ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དངུལ་གྱི་དཔང་རྟགས་འདི་ལ་ལོ་རྒྱུས་ལྡན་པའི་རྒྱུ་མཚན་ཅི་ཡིན་ནམ།

སྤེལ་དུས 2021-02-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
 
 ཝུའུ་ཧན་གཉིས་བདུན་དྲན་གསོ་ཁང་དུ།
  དངུལ་གྱི་དཔང་རྟགས་ཤིག་རས་སྒམ་དམར་པོའི་ནང་དུ་བཞག་ཡོད། 
  དཔང་རྟགས་དེའི་བདག་པོ་ནི།
  སྔོན་ཆད་ལས་མཚམས་ཆེན་པོ་འཇོག་པར་ཞུགས་མྱོང་བའི་གཙང་འགྲམ་ལྕགས་ལམ་གྱི་བཟོ་པ་ཞིག་རེད།
  1923ལོའི་ཟླ2པའི་ཚེས4ཉིན།
  པེ་ཅིང་དང་ཝུའུ་ཧན་ལྕགས་ལམ་གྱི་བཟོ་པ་ཁྲི་མ་འབུམ་གྱིས་དུས་གཅིག་ཏུ་ལས་མཚམས་བཞག་པ་དང་།
  སྤྱི་ལེ1200ལྷག་གི་ལྕགས་ལམ་དེ་སྐད་ཅིག་ཉིད་ལ་ལས་མཁན་མེད་པར་གྱུར། 
  པེ་ཅིང་དང་ཝུའུ་ཧན་ལྕགས་ལམ་སྤྱིའི་བཟོ་ཚོགས་ཀྱིས་ཕྱི་ཕྱོགས་ལ་བསྒྲགས་གཏམ་སྤེལ་བ་མ་ཟད།
  བཟོ་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཆ་རྐྱེན་ལྔ་བཏོན་ཡོད།
  ལས་མཚམས་ཆེན་པོ་བཞག་པས་བཙན་རྒྱལ་རིང་ལུགས་དང་།
  ལོག་སྤྱོད་དམག་ཤེད་ཅན་རྣམས་དངངས་སྐྲག་སྐྱེས་སུ་བཅུག
  དེ་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཧ་ལས་དགོས་པའི་
  གཉིས་བདུན་དམར་གསོད་དོན་རྐྱེན་བྱུང་བ་རེད།

  དཔང་རྟགས་ཆུང་ཆུང་དེས།
  བཟོ་བ་སྤུན་ཟླ་ཚོས།
  དབང་ཆ་དང་རང་དབང་། ཚེ་སྲོག་དང་ལ་རྒྱའི་ཆེད་དུ།
  འཐབ་རྩོད་བྱས་པའི་ཁྲག་དང་མིག་ཆུའི་ལོ་རྒྱུས་བདེན་དཔང་བྱས་ཡོད།
  ཐེངས་འདིའི་ལས་མཚམས་ཆེན་པོ་བཞག་པ་དེ་ནི།
  ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི།
  བཟོ་པའི་ལས་འགུལ་གྱི་མཐོ་རླབས་དང་པོའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ།
  དེའི་ཐོག་ནས་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་སྟོབས་ཤུགས་མངོན་པ་དང་།
  མི་དམངས་མང་ཚོགས་ཁྲོད་དུ་ཏང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པས།
  དེ་རྗེས་ཀྱི“གཉིས་བདུན་སྙིང་སྟོབས”ཆགས་ཤིང་། 
  ཏང་གི་རྩ་ཆེ་བའི་ལོ་རྒྱུས་ཀྱི་རྒྱུ་ནོར་ཞིག་ཏུ་གྱུར།
རྩོམ་སྒྲིག་པ། བདེ་སྒྲོལ།