དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2020-11-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་11ཚེས་24ཉིན། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།
        ཟླ་11ཚེས་24ཉིན། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མིར་གཟི་བརྗིད་མཚན་སྙན་ལག་ཁྱེར་གནང་བ།
        ཚེས་24ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།
        ཞི་ཅིན་ཕིང་གིས་གཟི་བརྗིད་ནི་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ཀྱང་ངལ་རྩོལ་པར་དབང་བ་ཡིན། སྤྱི་ཚོགས་རིང་ལུགས་ནི་བྱས་ནས་བྱུང་བ་ཞིག་རེད། དུས་རབས་གསར་པ་ནི་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད། ངལ་རྩོལ་དཔེ་བཟང་བ་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་། མི་དམངས་ཀྱི་མིག་དཔེ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་པ་ཅན་བཅས་ཡིན། རང་རྒྱལ་ནི་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཅིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་མཛད་ཕྱོགས་མཐའ་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གནས་བབ་གལ་ཆེན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པས་ནུས་པ་གལ་ཆེན་འདོན་རྒྱུར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བཅས་བྱེད་ཀྱི་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དམ་པོར་བརྟེན་དགོས། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གསར་གཏོད་ལ་བརྩོན་པ་དང་འབད་འཐབ་བྱེད་ཕོད་པ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་རབས་ཀྱི་འོད་སྟོང་གསར་པ་གཏོད་པ་དང་། ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཕེབས་པ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།
        སྔ་དྲོའི་ཆུ་ཚོད་10པར། ཚོགས་ཆེན་འགོ་ཚུགས་པ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
        ཝང་ཧུའུ་ཉིང་གིས། 《རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་ཞིང་། གཏན་འབེབས་ནང་། སྤྱི་ལོ་2015ལོ་ཚུན། ལས་རིགས་ཁག་ལ་གནས་གཅེས་ལས་བརྩོན་དང་། བློ་རྩ་བརྟན་པོས་གསར་གཏོད། འགན་འཁྲི་འཁུར་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཐོན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་1689ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་དང་། མི་804ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སྤྲོད་ཀྱི་ཡིན་ཞེས་བསྟན་ཡོད་པ་རེད།
        དགའ་སྤྲོའི་རོལ་དབྱངས་ཁྲོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་འཐུས་མི་གོ་རིམ་ལྡན་པའི་ངང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཏུ་བསྐྱོད་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཁོང་ཚོར་གཟི་བརྗིད་ལག་ཁྱེར་གནང་བ་རེད།
        ཀྲུང་གོ་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཧྲེན་ཡང་ལི་མིང་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཚད་ཡོད་འགན་འཁྲི་ཀུང་སིའི་མཐོ་རིམ་ལག་རྩལ་བ་ཧུང་ཅ་ཀོང་གིས། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་ཚབ་ཞུས་ཏེ་གྲོས་འདོན་ཡི་གེ་སྒྲོག་སྦྱངས་བྱས་ནས། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་སྣེ་ཁྲིད་པ་དང་། བྱས་རྗེས་གསར་པ་འཇོག་པ་དང་རླབས་ཆེན་བྱ་གཞག་གཏོད་པའི་གཙོ་ཤུགས་དམག འཇོན་ཐང་ཆེ་བའི་འབད་འཐབ་པ། མཐུན་སྒྲིལ་ལ་སྣང་ཆེན་གྱིས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་བཅས་ལ་བརྩོན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
        ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། དུས་ཡུན་རིང་པོའི་ནང་། ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་མེས་རྒྱལ་དང་མཉམ་དུ་འཚར་ལོངས་དང་དུས་རབས་དང་མཉམ་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། “ང་ཚོ་བཟོ་པར་སྟོབས་ཤུགས་ཡོད”པའི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བས། འཐབ་ཕྱོགས་ཁག་ལ་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་གྲངས་མེད་ཐོན་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་ཚུན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་འཕེལ་རིམ་ནང་དཀའ་སྤྱད་འབད་འཐབ་དང་། རྩེ་གྲ་བརྩོན་ལེན། ཡང་རྩེར་འཛེག་ཕོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་ཆེད་གཙོ་ཤུགས་དམག་གི་ནུས་པ་བཏོན་པ་དང་། བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་། ཤེས་ཡོན་ནི་བླ་ན་མེད་པ། ཤེས་ལྡན་མི་སྣ་རྩ་ཆེར་འཛིན་པ། རླབས་ཆེན་གསར་གཏོད་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བཏོད་དེ“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གཟི་བརྗིད”ཀྱི་ལེའུ་གསར་པ་བརྩམས་ཡོད།
        ཞི་ཅིན་ཕིང་གིས། བྱང་ཚད་མཐོ་བའི་ངལ་རྩོལ་དཔུང་ཁག་ཆེན་པོ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ངལ་རྩོལ་པའི་བྱང་ཚད་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་ཆ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སློབ་སྦྱོང་བྱེད་མཁས་པ་དང་བསམ་བློ་གཏོང་བར་དགའ་བའི་གོམས་གཤིས་འཇགས་པར་བྱས་ནས། སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་བྱས་ནས་གོ་ཆོད་པ་བཅས་ཡོང་བར་བྱེད་དགོས། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པ་དང་། སློབ་བརྩོན་སྦྱོང་བརྡར་དང་། ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལག་རྩལ་བཟོ་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག དཔྱད་ཞིབ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་རྩལ་ནུས་བྱང་ཆུབ་པའི་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གསར་གཏོད་ཀྱི་བསམ་གཞིག་འཕེལ་བར་བྱས་ཏེ། བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་བློ་སྟོབས་དང་། སྔོན་དུ་བྱེད་ཕོད་པའི་ངར་ཤུགས། ཡར་ངོའི་ཟླ་ལྟར་འཕེལ་བའི་སྐྱེ་སྟོབས་བཅས་མངོན་པར་བྱེད་དགོས། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ཕུགས་བསམ་ཡོད་པ་དང་། དད་སེམས་སྲུང་བ། ལག་རྩལ་ཤེས་པ། གསར་གཏོད་མཁས་པ། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་ལ་སྣང་ཆེན་བཅས་ཀྱི་རྒྱ་ཆེ་བའི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཏིང་ཞུའེ་ཤང་དང་། ཀྲང་ཡིའུ་ཞ། ཁྲེན་ཤིས། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཡིའུ་ཆོན། ཀྲང་ཁྲུན་ཤིན། ཝང་ཏུང་མིང་། ཤའོ་ཅེ། ཀྲང་ཆིང་ལི་བཅས་ཚོགས་ཆེན་ལ་ཕེབས་ཡོད་པ་རེད།
        ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི། 2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།