ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2020-11-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་11ཚེས་14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 
         ཚེས་14ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་སྔོན་འཇོག་གི་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་སྐྲུན་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་གསར་པ་གཏོད་པ། རི་ཆུ་མི་གསུམ་དང་གྲོང་ཁྱེར་བཅས་ཞི་མཐུན་མཉམ་འདྲེས་ཀྱི་འཆར་གཞི་གསར་པ་འགོད་པ་བཅས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་འདི་ཉིད་རང་རྒྱལ་གྱི་སྣོད་བཅུད་སྔོན་འཇོག་གི་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཀྱི་མ་ལམ་གཙོ་བོ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་མཇུག་འགྲིལ་རྗེས་ཆེད་མངགས་བཞུགས་མོལ་ཚོགས་འདུ་དེ་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥུང་དང་། སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ། ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིང་ཕིང་། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུ། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་ཆིང་ཅན། ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཆི། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆིང་ཧྭ་སོགས་བློ་མཐུན་7གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་ལས་ཀའི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་འབྲེལ། བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་དང་། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འགན་ཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་སྤེལ་བ་རེད།
         ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་ལྔའི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ལ་སྒྱུར་བར་སྐུལ་འདེད་བཏང་བ་དེའི་ལས་དོན་སྤེལ་ཤུགས་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་རྐྱེན་ཟབ་པ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་འགྱུར་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གྲུབ་ཆ་ལེགས་སྒྲིག་ཐུབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་ལས་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་ཐུབ་པ་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་བྱུང་ཡོད། ལྷག་པར་དུ་འདི་ལོ་ཚུན་དུ། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་གྱི་ཤུགས་རྐྱེན་དང་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་གི་རྡབ་རྡེག་ཁྱད་བསད་ནུས་ལྡན་བྱེད་པ་བཅས་ལ་བརྟེན་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ནང་རང་རྒྱལ་གྱི་སྔོན་ལ་དཔལ་འབྱོར་འཕར་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འགོའི་ནང་དེའི་ཐད་སླར་ཡང་བླང་བྱ་ཁ་གསལ་བཏོན་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11ལ་ཁྱབ་པ་དང་། རང་རྒྱལ་གྱི་ཤར་དབུས་ནུབ་གསུམ་གྱི་ཁུལ་ཆེན་གསུམ་སྒྲོལ་ཞིང་། མི་འབོར་གཞི་ཁྱོན་དང་དཔལ་འབྱོར་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི“ཕྱེད་ཀ་ཙམ”བཟུང་ཡོད། སྣོད་བཅུད་གནས་བབ་མངོན་གསལ་དོད་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པ་འདིང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།
         ཞི་ཅིན་ཕིང་གིས་བསྟན་དོན། སྣོད་བཅུད་ཁོར་ཡུག་མ་ལག་སྲུང་སྐྱོང་ཉམས་གསོར་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་མ་ལག་ཧྲིལ་པོའི་རང་བཞིན་དང་འབབ་རྒྱུད་ཀྱི་མ་ལག་རང་བཞིན་གཞིར་བཟུང་། རྩད་གཅོད་ཕུགས་འདེད་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་ཏེ། ཐག་གཅོད་མཐིལ་ཕྱིན་མི་བྱེད་པའི་རིགས་སྔོན་འགོག་བྱེད་དགོས། གནད་དོན་གྱི་འབྱུང་རྩ་བཙལ་ནས་འབྱུང་རྩ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྣོད་བཅུད་ཁོར་ཡུག་ཉམས་གསོ་དང་སྲུང་སྐྱོང་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་སྣ་ཚོགས་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་སྟོད་སྨད་བར་གསུམ་ས་ཁུལ་གྱི་མཉམ་འགུལ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བྱེད་ཐབས་ཁག་གི་འབྲེལ་མཐུད་རང་བཞིན་དང་ཟུང་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཡོངས་ནས་སྐུལ་འདེད་གཏོང་བར་དོ་སྣང་བྱས་ཏེ་གཙོ་གནད་འགག་སྒྲོལ་བྱེད་པ་དང་དུས་མཚུངས། ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་ལྗིད་ཡང་མི་སྙོམས་པ་དང་། དམག་རྐྱང་ཧོབ་སྐྱོད། གཅིག་བཟུང་གཅིག་ཤོར་བཅས་མི་ཡོང་བ་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐོན་ཁུངས་བེད་སྤྱོད་ལས་ཕྱོད་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་རྒྱུད་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། འབྲི་ཆུའི་སྣོད་བཅུད་ཁོར་ཡུག་ཉམས་གསོ་བྱེད་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་གནས་བབ་ཐོག་འཇོག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་གསར་པ་སྐྲུན་པ། ཆུའི་ཁོར་ཡུག་དང་། ཆུའི་སྣོད་བཅུད། ཆུའི་ཐོན་ཁུངས། ཆུའི་བདེ་འཇགས། ཆུའི་རིག་གནས། ངོགས་རྒྱུད་སོགས་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་གཏུག་དམ་ཟབ་ལ་སྤྱི་འདོམས་བསམ་གཞིག་བྱེད་པ། འབྲི་ཆུའི་སྟོད་སྨད་བར་གསུམ་དང་། གཙང་པོ་དང་ཆུ་བོ་དང་། མཚེའུ་དང་ཆུ་མཛོད། ཆུ་ངོགས་གཡས་གཡོན། ཆུ་གཞུང་དང་ཡན་ལག་ཆུ་བོ་བཅས་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། འབྲི་ཆུའི་སྣོད་བཅུད་ཁོར་ཡུག་དང་ཆུ་ཁོངས་ཀྱི་སྣོད་བཅུད་བྱེད་ནུས་ལེགས་སུ་གཏོང་བ་བཅས་ལ་བརྟེན་ནས། སྣོད་བཅུད་མ་ལག་གི་སྤུས་ཚད་མཐོ་རུ་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་དོ་དམ་ཚོད་འཛིན་དང་བཀག་རྒྱའི་གསལ་ཐོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྣོད་བཅུད་དམར་ཐིག་ནན་པོ་སྲུང་བ། སྣོད་བཅུད་ཉམས་གསོ་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལས་གྲྭ་རྒྱུན་མཐུད་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་འབྲི་ཆུའི་སྣོད་བཅུད་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་གང་མགྱོགས་བཙུགས་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་ལུགས་མཐུན་གྱི་ཕན་པ་ཐོན་པ་དང་། སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་གཏོང་བར་དེ་མཚུངས་ཀྱི་རིན་དོད་འཇལ་དུ་འཇུག་དགོས། འབྲི་ཆུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། གནོད་འཚེ་འགོག་བཅོས། འཕྲལ་སྒྲུབ་རོགས་སྐྱོབ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུ་རགས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཨན་ལན་འབྲི་ཆུ་འཛུགས་སྐྲུན་བྱེད་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ནང་རང་ངོས་འཕེལ་རྒྱས་གཏོང་བའི་ངེས་གནས་ཁ་གསལ་བཟོས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཡོང་བར་ཕན་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་དགོས། དགོས་མཁོའི་སྣེ་ཁྲིད་དང་མཁོ་སྤྲོད་གསར་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་ཏེ། འབྲི་ཆུའི་སྟོད་སྨད་བར་གསུམ་མཐུན་སྦྱོར་མཉམ་འགུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་བཅས་མཉམ་སྐྲུན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྨད་རྒྱུད་ས་ཁུལ་གྱི་མ་དངུལ་དང་། ལག་རྩལ། ངལ་རྩོལ་བཅས་ཀྱི་འདུས་ཆེའི་ཐོན་ལས་དབུས་རྒྱུད་དང་སྟོད་རྒྱུད་ས་ཁུལ་དུ་གོ་རིམ་ལྡན་པའི་སྒོ་ནས་གཞན་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ་བཅས་ལ་བརྟེན་ནས། ཐོན་ལས་འཁོར་འབྲེལ་གྱི་འགག་རྩའི་ལྷུ་ཚིགས་སོར་གནས་ཐུབ་པ་བྱེད་དགོས། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་། ལྟེ་བའི་གྲོང་ཁྱེར་དང་ས་ཁོངས་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྫོང་གྲོང་གཞི་རྟེན་གལ་ཆེན་ལ་བརྩི་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བའི་ནུས་པ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ཤུགས་སྣོན་རྒྱག་དགོས། མི་དམངས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ་དང་། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་བཅས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྟབས་བདེ་མཉམ་སྤྱོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་གྱུར་དང་། སྒོ་དབྱེ། གོ་རིམ་ལྡན་པ་བཅས་ཀྱི་སྐྱེལ་འདྲེན་ཁྲོམ་ར་བསྐྲུན་ནས་སྐྱེལ་འདྲེན་གྲུབ་ཆ་ལེགས་སྒྲིག་བྱེད་ལེགས་སུ་གཏོང་བ་དང་སྐྱེལ་འདྲེན་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བྱེད་དགོས།
         ཞི་ཅིན་ཕིང་གིས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས། མཚོ་རྒྱུད་དང་གཙང་རྒྱུད། མཐའ་རྒྱུད་དང་སྐམ་སའི་དབུས་ཁུལ་སྒོ་དབྱེར་སྤྱི་འདོམས་བྱེད་པ་དང་། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་སྔར་ལས་མང་བ་སྐྱེད་སྲིང་གང་མགྱོགས་བྱེད་པ། མཐའ་རྒྱུད་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་ནང་འདྲེན་དང་ཆུ་ཚད་མཐོ་བའི་སྒོ་ནས་ཕྱིར་སྐྱོད་ཐུབ་པ་བྱེད་པ། ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ཕྱི་དངུལ་བེད་སྤྱོད་གཏོང་དགོས། སྒྲིག་སྲོལ་གྱི་ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བཀོད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་དགོས། སྒོ་དབྱེ་དང་བདེ་འཇགས་ཀྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་ནས་སྒོ་དབྱེའི་བདེ་འཇགས་ཀྱི་དྲ་རྒྱ་བརྟན་པོ་སྐྲུན་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་སོའི་ངེས་གནས་གནད་འཁེལ་བཙལ་ཏེ། རང་འགུལ་གྱིས་གོ་ལ་ཧྲིལ་པོར་ཁྲོམ་ར་འབྱེད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་རྐང་རྟེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ། མ་འཇོག་དང་ཚོང་དོན་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་དུ་མགྱོགས་མྱུར་མངོན་འགྱུར་བྱེད་དགོས། གསར་གཏོད་ཕོད་པར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་ལ་དམིགས་པ། མཐུན་སྦྱོར་མཉམ་འགུལ་གྱི་སྤྱི་ཡོངས་ཀྱི་ལེགས་ཆ་འདོན་པ་བཅས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་གསར་པ་ཁྱོན་ཡོངས་ནས་གཏོད་དགོས། ཐོན་སློབ་ཀྱི་ཞིབ་གསུམ་འབྲེལ་མཐུད་ནུས་ལྡན་དང་ས་ཁོངས་སྒྲོལ་བའི་ཤུགས་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་། གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་ཁག་གཅིག་གང་མགྱོགས་བཀོད་སྒྲིག་བྱེད་པ། འགག་རྩ་དང་ལྟེ་བའི་ལག་རྩལ་ཁག་གཅིག་གང་མགྱོགས་འགག་སྒྲོལ་བྱེད་པ་བཅས་ལ་བརྟེན་ནས། འགག་རྩའི་ལྷུ་ཚིགས་དང་། འགག་རྩའི་ཁྱབ་ཁོངས། འགག་རྩའི་ཐོན་རྫས་བཅས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལྟེ་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཐོག་མའི་གསར་གཏོད་འཇོན་ཐང་ཆེ་རུ་གཏོང་བ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གཏོད་པ་དང་། རང་རྟེན་ཚོད་འཛིན་ཐུབ་པ་དང་བདེ་འཇགས་དང་ལས་ཕྱོད་ཆེ་བ་དང་འབྲེལ། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་དགོས། རིགས་ཁག་གི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་བྱེད་པར་ཚོད་འཛིན་བཟོ་བའི་ལམ་ལུགས་ཀྱི་བཀག་རྒྱ་མེད་པར་བཟོས་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས།
         ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་དགོས། འབྲི་ཆུས་ཁྲུང་ཆིང་དང་སི་ཁྲོན་ནས་འབྲི་ཆུའི་ལྷོ་རྒྱུད་ས་ཕྱོགས་བར་གྱི་ལོ་ངོ་སྟོང་གི་རིག་གནས་ཀྱི་འབྱུང་རྩ་བསྐྲུན་པ་དང་། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་རང་བཞིན་གྱི་མཚོན་བྱེད་ཅིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་འཁྱོངས་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་རེད། འབྲི་ཆུའི་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་བྱས་ཏེ། ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། འབྲི་ཆུའི་རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་འབྲི་ཆུའི་རིག་གནས་ཀྱི་ནང་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ལོ་རྒྱུས་རིག་གནས་དང་རི་ཆུའི་རིག་གནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ། “སྒྱུར་བཀོད་ཆུང་གྲས”ཀྱི“ཕར་ཆིན་རྒྱག་པའི་སྙིང་རུས”དེ་བས་མང་བ་སྤྱད་དེ་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་ཉམས་གསོ་བྱེད་དགོས།
         ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་དང་ལྷག་པར་དུ་ཏང་སྲིད་འགོ་ཁྲིད་པ་གཙོ་བོས་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། འགན་འཁྲི་འཁུར་ཕོད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་བཅས་ཀྱི་སྒོ་ནས། ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་དང་ཕན་འབྲས་ཐོན་པར་བྱེད་དགོས། མིག་སྔར་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གླེང་མང་བ་དང་། དཀའ་གནད་ཆེ་བ། དགོས་མཁོ་ཆེ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་འཇུག་གཏིང་ཟབ་དང་། གནས་ཚུལ་ངོ་མ་གསལ་རྟོགས། གནད་དོན་གྱི་འགག་རྩ་འཕྱུགས་མེད་འཚོལ་བ། ཁ་གཏད་འཇལ་ཐབས་འདོན་པ་བཅས་བྱེད་དགོས། ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་ཧུར་ཐག་ཞུགས་ནས། མི་རྒྱུ་དངོས་གསུམ་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལོ་རྒྱུས་ཀྱི་ངང་རྒྱུད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འཆར་གཞི་གཅིག་མཐར་ཕྱིན་འགོད་པ་དང་། གཅིག་རྗེས་གཉིས་མཐུད་ངང་ལས་དོན་བསྒྲུབས་ཏེ་དྭངས་གཙང་འབྲི་ཆུས་མི་རབས་རྗེས་མ་གསོ་ཐུབ་པ་དང་མི་དམངས་ལ་ཕན་པ་འདོགས་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།