ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་སི་ཁྲོན་དཀར་མཛེས་རྫོང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་ནས་མཆོད་འབུལ་བྱས་པ།

སྤེལ་དུས 2020-10-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ལོ་ངོ70ཡི་སྔོན་ལ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་བཀའ་ལྟར་སི་ཁྲོན་ནས་བོད་ལྗོངས་སུ་དཔུང་འཇུག་བྱས་ཏེ་བོད་ལྗོངས་ལ་དཔུང་སྐྱོད་དང་བོད་བཅིངས་འགྲོལ་གཏོང་རྒྱུའི་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཤིང་།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་དམག་སྡེ་བཅོ་བརྒྱད་པའི་རྗེས་ཤུལ་བཞག་ཡོད་པ་རེད། 

འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་འདས་མཆོད་ཀྱི་མེ་ཏོག་གི་ཕྲེང་བ་འབུལ་བའི་རྣམ་པ་རེད། 
          ཟླ10པའི་ཚེས5ཉིན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོའི་རྗེས་རབས་པ་རྣམས་དཀར་མཛེས་རྫོང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཡོང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཚད་མེད་ཞུས་པ་རེད། 

འདི་ནི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་ཚོས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་གུས་འདུད་ཞུ་བའི་རྣམ་པ་རེད། 
          མཆོད་འབུལ་གྱི་མཛད་སྒོའི་ཐོག   དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་མི་དང་། དཀར་མཛེས་རྫོང་གི་འབྲེལ་ཡོད་འགོ་ཁྲིད། ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་བཅས་ཀྱིས་ཞྭ་མོ་ཕུད་པ་དང་། གུས་པ་དང་ལྡན་པའི་ངང་ཡར་ལངས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་ཤིང་། དྲག་ཆས་ཉེན་རྟོག་དཔོན་དམག་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་འདས་མཆོད་མེ་ཏོག་གི་ཕྲེང་བ་ཕུལ་པ་རེད། དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་ཐན་ཀོན་སན་གྱི་བུ་མོ་ཐན་ཆི་ཡུས་དང་། དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཆི་མེའི་བུ་མོ་ཝང་ཁྲང་ཝེ། དམག་སྡེ་བཅོ་བརྒྱད་པའི་དྲག་ཇུས་དམག་དཔོན་ལི་ཅུའེའི་བུ་མོ་ལི་ཧུང་། དེ་སྔའི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་དབྱིན་ཧྥ་ཐང་གི་བུ་མོ་དབྱིན་ཅན་པེ་དང་། དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དམག་འཐབ་ཀྱི་ཇུས་འདོན་པ་ལུའུ་ཀོང་ཡེའི་བུ་ལུའུ་ཁྲང་ཅན་བཅས་སྟེགས་བུའི་ཐོག་ཕེབས་ནས་མྱ་ངན་ཞུ་བའི་ཆ་ཡིག་ལེགས་སྒྲིག་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་རེད། 

འདི་ནི་དཀར་མཛེས་རྫོང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་གུས་འདུད་ཞུ་བའི་རྣམ་པ་རེད།
          རགས་རྩིས་བྱས་པར་གཞིགས་ན། སྐབས་དེར་བསྡོམས་པས་དཀར་མཛེས་རྫོང་དུ་རང་སྲོག་བློས་བཏང་བའི་སྔོན་བྱོན་པ14ཡོད་པ་དང་། མིག་སྔར་སྔོན་གཤེགས་དཔའ་བོ12དཀར་མཛེས་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་པུར་འཇུག་བྱས་ཡོད་ཅིང་། དེའི་ནང་དུ་དམག་དཔུང་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་གྲྭའི་བུད་མེད་དམག་མི9འདུས་ཡོད་པ་དང་། ཁོང་ཚོས་རྩ་ཆེ་བའི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་དགའ་སྐྱོ་གཉིས་ལྡན་གྱི་སྙན་རྩོམ་ཞིག་བརྩམས་ཡོད་པ་རེད། 

འདི་ནི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་དང་ལོ་ཆུང་གདོང་ལེན་རུ་མི་ཚོས་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པ་རེད།
          གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་བརྟན་དུ་གནས། དཀར་མཛེས་རྫོང་གི་རྫོང་དཔོན་གཞོན་པ་རིན་ཆེན་ཕུན་ཚོགས་ཀྱིས་བཤད་རྒྱུར། ང་ཚོས་ཆུ་འཐུང་དུས་ཁྲོན་པ་བརྐོ་མཁན་དྲན་དགོས་པ་དང་ཁོང་ཚོའི་བཀའ་དྲིན་དྲན་པ་དང་བཀའ་དྲིན་ཤེས་དགོས་ཤིང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། དཔའ་བོའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རྒྱུན་ཆད་མེད་པར་གསར་གཏོད་སྲོལ་འབྱེད་བྱས་ནས་འབད་པ་ཆེན་པོས་མདུན་སྐྱོད་བྱས་ཏེ། གཟི་བརྗིད་ཀྱི་གསར་བརྗེའི་སྲོལ་རྒྱུན་ལྡན་པའི་དཀར་མཛེས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་བར་ཧུར་ཐག་བྱེད་དགོས་ཞེས་བསྟན།
རྩོམ་སྒྲིག་པ། རིག་གྲོལ།