དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱ་ཡིག་རྒྱལ་སྤྱིའི་སྒྲིག་འཛུཊ་དེའི་གཞུང་ཕྱོཊ་སྐད་བརྡར་གྱུར་འདུག

སྤེལ་དུས 2021-02-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་(དབྱིན་ཡིག་གི་བསྡུས་མིང་UNWTO)དང་སི་ཕེན་སྲིད་གཞུང་གིས་དངོས་སུ་བརྡ་ཁྱབ་བཏང་དོན། 2021ལོའི་ཟླ་1པོའི་ཚེས་25ཉིན་ནས་བཟུང་། རྒྱ་ཡིག་དངོས་སུ་UNWTOཡི་གཞུང་ཕྱོགས་སྐད་བརྡར་གྱུར་ཡོད། UNWTOཡིས་ཆེད་དུ་དྲུང་ཡིག་ཆེན་མོ་ཙུའུ་ལ་པུ་·པོ་རོ་ལི་ཁ་ཧྲི་ཝེ་ལིའི་འབྲེལ་ཡོད་བརྙན་མཐོང་སྒྲིག་བཟོ་བྱས་ནས་རྟེན་འབྲེལ་ཞུས་ཡོད།
          UNWTOནི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་ཡུལ་སྐོར་སྒྲིག་འཛུགས་ཤིག་ཡིན། ད་ལྟ་ཁོངས་གཏོགས་རྒྱལ་ཁབ་159ཡོད་ཅིང་། སྤྱི་ཁྱབ་ཁང་སི་ཕེན་གྱི་མ་ཏེ་རི་རུ་བཙུགས་ཡོད། སི་ཕེན་ནི་སྒྲིག་འཛུགས་ཀྱི་སྤྱི་ཆིངས་བསྡུ་ཉར་བྱེད་ས་ཡིན། ཀྲུང་གོ་ནི་1983ལོར་སྒྲིག་འཛུགས་དེར་ཞུགས་པ་དང་། 2007ལོའི་ཟླ་11པར་UNWTOཡི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་འདུ་སྐབས་17པའི་སྟེང་དུ། ཀྲུང་གོས་རྒྱ་ཡིག་སྒྲིག་འཛུགས་དེའི་གཞུང་ཕྱོགས་སྐད་བརྡར་འཇོག་རྒྱུའི་གྲོས་འགོ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་དང་ལེན་བྱས་པ་མ་ཟད་༼འཛམ་གླིང་ཡུལ་སྐོར་སྒྲིག་འཛུགས་ཀྱི་སྒྲིག་ཡིག༽གི་དོན་ཚན་སུམ་བཅུ་སོ་བརྒྱད་པའི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་སྟེ། “སྒྲིག་འཛུགས་དེའི་གཞུང་ཕྱོགས་སྐད་བརྡ་ནི་ཨ་རབ་ཡི་གེ་དང་རྒྱ་ཡིག དབྱིན་ཡིག ཧྥ་ཡིག ཨུ་ཡིག སི་ཕེན་ཡི་གེ་བཅས་ཡིན”ཞེས་པའོ། UNWTOཡི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་། བཟོ་བཅོས་འཆར་ཟིན་ལ་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་རྗེས། ད་དུང་ཁོངས་གཏོགས་རྒྱལ་ཁབ་སུམ་ཆ་གཉིས་ཡན་གྱིས་ཆོག་མཆན་སྤྲོད་པའི་འགྲོ་ལུགས་གཉེར་རྗེས་ད་གཟོད་ནུས་པ་ཐོན་གྱི་ཡོད། 2007ལོར་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་པ་ནས་བཟུང་། ཁོངས་གཏོགས་རྒྱལ་ཁབ་ཁག་གིས་ཆོག་མཆན་སྤྲོད་པའི་འགྲོ་ལུགས་གཉེར་རྒྱུར་སྐུལ་འདེད་གཏོང་ཆེད་དང་རྒྱ་ཡིག་སྔ་ཙམ་UNWTOཡི་གཞུང་ཕྱོགས་སྐད་བརྡར་འགྱུར་དུ་འཇུག་ཆེད། ཀྲུང་གོ་ཕྱོགས་ཀྱིས་UNWTOདང་མཉམ་འབྲེལ་ཐོག་ལས་དོན་འབོར་ཆེན་བསྒྲུབས་ཡོད། 2021ལོའི་ཟླ་1པོར་བཟོ་བཅོས་འཆར་ཟིན་ལ་ཆོག་མཆན་སྤྲོད་མཁན་རྒྱལ་ཁབ་106ཟིན་ཏེ་ཁྲིམས་གཏན་འཁེལ་བའི་ཁ་གྲངས་དང་མཐུན་པར་གྱུར་བས། བཟོ་བཅོས་འཆར་ཟིན་ལ་དངོས་སུ་ནུས་པ་ཐོན་ཡོད།

          སྐད་བརྡ་ནི་མིའི་རིགས་ཀྱི་ལྟ་བ་དང་བསམ་བློ་མཚོན་བྱེད་ཀྱི་ལག་ཆ་དང་རིག་གནས་ཀྱི་གལ་ཆེའི་ཐེག་བྱེད་ཡིན། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་མུ་མཐུད་ཇེ་ཆེར་གྱུར་བ་དང་བསྟུན་ནས། རྒྱ་ཡིག་གི་རྒྱལ་སྤྱིའི་ཤུགས་རྐྱེན་མུ་མཐུད་ཆེ་རུ་ཕྱིན་པ་དང་། རྒྱ་ཡིག་ལ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་ཁས་ལེན་སྔར་བས་ཆེ་བ་ཐོབ་ཡོད། རྒྱ་ཡིག་UNWTOཡི་གཞུང་ཕྱོགས་སྐད་བརྡར་གྱུར་བས། UNWTOདེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་ལས་ཁུངས་ཤིག་ཡིན་པའི་ཆ་ནས་དེའི་ཆ་ཚང་རང་བཞིན་དང་དབང་གྲགས་རང་བཞིན་མཐོར་འདེགས་བྱུང་བ་དང་། རྒྱ་ཡིག་གི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་བེད་སྤྱོད་ཐོབ་ཐང་དང་བེད་སྤྱོད་བསྡུར་ཚད་མཐོ་རུ་ཕྱིན་ཡོད་ལ། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུ་དང་ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མཉམ་མྱོང་དང་གོ་སྐབས་མཉམ་སྤྱོད་སྔར་ལས་ཡག་པ་བྱ་རྒྱུར་ཕན་ཐོགས་ཡོད་ཅིང་། རྒྱལ་ཁབ་ཀྱི་རིག་གནས་སྟོབས་ཤུགས་མཐོར་འདེགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་ལ་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དགེ་མཚན་ཆེ་བའི་ལེགས་སྐྱེས་འབུལ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།