དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2020ལོའི་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་འཚོགས།

སྤེལ་དུས 2020-10-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀོ་དོ་མཁན་པོ་དང་ནོར་བུ་ཚེ་རིང་།

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས་13ཉིན། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་སྒྲུབ་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བྱས་པའི་2020ལོའི་རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་ཆེད་མཁས་པའི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་འཚོགས། ཚོགས་འདུའི་མགོ་ཚུགས་མཛད་སྒོ་རུ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལན་ཀྲི་ཆི་ཡིས་གསུང་བཤད་གནང་བ་དང་། རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀརྨ་ཕུན་ཚོགས་ཀྱིས་ཤིས་ཚིག་ཕུལ། ཚོགས་འདུར་རྒྱལ་ཡོངས་ཀྱི་སློབ་ཆེན་དང་དཔར་སྐྲུན་ཁང་། རྩོམ་སྒྱུར་ཅུས། བརྙན་འཕྲིན་ཁང་། ཚགས་པར་ཁང་སོགས་ནས་ཕེབས་པའི་སྐད་ཡིག་ལོ་ཙཱའི་ཆེད་མཁས་དང་མཁས་དབང་30ལྷག་ཞུགས་ཡོད།
ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལན་ཀྲི་ཆི་ཡིས་གསུང་བཤད་གནང་བཞིན་པ།
          ཐེངས་འདིའི་ཚོགས་འདུའི་ལས་འགན་གཙོ་བོ་ནི་ཉེ་བའི་ལོ་གཅིག་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙན་ཞུ་དང་བཅའ་ཁྲིམས། ཁྲིམས་སྲོལ། སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཏུ་ཐོན་པའི་བརྡ་ཆད་གསར་བ་460ལྷག་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དང་། སྔོན་ཆད་ཞིབ་བཤེར་གཏན་འབེབས་བྱས་བའི་ཁྲོད་ཀྱི་ཚད་ལྡན་མིན་པ་དང་གཅིག་གྱུར་མིན་པའི་བརྡ་ཆད་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། སྔར་ལས་ལྷག་པའི་བོད་སྐད་ཡིག་གི་བརྡ་ཆད་གསར་བ་ཚད་ལྡན་དང་གཅིག་གྱུར་བྱ་རྒྱུ་རེད།
རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀརྨ་ཕུན་ཚོགས་ཀྱིས་ཤིས་ཚིག་འབུལ་བཞིན་པ།
          ཚོགས་འདུ་ལས་དུས་རབས་གསར་པའི་བོད་སྐད་ཡིག་ཡིག་སྒྱུར་ལས་རིགས་དང་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།

ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནས་རྨ་ལྷོ་ཁུལ་སྐད་ཡིག་ལས་དོན་ལྟེ་གནས་ལ་གློག་རྡུལ་ཚིག་མཛོད་གནང་བ།
          ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་མི་རིགས་བྱ་བའི་གཙོ་གནད་དུ་བཟུང་དེ་སྔར་ལས་ལྷག་པའི་གནས་བབ་གསར་བའི་འོག་གི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ལེགས་པར་སྒྲུབ་པ། མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་གྱི་འགན་འཁྲི་ལེགས་པར་སྒྲུབ་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་སྟོབས་གཅིག་ཏུ་བསྒྲིལ་བར་སྟོབས་ཤུགས་འབུལ་བ། བརྡ་ཆད་གསར་བ་གཏན་འབེབ་བྱ་བའི་ཁྱད་ཆོས་དང་རེ་བ་དོན་འཁྱོལ་བྱས་ནས་གསར་གཏོད་ཁྲོད་ལས་འགན་གསར་བ་སྒྲུབ་པ་དང་བྱས་རྗེས་གསར་བ་འཇོག་དགོས་པའི་བླང་བྱ་དང་རེ་བ་བཏོན།།