས་ནས། ས་གནས་དེ་གས་གསར་བརྗེའི་སློབ་གསོ་སྤེལ་བ་དང་། དབུལ་སྐྱོར་ཐོན་ལས་གོང་འཕེལ་གཏོང་བ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།