ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི62ཅན་གྱི་གནམ་གྲུ་ལྷུང་ཡུལ་ནས་མི་ཁག་ཅིག་གི་བེམ་པོ་རྙེད་པ།

སྤེལ་དུས 2021-01-13 ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་ཧིན་རྡུ་ཉི་ཞི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཆག་སྒོ་བྱུང་བའི་གནམ་གྲུ་ལྷུང་ཡུལ་ནས་རྐྱེན་ལམ་དུ་ཤོར་བའི་མི་ཁག་ཅིག་གི་བེམ་པོ་རྙེད་འདུག 
          གནས་ཚུལ་སྤེལ་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་བརྟག་དཔྱད་མི་སྣས་ཚེས10ཉིན་ཁོང་ཚོས་རྒྱལ་ས་ཡ་ཅ་ཏའི་མཚོ་འགྲམ་ནས་མི་ཁག་ཅིག་གི་བེམ་པོ་རྙེད་བྱུང་ཞེས་བཤད། 

          ས་གནས་དེ་གའི་དུས་ཚོད་ཟླ1པའི་ཚེས10ཉིན་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏའི་Tanjung Priokགྲུ་ཁ་ནས་རོགས་སྐྱོབ་མི་སྣས་འཚོལ་བཤེར་ལ་གྲ་སྒྲིག་བྱེད་པ།
          ཡ་ཅ་ཏའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བརྗོད་དོན། ས་གནས་དེ་གའི་དུས་ཚོད་ཚེས10ཉིན་གྱི་སྔ་དྲོའི་བར་དུ་ཁོང་ཚོས་ཁུག་མ་གཉིས་རྙེད་ཡོད་དེ། ཁུག་མ་གཅིག་གི་ནང་དུ་འགྲུལ་བའི་རྡོག་ཁྲེས་བཅུག་ཡོད་ལ། ཁུག་མ་གཞན་པ་དེའི་ནང་དུ་མི་ཁ་ཤས་ཀྱི་བེམ་པོ་བཅུག་ཡོད་ཅེས་བཤད།  
          ས་གནས་དེ་གའི་དུས་ཚོད་ཚེས9ཉིན་ཧིན་རྡུ་ཉི་ཞི་ཡའི་སན་ཕུའུ་ཆི་མཁའ་འགྲུལ་ཀུང་སིའི་ SJ182ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་པོ་དབྱིན737-500རྟགས་ཅན་རྒྱལ་ས་ཡ་ཅ་ཏ་ནས་འཕུར་རྗེས་ཡུན་རིང་མ་སོང་བར་འབྲེལ་བ་ཆད་ནས་ཡ་ཅ་ཏའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ལྷུང་བ་རེད། ལེ་ཏའི་འཚོལ་བཤེར་ལས་མངོན་པ་ལྟར་ན་གནམ་གྲུ་དེ་འབྲེལ་བ་ཆད་པའི་སྐར་མ་གཅིག་གི་སྔོན་ལ་མགྱོགས་མྱུར་ངང་དབྱིན་ཁྲུ་ཁྲི་གཅིག་མར་བབས་ཡོད་པ་རེད།  
          མིག་སྔར་ཧིན་རྡུ་ཉི་ཞི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་གནས་ས་གཏན་འཁེལ་བྱས་ཟིན་ལ། ད་ལྟ་འཚོལ་བཤེར་དང་མྱུར་སྐྱོབ་བྱེད་བཞིན་ཡོད་ཅེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།