དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་དཔུང་སྡེར་གཟིགས་ཞིབ་གནང་བ།

སྤེལ་དུས 2020-10-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་10ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་དཔུང་སྡེར་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་བཞིན་པ། 
          ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་དཔུང་སྡེར་གཟིགས་ཞིབ་གནང་ཞིང་། ཁོང་གིས་མཚོ་དམག་སྐམ་འཐབ་དཔུང་སྡེ་ནི་སྐམ་མཚོ་གཉིས་ཀར་དམག་འཐབ་ཐུབ་པའི་སྟོབས་ཤུགས་ཧྲག་པོ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་པ། ཕྱི་རྒྱལ་དུ་ཡོད་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར། མཚོ་དམག་སྐམ་འཐབ་དཔུང་སྡེ་འཛུགས་སྐྱོང་དོ་དམ་དང་དམག་འཐབ་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ། ཕྱོགས་སྒྱུར་འཛུགས་སྐྱོང་གང་མགྱོགས་བྱེད་རྒྱུར་སྐུལ་འདེད་གཏོང་བ། དམག་འཐབ་ནུས་པ་གང་མགྱོགས་ཆེ་རུ་གཏོང་བ་བཅས་བྱས་ནས། མཉམ་སྒྲིག་ནུས་མང་དང་། བྱ་སྤྱོད་མྱུར་སྤེལ། ས་ཁོངས་ཧྲིལ་པོར་སྤྱོད་ཐུབ་པ་བཅས་ཀྱི་དམག་དཔུང་ཧྲག་པོ་དང་སྟོབས་ཆེན་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          མཚོ་དམག་སྐམ་འཐབ་དཔུང་སྡེ་ནི་2017ལོར་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལེགས་སྒྲིག་བྱས་ནས་བཙུགས་པ་ཞིག་རེད། ཞི་ཅིན་ཕིང་གིས་འགྲེམས་པང་བརྒྱུད་མཚོ་དམག་སྐམ་འཐབ་དམག་དཔུང་གི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་རྗེས། ཞི་ཅིན་ཕིང་གིས་དཔུང་སྡེའི་འཛུགས་སྐྱོང་གནས་ཚུལ་མཚོན་པའི་བརྒྱུད་ལམ་སྣེ་མང་གི་པར་གཞི་གཟིགས་པ་དང་འབྲེལ། བརྙན་ལམ་བརྒྱུད་འབྲེལ་ཡོད་ལས་འགན་ཁག་བགོས་རུ་ཁག་གི་ཆེད་དོན་སྦྱོང་བརྡར་གནས་ཚུལ་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་མཚོ་དམག་སྐམ་འཐབ་དམག་དཔུང་ལེགས་སྒྲིག་བྱས་ནས་བཙུགས་ཚུན་གྱི་འཛུགས་སྐྱོང་འཕེལ་རྒྱས་དང་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་གདེང་འཇོག་གང་ལེགས་གནང་བ་རེད།
          ཞི་ཅིན་ཕིང་གིས། སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། མཚོ་དམག་སྐམ་འཐབ་དཔུང་སྡེ་འཛུགས་སྐྱོང་གི་འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། བདེ་འཇགས་འཐབ་ཇུས། དམག་དོན་འཐབ་ཇུས་བཅས་ཀྱི་དགོས་མཁོ་དང་འཚམ་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཐབ་ཇུས་བཀོད་སྒྲིག་དང་འཚམ་པ། དམག་ཡོངས་མཉམ་འབྲེལ་དམག་འཐབ་ཀྱི་མ་ལག་བསྐྲུན་པ་དང་མཚོ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་གི་བླང་བྱ་དང་འཚམ་པ་བཅས་བྱས་ནས། མཚོ་དམག་སྐམ་འཐབ་དཔུང་སྡེ་འཛུགས་སྐྱོང་གི་དམིགས་ཚད་དང་། ཁ་ཕྱོགས། ཐབས་ལམ། གཙོ་གནད་བཅས་ཁ་གསལ་བཟོ་བ་དང་འབྲེལ། ལམ་ཐིག་དཔེ་རིས་དང་ཨར་ལས་ས་བཀྲ་ཁ་གསལ་བཟོ་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚོ་དམག་སྐམ་འཐབ་དཔུང་སྡེ་འཛུགས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་རྒྱུ་འཚོལ་ཞིབ་བྱེད་དགོས། རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་བའི་ལས་དོན་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་པས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། མངོན་གསལ་དོད་པའི་འགལ་བ་དང་དངོས་ཡོད་དགོས་མཁོར་ཞིབ་འཇུག་དང་ཐག་གཅོད་ནན་ཏན་བྱས་ཏེ་མཚོ་དམག་སྐམ་འཐབ་དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཇུས་འགོད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས། སེམས་ནུས་ཡོད་རྒུ་དམག་གྲབས་དམག་རྒྱག་ཐོག་བཞག་ནས། ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། མཚོ་དམག་སྐམ་འཐབ་དཔུང་སྡེའི་ལས་འགན་མང་བ་དང་ནུས་པའི་བླང་བྱ་མཐོ་བས། དམག་འཐབ་ལ་བརྟེན་ནས་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ལས་འགན་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་སའི་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དཀའ་ངལ་ཁྱད་བསད་ཀྱིས་དམག་དཔུང་ལ་སྦྱོང་བརྡར་ནན་པོ་བྱེད་དགོས། དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་དང་། སྦྱོང་བརྡར་བྱེད་སྟངས། ལས་འགན་ཚོགས་ཆུང་སྒྲིག་འཛུགས་སོགས་ཀྱི་ཐད་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་ནས། སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས། ཁོངས་གཏོགས་དམག་འཐབ་སྟོབས་ཤུགས་དང་། དམག་འཐབ་སྡེ་ཚན། དམག་འཐབ་རྒྱུ་རྐྱེན་གཙོ་བོ་བཅས་མཉམ་འདྲེས་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ་དང་། དམག་རིགས་གཞན་དག་གི་དམག་དཔུང་དབར་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་བཀོད་འདོམས་ཀྱི་འབྲེལ་བ་དང་། འགན་ལེན་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་བཅས་བྱས་ནས་མཉམ་འབྲེལ་དམག་འཐབ་མ་ལག་དང་མཉམ་འདྲེས་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། དམག་དཔུང་འདི་ཉིད་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། དྭངས་གཙང་མཐའ་གཅིག་ཏུ་ཡོང་བ། བློས་མཐའ་གཅིག་ཏུ་འགེལ་ཆོག་པ་བཅས་ཀྱི་འགན་ལེན་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། མཚོ་དམག་སྐམ་འཐབ་དཔུང་སྡེའི་ཁྱད་ཆོས་ལྡན་པའི་དམག་རིགས་རིག་གནས་འཛུགས་སྐྱོང་བྱེད་པ། གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། དཔུང་སྡེ་ཟིལ་རྔམ་གྱིས་ཕྱུག་པ་ཞིག་ཏུ་འགྱུར་བ་བྱེད་དགོས། དམག་དཔུང་ལ་སློབ་གསོ་དང་དོ་དམ་ནན་པོ་བྱས་ནས། དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེདདགོས། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཉམས་སད་ཐེག་པའི་གཞི་རིམ་གཏོད་དགོས། མཐུན་སྒྲིལ་དང་། མཛའ་བརྩེ། ཞི་མཐུན། དྭངས་གཙང་བཅས་ཀྱི་ནང་ཁུལ་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་དཔོན་དམག་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ། རྒྱ་ཆེའི་དཔོན་དམག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          མཇུག་ཏུ་ཞི་ཅིན་ཕིང་གིས། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་སྔར་བཞིན་གཏན་འཁེལ་མེད་པའི་རང་བཞིན་ལྡན་ཡོད་པས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས་དཔུང་སྡེ་འཛུགས་སྐྱོང་བྱེད་རྒྱུ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།