ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་གྱིས་སྐད་གྲགས་བཞག་འདུག

སྤེལ་དུས 2020-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ་9ཚེས་15ནས་ཚེས་18ཉིན་བར། 2020ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཀྲེ་ཅང་ཧྲའོ་ཤིང་ཧྲང་ཡུས་ལུས་རྩལ་ཐང་དུ་གཉེར་བ་རེད། ཟླ་9ཚེས་16ཉིན་སྐྱེས་པའི་རྨིད་10000གི་ཐག་གཅོད་འགྲན་བསྡུར་ཁྲོད།  ཡུན་ནན་གྱི་འགྲན་ཞུགས་པ་གྲགས་ཅན་ཏུང་གོ་ཅན་ལ་སྐར་མ་20སྐར་ཆ་34གྲངས་ཆུང་46གི་ཐོག་ནས་ཨང་དང་པོ་བླངས་ཤིང་།  བོད་ལྗོངས་ཀྱི་འགྲན་ཞུགས་པ་སྟོབས་རྒྱལ་གྱིས་ཨང་གསུམ་པ་བླངས་པ་རེད།  

          ལོ་གཅིག་དུས་གཅིག་གི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ནི། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཕུད་པའི་རྒྱལ་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་ཆུ་ཚད་མཐོ་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་པ་དང་། དེས་མིག་སྔའི་ཀྲུང་གོའི་སྐྱེས་པའི་རྨིད་ཁྲི་ཡི་རྒྱང་རྒྱུག་གི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད།

          ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་མར་སུན་རྒྱང་རྒྱུག་གི་འོས་ཐོབ་རག་པའི་སྟོབས་རྒྱལ་དང་། ཏུང་གོ་ཅན། ཕེང་ཅན་ཧྭ་བཅས་ཀྱིས་ཆི་ཀྲེང་ཧྥེ་དང་ཡན་ཝུའེ་སོགས་རྩེར་སོན་ལུས་རྩལ་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་གྱི་རྨིད་10000ཡི་ཐག་གཅོད་འགྲན་བསྡུར་ནང་ཞུགས་པ་དང་། ཚང་མས་འགྲན་བསྡུར་ལ་བརྟེན་ནས་གྲ་སྒྲིག་ཇི་འདྲ་བྱུང་ཡོད་མེད་བལྟས་པ་མ་ཟད། འགྲན་ཡ་གཞན་དག་གི་སྦྱོང་བརྡར་གནས་ཚུལ་ཡང་ཤེས་པ་བྱས་པ་རེད། 

           ཀྲུང་གོའི་རྨིད་ཁྲི་ཡི་རྒྱང་རྒྱུག་གི་རྩེར་སོན་འགྲན་བསྡུར་ནང་ལོ་33ལ་སླེབས་པའི་ཡུན་ནན་གྱི་ལུས་རྩལ་པ་རྒན་གྲས་ཏུང་གོ་ཅན་གྱིས་སྤྱི་ལེ་4ཡི་སར་སླེབས་སྐབས་གློ་བུར་དུ་ཇེ་མགྱོགས་སུ་བཏང་སྟེ། བདམས་ཐོན་པ་གཞན་གྱི་སྔོན་དུ་རྒྱུག་འགོ་བརྩམས། མཐར་ཏུང་གོ་ཅན་གྱིས་སྐར་མ་29དང་སྐར་ཆ་39གྲངས་ཆུང་46བཅས་ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། སྟོབས་རྒྱལ་གྱིས་སྐར་མ་30དང་སྐར་ཆ་02གྲངས་ཆུང་67གྱི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་བླངས་པ་རེད།
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།