ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྲེ་ཅང་ཝུའུ་ཀྲེན་དུ་བདེ་བླག་ངང་མཇུག་བསྒྲིལ་བ།

སྤེལ་དུས 2020-11-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་རིང་གི་འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྱི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀྲེ་ཅང་ཝུའུ་ཀྲེན་དུ་དངོས་སུ་མཇུག་བསྒྲིལ་བ་རེད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད3པར་འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད། 

འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
           སྐབས་འདིའི་གླེང་སྟེགས་ཀྱི་སྐབས་སུ། ཚོགས་ཞུགས་སྐུ་མགྲོན་ཚོས“གྲངས་འཛིན་ནུས་པ་ལ་བརྟེན་ནས་མཉམ་དུ་འབྱུང་འགྱུར་གཏོད་པ་སྟེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། གོ་ལ་ཧྲིལ་པོའི་མཉམ་འབྲེལ་དྲ་རྒྱའི་བར་མཐོངས་འཕེལ་རྒྱས་ཀྱི་གླེང་གཞི་གསར་པ་དང་འཕེལ་ཕྱོགས་གསར་པའི་སྐོར་ནས་བསམ་བློ་བརྗེ་རེས་བྱས་པ་དང་། རྒྱལ་སྤྱིའི་སྟེང་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་ཅིང་། དྲ་རྒྱའི་བར་མཐོངས་སྒོ་འབྱེད་མཉམ་ལས་ཀྱི་ཐབས་ལམ་གསར་པར་མཉམ་དུ་གྲོས་མོལ་བྱས་པ་རེད།

འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྱི་ཡུལ་དངོས།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ཀྱིས“གྲངས་འཛིན་ནུས་པ་ལ་བརྟེན་ནས་མཉམ་དུ་འབྱུང་འགྱུར་གཏོད་པ་སྟེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་པ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ། མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཉམས་མྱོང་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བློ་གྲོས་བཅས་མངོན་པར་མཚོན་པ་དང་། རང་རྒྱལ་གྱིས་མཉམ་འབྲེལ་དྲ་རྒྱའི་བར་མཐོངས་ཀྱི་གཅིག་མཐུན་ཚོགས་པ་ཧུར་ཐག་སྒོས་བསྐྲུན་པའི་འགན་འཁྲིའི་འདུ་ཤེས་མཚོན་ཡོད། གླེང་སྟེགས་དེ“དྲ་ཐོག+དྲ་ཕྱི”ཡི་རྣམ་པའི་ཐོག་ནས་སྤེལ་བ་དང་། རྒྱལ་ཁབ་དང་ས་ཁུལ20ལྷག་ཙམ་ནས་ཡོང་བའི་འཐུས་མི500ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།