དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།

སྤེལ་དུས 2020-10-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        10ཚེས་20ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིར་མཇལ་འཕྲད་གནང་བ།
         ཚེས་20ཉིན་གྱི་སྔ་དྲོ་པེ་ཅིང་དུ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་མིང་འདོགས་ཀྱི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
        སྔ་དྲོའི་ཆུ་ཚོད་10པར་ཞི་ཅིན་ཕིང་སོགས་ཅིང་ཤིས་མགྲོན་ཁང་གི་ཚོགས་ཁང་ཐོག་བརྩེགས་ཁང་ཆེན་གྱི་ཚོམས་ཆེན་མདུན་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་གནང་བ་རེད།
        ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་མིང་བཏགས་པའི་ས་གནས་དང་གཟེངས་བསྟོད་ཐོབ་མཁན་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ། དཔུང་སྡེའི་ལས་བཟོ་བཅས་དང་། སྔོན་གཤེགས་དཔའ་བོའི་ནང་མི་དང་། རྨས་སྐྱོན་ཕོག་པའི་དམག་མི། ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་བཅས་གཉིས་བཀུར་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
        ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམག་དཔུང་འཛུགས་སྐྲུན་སྒྱུར་བཅོས་འགན་ལེན་ལ་རྒྱབ་སྐྱོར་ཧུར་ཐག་དང་ཞབས་འདེགས་ཞུ་བ་དང་། གཟིགས་སྐྱོང་བཀོད་སྒྲིག་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དམག་དཔུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་ཧུར་ཐག་བྱེད་པ། རང་བྱུང་གནོད་འཚེ་ཚབས་ཆེན་གྱི་ཉེན་སེལ་རོགས་སྐྱོབ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནང་གདོང་ལེན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ཡོད། འདི་ལོའི་རིམས་ནད་ཀྱི་མདུན་དུ་མི་དམངས་བུ་ཕྲུག་དམག་གིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་དམག་འཐབ་དྲག་པོ་བརྒྱབ་པ་དང་རྒྱ་ཆེའི་དམག་དམངས་ཚོས་ལག་གདང་དཔུང་སྦྲེལ་གྱིས་དུས་ངལ་མཉམ་དུ་སེལ་བར་བརྟེན་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་སྟེ་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད་ཅེས་གསུངས་པ་རེད།
        ལི་ཁེ་ཆང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་མཁོ་སྤྲོད་སོགས་ཀྱི་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ་མཐའ་མཚམས་དང་མཚོ་གླིང་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དཔོན་དམག་ཚོའི་ལས་སྒྲུབ་དང་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་དགོས། སྔ་བར་ཕྱི་གསུམ་དུ་དམག་མི་དང་ནང་མིའི་སེམས་ཁྲལ་དང་དཀའ་ངལ་བསལ་ནས་རྒྱ་ཆེའི་དཔོན་དམག་ཚོའི་ཕྱིན་ཆད་ཀྱི་ལས་ཀར་སེམས་ཁྲལ་མེད་པ་དང་། ཁྱིམ་ཚང་ལ་སེམས་ཁྲལ་མེད་པ། ཕྲུ་གུར་སེམས་ཁྲལ་མེད་པ་བཅས་བྱེད་དགོས། འདི་ལོའི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་དཀའ་གནད་དེ་བས་མངོན་གསལ་དོད་པར་བརྟེན། དམག་ཞབས་ཐིམ་པའི་དམག་མིར་དེ་བས་གནད་སྨིན་དང་དུས་ཐོག་ཏུ་ལས་ཞུགས་ལས་གཏོད་ཞབས་ཞུ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཁོང་ཚོར་ལས་ཞུགས་བྱེད་ས་ཡོད་པ་དང་། ལས་གཏོད་ལ་རྒྱབ་སྐྱོར་ཡོད་པ། ལས་ཤོར་ལ་རོགས་སྐྱོར་ཡོད་པ་བཅས་འགན་ལེན་བྱེད་དགོས། ཐབས་ལམ་རྒྱ་ཆེར་བཏང་ནས་ཆ་རྐྱེན་འཛོམས་པའི་དམག་དཔུང་གི་ནང་མི་ཚང་མ་བཀོད་སྒྲིག་འོས་འཚམ་བྱ་རྒྱུ་འགན་ལེན་བྱེད་དགོས། དམག་མིའི་བུ་ཕྲུག་ཐག་ཉེ་སར་སློབ་གྲྭར་བསྐྱོད་ཐུབ་པ་དང་། སློབ་གྲྭ་བསྒྱུར་བ། འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་རྒྱུར་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས། དམག་མི་དང་ཁོང་ཚོའི་ནང་མི་བློ་བདེ་པོ་ཡོང་བར་བྱེད་དགོས། དེ་དང་ཆབས་ཅིག་དམག་དཔུང་གི་ལེགས་ཆ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཟིགས་སྐྱོང་བཀོད་སྒྲིག་སོགས་ནོར་སྲིད་ཀྱི་གཏོང་སྒོ་འགན་ལེན་བྱས་ནས་གཉིས་བཀུར་དཔེ་བཟང་འཛུགས་གཏོད་ཀྱི་བྱེད་སྒོ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་གཞི་རིམ་གྱི་གཉིས་བཀུར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
        ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)411ལ་མིང་འདོགས་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་དཔེ་བཟང་ཚན་པ་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་བཟང་ཚན་པ། རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་དཔེ་བཟང་། སྲིད་བཀུར་དམངས་གཅེས་དཔེ་བཟང་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་རེད། ཚོགས་ཆེན་ཐོག་མིང་བཏགས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་ཅིང་། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།