ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཚན་ཞིབ་ཁང་དང་ཁེ་ལས་20ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་འགྲེམས་ཚོགས་སྐབས་ཉེར་གསུམ་པར་ཞུགས་པ།

སྤེལ་དུས 2020-09-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་ཀྲུང་གོའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས(ཅིང་ཨན་ཀྲོང་ཁང)རེད། 
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་17ཉིན་ནས་ཚེས་20ཉིན་བར། ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་འགྲེམས་ཚོགས(གཤམ་དུ“ཚན་རྩལ་འགྲེམས་ཚོགས”ཞེས་བསྡུ་རྒྱུ) སྐབས་ཉེར་གསུམ་པ་ཀྲུང་གོའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་དང་། ཐེངས་འདིའི་ཚན་རྩལ་དངོས་མང་འགྲེམས་ཚོགས་སུ་ཕྱོགས་བསྡུས་བྱེད་སྒོ་དང་འགྲེམས་སྟོན་འགྲེམས་གཟིགས། འོས་སྦྱོར་ཉོ་འཚོང་། གླེང་སྟེགས་ཚོགས་འདུ། དྲ་ཐོག་འགྲེམས་སྟོན་འོས་སྦྱོར་བཅས་གཞི་གཅིག་ཏུ་འདུས་ཡོད་ལ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཅིང་ཁྱོན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་800ལྷག་ཙམ་ཞུགས་ཡོད་པ་རེད།
འདི་ནི་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་འགྲེམས་ཚོགས་སྐབས་ཉེར་གསུམ་པའི་འཚོག་ཡུལ་དངོས་རེད།
        གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གླིང་དང་། མཐོ་གསར་ལག་རྩལ་ཁེ་ལས། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་། རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”ཀྱི་གཞི་རྟེན་ཚན་པ་(ཁེ་ལས)20ཡིས་དངོས་པོ་དང་འགྲེམས་བྱང་། སྨྱན་སྦྱོར། རྣམ་གྲངས་འོས་སྦྱོར་སོགས་ཚན་རྩལ་དངོས་མང་འགྲེམས་ཚོགས་འདིའི་ཐོག་བཤམས་པ་དང་། དེར་འགྲེམས་ཞུགས་ཐོན་རྫས་སྣ་ཁ་80ལྷག་ཙམ་དང་འོས་སྦྱོར་རྣམ་གྲངས་14ཡོད་པ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཚན་པས་ཚན་རྩལ་དངོས་མང་འགྲེམས་ཚོགས་ཀྱི་བྱེད་སྒོའི་ནང་དོན་གཞིར་བཟུང་སྟེ། བོད་ལྗོངས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྨན་རྫས་དང་། གློག་རྡུལ་ཆ་འཕྲིན་ལག་རྩལ། ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་། མི་རིགས་ལག་ཤེས་བཟོ་ལས། རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་སྒྲིག་འཛུགས་བྱས་ནས་འགྲེམས་སྟེགས་ཧྲིལ་པོར་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད།
འདི་ནི་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་འགྲེམས་ཚོགས་སྐབས་ཉེར་གསུམ་པའི་བོད་ལྗོངས་འགྲེམས་སྟེགས་རེད།
འདི་ནི་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་འགྲེམས་ཚོགས་སྐབས་ཉེར་གསུམ་པའི་བོད་ལྗོངས་འགྲེམས་སྟེགས་རེད། 
        འགྲེམས་སྟོན་གྱི་ཡུལ་དངོས་སུ་རྒྱུ་བའི་བསིལ་རླུང་དང་སྡོངས་ནས་ག་ལེར་བསྐྱོད་པའི་དར་ལྕོག་དང་བཀྲ་ཤིས་རྟགས་བརྒྱད་ཀྱིས་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་མ་ཟད། གཞན་ཡང་བོད་ལྗོངས་འགྲེམས་སྟེགས་ཐོག་བཤམས་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལའང་ཀུན་གྱིས་དགའ་པོ་བྱེད་ཀྱིན་འདུག འགྲེམས་སྟེགས་མདུན་དུ། འགྲེམས་ཞུགས་ཚོང་པ་རྣམས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་དང་ཉོ་འཚོང་ལ་བློ་འདྲི། ཐོན་རྫས་ལ་མྱོང་རོལ། མཉམ་འབྲེལ་ལ་གྲོས་མོལ་བཅས་བྱེད་དུ་ཡོང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོང་པ་དང་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་ངང་རང་སོ་སོའི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་ཡོད་ལ། རྒྱ་ཆེའི་ལྟ་སྐོར་བས་གངས་ལྗོངས་ས་མཐོའི་ཚགས་ཤ་སྐམ་པོ་དང་ནས་ཀྱི་ཐོན་རྫས་སོགས་ཀྱི་བྲོ་བར་མྱངས་ཤིང་། གཟིམ་སྤོས་དང་བོད་སྨན་གྱི་སོ་སྨན་སོགས་ལའང་མྱོང་རོལ་བྱེད་དུ་བཅུག་པ་རེད། 
འདི་ནི་བོད་ལྗོངས་འགྲེམས་སྟེགས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་རེད།
འདི་ནི་བོད་ལྗོངས་འགྲེམས་སྟེགས་ཀྱི་བོད་སྨན་སོ་སྨན་རེད།
འདི་ནི་བོད་ལྗོངས་འགྲེམས་སྟེགས་སུ་ལྟ་སྐོར་བྱེད་མཁན་རེད།
འདི་ནི་བོད་ལྗོངས་འགྲེམས་སྟེགས་སུ་ལྟ་སྐོར་བྱེད་མཁན་རེད།
        ལྟ་སྐོར་བ་རྣམས་ཀྱིས་ཡུལ་དངོས་སུ་ང་ཚོ་བོད་ལྗོངས་ཀྱི་ས་གནས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི‘ཡིད་འཕྲོག་མ’ཞེས་པའི་བོད་སྨན་གྱི་རླངས་པ་SPAཡི་མིག་རས་ལ་མྱོང་རོལ་བྱས་པ་མ་ཟད་ང་ཚོར་བསྔགས་བརྗོད་ཀྱང་བྱེད་ཀྱི་འདུག། ‘ཡིད་འཕྲོག་མ’ཞེས་པ་ནི་བོད་རིགས་ཀྱི་དམངས་ཁྲོད་ངག་རྒྱུན་ཁྲོད་ཀྱི་ལྷ་མོ་ཞིག་ཡིན་པ་དང་། ལྷ་མོའི་འཁྲབ་གཞུང་ནང་གི་མི་སྣ་ཞིག་ཀྱང་རེད། ད་ལྟ་གཤིས་འཇམ་གྱི་མིང་དེ་རིམ་བཞིན་མཛེས་མ་དང་སེམས་ནང་གི་མིའི་ཚབ་མིང་དུ་གྱུར་ཡོད། ཐེངས་འདིའི་རྒྱལ་སྤྱིའི་ཚན་རྩལ་དངོས་མང་འགྲེམས་ཚོགས་ཀྱིས་ང་ཚོ་བོད་ལྗོངས་ཀྱི་ཁེ་ལས་ལ་ལས་སྟེགས་ཧ་ཅང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད་ཅིང་། ང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ཚན་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐུབ་པ་དེས་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ལག་རྩལ་མཉམ་ལས་དང་བསམ་བློ་བརྗེ་རེས་ལ་སྐུལ་འདེད་ཐེབས་ངེས་རེད”ཅེས་བོད་ལྗོངས་ཧྲེང་ཞུའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་ཀྱི་འགན་འཁུར་བ་ཕུར་སྒྲོན་གྱིས་གསར་འགོད་པར་དེ་སྐད་ལབ་བྱུང་།
འདི་ནི་ལྟ་སྐོར་བས‘ཡིད་འཕྲོག་མ’བོད་སྨན་རླངས་པའི་SPAམིག་ཁེབས་མྱོང་རོལ་བྱེད་པའི་ཡུལ་དངོས་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཚན་རྩལ་དངོས་མང་འགྲེམས་ཚོགས་ཀྱིས་“མཉམ་ལས་གསར་གཏོད་དང་འགྲན་སློང་མཉམ་བསུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུ་ཁྲིད་སྟོན་དུ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་ལ་ད་ཐེངས་ཀྱི་སྟེགས་བུ་བསྐྲུན་པའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་ས་གནས་ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་བར་མཐོངས་སྔར་བས་ཆེ་རུ་བཏང་ནས། ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཚོང་པ་དང་གསར་གཏོད་སྤེལ་རེས་དང་ཐོན་ཁུངས་འབྲེལ་མཐུད་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྙེད་ཐུབ་པར་བྱ་རྒྱུ་དེ་རེད།